ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་སྤེལ་བ།

སྤེལ་དུས 2019-07-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རྒྱལ་པོ། མཚམས་གཅོད། བྱམས་པ་ཚེ་རིང་།
             བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཤུགས་ཆེར་གཏོང་དགོས་ཞེས་འཁོད་པ་ཞིག་སྤེལ་བ།
             ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་7པའི་ཚེས16ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་བཞི་ཡི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ འགོ་བརྗོད་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཤུགས་ཆེར་གཏོང་དགོས་ཞེས་འཁོད་པ་ཞིག་སྤེལ་ཡོད་པ་རེད།
             རྩོམ་ཡིག་ནང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ལ་བླ་ན་མེད་པའི་ཆབ་སྲིད་ཀྱི་ཕུགས་བསམ་དང་། བླ་ན་མེད་པའི་ཆབ་སྲིད་ཀྱི་རེ་སྙེག དྭངས་ཤིང་གཙང་བའི་ཆབ་སྲིད་ཀྱི་སྤྱོད་བཟང་། དམ་ནན་གྱི་ཆབ་སྲིད་ཀྱི་སྒྲིག་ལམ་བཅས་ཡོད། གལ་སྲིད་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་ཐོག་གི་སྔོན་ཐོན་རང་བཞིན་བརླག་པར་གྱུར་ན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གླེང་ཐབས་མེད། འདི་ནི་རང་རེའི་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་བྱེད་པའི་གནས་ལུགས་གནས་ས་དེ་རེད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཇི་སྲིད་བར་གྱི་བརྗོད་གཞི་ཞིག་ཡིན། ཆབ་སྲིད་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བ་བྱེད་པ་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་འབྱུང་ཁམས་བསྐྱེད་བསྲིང་བྱེད་པ། ཆབ་སྲིད་ཀྱི་ཉེན་ཁ་སྔོན་འགོག་བྱེད་པ། ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་མི་འགྱུར་བ་བྱེད་པ། ཆབ་སྲིད་ཀྱི་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ནས། རང་རེའི་ཏང་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་དང་། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ་ཆེད་གལ་ཆེའི་འགན་སྲུང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
             རྩོམ་ཡིག་ནང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་གི་འཛུགས་སྐྱོང་གི་ཁ་ཕྱོགས་དང་ཕན་འབྲས་ཐག་གཅོད་བྱེད་པ་དང་། ཆབ་སྲིད་ཁ་ཕྱོགས་ནི་ཏང་གི་འཚོ་གསོན་གོང་འཕེལ་གྱི་གནད་འགག་ཨང་དང་པོ་དང་། ཏང་གི་མདུན་ལམ་ལས་དབང་དང་བྱ་གཞག་དར་རྒུད་དང་འབྲེལ་བ་ཡོད་པ་ཞིག་ཡིན། ང་ཚོས་བརྟན་སྲུང་བྱེད་པའི་ཆབ་སྲིད་ཁ་ཕྱོགས་ནི། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་བཅས་ཡིན་པ་དང་། དེ་ནི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་བཅས་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་བའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དེ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟང་ཆ་ཆེ་ཤོས་དེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པ་དེ་ཡིན། ཏང་ནི་ཆེས་མཐོའི་ཆབ་སྲིད་འགོ་ཁྲིད་སྟོབས་ཤུགས་ཡིན། ཏང་གི་ཆབ་སྲིད་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་གལ་ཆེ་ཤོས་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། འདི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་འཇོག་དགོས་ཞེས་བསྟན་གནང་ཡོད།
             རྩོམ་ཡིག་ནང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར། དམངས་སེམས་ཞེས་པ་ཆབ་སྲིད་ཆེ་ཤོས་འདིར་དམ་པོར་གཞིགས་ཐོག དམངས་སེམས་ཐོབ་པ་བྱ་རྒྱུ་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད་བྱ་རྒྱུ་དེ་ཤུགས་སྣོན་རྒྱག་གཞི་གལ་ཆེན་ཞིག་ལ་འཛིན་དགོས། མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཤ་ཁྲག་འབྲེལ་བ་རྒྱུན་འཁྱོངས་ཀྱིས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱ་དགོས་ཞེས་བསྟན་ཡོད།
             རྩོམ་ཡིག་ནང་། ཆབ་སྲིད་ཀྱི་གནས་སྟངས་ཡག་པོ་ཞིག་བསྐྲུན་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ལ་བརྩི་དགོས། ཡང་དག་པའི་མི་སྣ་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་འཛུགས་རྒྱུ་དེ་ལས་ཀའི་སྤེལ་ཕྱོགས་སུ་འཛིན་དགོས་པ་དང་། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་དང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་རིག་གནས་བཟང་པོས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་གནས་སྟངས་ཕུན་སུམ་ཚོགས་སུ་གཏོང་དགོས། ནམ་ཡང་ལམ་དུ་ཡོད་པའི་བློ་སྟོབས་དང་སྙིང་རུས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། རང་རེའི་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཀུན་སྤྱོད་ཤེས་པ་དང་ཀུན་སྤྱོད་སྲུང་བ། སྒེར་སེམས་སྤོངས་བ་བཅས་ཀྱིས་སྤྱོད་གཙང་རང་གཅུན་དང་། སྤྱོད་གཙང་གི་ཐོག་ནས་དབང་ཆ་བེད་སྤྱོད་བྱེད་པ། སྤྱོད་གཙང་གི་ཐོག་ནས་ཁྱིམ་ཚང་སྐྱོང་བ་བཅས་ཀྱི་མིག་དཔེ་འདོན་དགོས་ཞེས་བསྟན་ཡོད།
             རྩོམ་ཡིག་ནང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། མཐོ་རིམ་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། གནས་བབ་ཆེན་པོ་ཁོང་དུ་ཆུད་པ་བྱེད་པ། སྤྱི་ཡོངས་གནས་བབ་ཁོང་དུ་ཆུད་པ་བྱེད་པ་བཅས་ཀྱི་ནུས་པ་དང་། ཆབ་སྲིད་ཀྱི་བདེན་རྫུན་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་བརྟན་ཤུགས་རྒྱུན་འཁྱོངས། ཆབ་སྲིད་ཀྱི་གནས་བབ་དམ་འཛིན། ཆབ་སྲིད་ཉེན་ཁ་སྔོན་འགོག་བཅས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་ཐོག་ནས་གནད་དོན་དབྱེ་ཞིབ་དང་། གནད་དོན་ཐག་གཅོད་བྱ་རྒྱུ་མཁས་པོ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།