ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གོའི་ལག་རྩལ་གྱིས་ཨེ་ཅིབ་ཏུ“ཉི་ནུས་གྲོང་ཚོ”སྐྲུན་པར་རམ་འདེགས་བྱས་པ།

སྤེལ་དུས 2019-07-09 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
             ཨེ་ཅིབ་ལྷོ་ཕྱོགས་ཀྱི་ཨ་སི་ཝང་ཞིང་ཆེན་དུ་ལོ་འཁོར་མོར་ཉི་འོད་འཕྲོ་ཚད་ཆུ་ཚོད་3000ལྷག་ཙམ་ཟིན་གྱི་ཡོད། ད་ཆ་རབ་ཏུ་འཕྲོ་བའི་ཉི་འོད་ཀྱིས་ཨེ་ཅིབ་ཀྱི་ནུས་རྒྱུའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྦྱིན་ཡོད། རྒྱལ་ཁབ་དེའི“ཉི་ནུས་གྲོང་ཚོ”ཐོག་མ་དེའི་ས་བཟུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་37ཟིན་པའི་པེན་པན་འོད་ཤུགས་ཐོན་ལས་གླིང་ཨ་སི་ཝང་བྱེ་ཐང་ཐོག་བསྐྲུན་པ་དང་། ཀྲུང་གོའི་ཁེ་ལས་དང་ཀྲུང་གོའི་ལག་རྩལ་གྱིས་ཐོན་ལས་གླིང་སྐྲུན་པར་རམ་འདེགས་གལ་ཆེན་བྱས་ཡོད།
             ཨ་སི་ཝང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཨ་སི་ཝང་ནས་རླངས་འཁོར་ལ་བསྡད་དེ་བྱང་ཕྱོགས་སུ་བསྐྱོད་ཚེ་མི་རིང་བར་བྱེ་ཐང་གི་རྒྱུད་དུ་སླེབས་ཀྱི་ཡོད། ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས་ཉི་འོད་རབ་ཏུ་འཕྲོ་བའི་འོག་ཏུ་གྲལ་འགྲིག་ལ་མང་བའི་ཉི་འོད་ནུས་པའི་གློག་ལེབ་བྱེ་ཐང་ཁྲོད་འོད་ཆེམ་ཆེམ་དུ་གནས་ཡོད་པ་དེ་ནི་པེན་པན་འོད་ཤུགས་ཐོན་ལས་གླིང་ཡིན་པ་རེད།
             “ན་ནིང་ཟླ་8པར་རྣམ་གྲངས་དངོས་སུ་ལས་འགོ་བཙུགས་ཤིང་། དེར་ཐོག་མར་སླེབས་སྐབས་བྱེ་མ་མ་གཏོགས་གང་ཡང་མེད”ཀྲེ་ཅང་ཀྲེང་ཐའེ་ནུས་རྒྱུ་གསར་པའི་གསར་སྤེལ་ཚད་ཡོད་ཀུང་སིའི(ཀྲེ་ཅང་ཀྲེང་ཐའེ་ཞེས་བསྡུ་རྒྱུ)པེན་པན་འོད་ཤུགས་རྣམ་གྲངས་ཀྱི་ཡུལ་དངོས་ཀྱི་ཨར་སྐྲུན་ཅིང་ལི་ཀྲང་ལེས་གསར་འགོད་པར། རྣམ་གྲངས་འཛུགས་སྐྲུན་དེ་འདི་ལོའི་ཟླ་5པའི་ཟླ་མཇུག་ཏུ་མཇུག་འགྲིལ་བ་དང་། ཟླ་6པར་ཕྱོགས་ཡོངས་ནས་བེད་སྤྱོད་གཏོང་འགོ་ཚུགས་ཏེ་དེ་སྔའི་བྱེ་ཐང་དེ་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད།
             ཟླ་འདིའི་ཟླ་འགོར། ཨེ་ཅིབ་མ་འཇོག་པུས་ཁྱབ་བསྒྲགས་བྱས་པར། པེན་པན་འོད་ཤུགས་ཐོན་ལས་གླིང་ལོ་འདིའི་ནང་གློག་ཤུགས་ཐེག་ཚད་ཆེན་པོའི་ཐོག་ནས་འཁོར་སྐྱོད་ཐུབ་རྒྱུ་དང་། འདི་ལོ་སྔོན་དཔག་ལྟར་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་2000ཙམ་ཟིན་ཏེ་འཛམ་གླིང་ཐོག་གི་འོད་ཤུགས་ཐོན་ལས་གླིང་ཆེ་ཤོས་ཀྱི་གྲས་ཤིག་ལ་གྱུར་ནས་ཨེ་ཅིབ་ཏུ་2020ལོར་སླེབས་སྐབས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་ཚད་ཀྱིས་གློག་གཏོང་ཚད་བསྡོམས་འབོར་གྱི་20%ཡི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་རོགས་རམ་ཐུབ་རེ་ཡོད། ཀྲེ་ཅང་ཀྲེང་ཐའེ་དང་དམིགས་བསལ་གློག་ལས་ཤིན་ཅང་ནུས་རྒྱུ་གསར་པའི་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྲུང་གོའི་ཁེ་ལས་གཉིས་ཀྱིས་ཀྲའོ་ཝ་165.5དང་ཀྲའོ་ཝ་186ཟིན་པའི་རྣམ་གྲངས་གཉིས་སྐྲུན་འགན་འཁུར་བའི་ནང་ཞུགས་ཡོད།
             “རྣམ་གྲངས་ལྷག་མ་རྣམས་ཕྱི་རྒྱལ་གྱི་ཁེ་ལས་གཞན་དག་གིས་སྐྲུན་འགན་འཁུར་བ་དང་། ཁོང་ཚོས་ཀྲུང་གོའི་ལག་རྩལ་གཅིག་རྗེས་གཉིས་མཐུད་ངང་བེད་སྤྱོད་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། གླིང་ཁུལ་གྱི་སྒྲིག་ཆས་དང་ལྷུ་ལག་50%ཡན་ཀྲུང་གོ་ནས་ནང་འདྲེན་བྱས་པ་ཞིག་རེད”ཅེས་ཀྲེ་ཅང་ཀྲེང་ཐའེ་པེན་པན་འོད་ཤུགས་རྣམ་གྲངས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཀྲུའུ་ཀེ་ཡུན་གྱིས་བཤད།
             མིག་སྔར་ཨར་ལས་ཚོགས་པས་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟའི་མཐའ་མའི་ཛ་དྲག་གི་ལས་ཀ་བྱེད་བཞིན་ཡོད།
             ཀྲུའུ་ཀེ་ཡུན་གྱིས“རྣམ་གྲངས་འཛུགས་སྐྲུན་བྱས་པ་ལས་ས་གནས་དེ་གར་ལས་གནས་འབོར་ཆེན་མཁོ་འདོན་བྱས་ཡོད། མི་མང་བའི་དུས་སུ་ས་གནས་དེར་ཨེ་ཅིབ་ཀྱི་ས་གནས་དེ་རང་གི་ལས་བཟོ་3000ལྷག་ཙམ་ཡོད་པ་དང་། རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་གྱི་ཨེ་ཅིབ་ཀྱི་ལས་བཟོ་མི་ཉུང་བ་ཞིག་ཉེ་འགྲམ་གྱི་གྲོང་སྡེ་ནས་ཡོང་བ་ཡིན་ཞིང་། ཁོང་ཚོ་ཚང་མས་ཀྲུང་གོའི་ཁེ་ལས་སུ་ལས་ཀ་བྱེད་འདོད་ཆེན་པོ་ཡོད་པ་རེད”ཅེས་བཤད།
             ཀྲེ་ཅང་ཀྲེང་ཐའེ་པེན་པན་འོད་ཤུགས་རྣམ་གྲངས་ཨེ་ཅིབ་ཀྱི་ལག་རྩལ་ཆེ་མོ་བ་མུའུ་ཧན་མོ་ཏེས་གསར་འགོད་པར“དེ་གར་ས་གནས་གཞན་ལས་མཐོ་བའི་གླ་ཆ་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་ལས་རིགས་ནང་གི་སྔོན་ཐོན་ལག་་རྩལ་སྦྱངས་ཐུབ་ནས་ཕྱིས་འབྱུང་ལས་རིགས་དོན་གཉེར་བྱ་རྒྱུར་ཉམས་མྱོང་གསོག་ཐུབ་ཀྱི་ཡོད། རྣམ་གྲངས་བསྐྲུན་རྗེས་ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་མི་སྣས་གློག་འདོན་ས་ཚིགས་ཀྱི་ལས་དོན་མི་སྣར་དམར་ཁྲིད་བྱས་ཏེ་རྣམ་གྲངས་བརྟན་ལ་བདེ་བླག་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་རེད”ཅེས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།