ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུ་ཀྲ་པིའི་རྒྱལ་རྒྱུད་མུ་ཧན་མུ་ཏེ་དང་གྲོས་མོལ་གནང་བ།

སྤེལ་དུས 2019-07-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              སྤྱི་ཚེས་༢༢ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུ་ཀྲ་པིའི་རྒྱལ་རྒྱུད་མུ་ཧན་མུ་ཏེ་དང་གྲོས་མོལ་གནང་ཡོད།
              ཞི་ཅིན་ཕིང་གིས། ན་ནིང་སྤྱི་ཟླ་༧པར། ང་རང་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ལེགས་གྲུབ་ལྡན་པའི་ངང་རྒྱལ་དོན་འཚམས་འདྲི་ཞུས་ཏེ། ང་ཚོས་ལྷན་དུ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་ལག་གདང་སྦྲེལ་ཏེ་མདུན་སྐྱོད་བྱེད་པའི་ལེའུ་གསར་པ་གཏོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ལོ་གཅིག་རིང་། ཕྱོགས་གཉིས་པོས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཁྱོན་ཡོངས་དང་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ཅེས་གསུངས་ཡོད།
              ཞི་ཅིན་ཕིང་གིས། གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་འདིར་མཉམ་ལས་མཉམ་རྒྱལ་ནི་རྒྱལ་ཁབ་ཁག་གི་མཉམ་གནས་ཀྱི་ཐབས་ལམ་ཡིན་པ་དང་། རང་ཉིད་སྒོ་བཀག་དང་གྲོགས་མེད་ཁེར་རྐྱང་དུ་བསྡད་ཚེ་རང་ངོས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་རྒྱུ་ལས་མེད། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བའི་དམིགས་འབེན་གྱི་ཕུགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། གཉིས་ཕན་མཉམ་རྒྱལ་བཅས་ཡིན་ཞིང་། དེ་ནི་ལོ་བརྒྱའི་ཇུས་ཆེན་ཞིག་ཡིན། ས་ཁོངས་མི་འདྲ་བ་དང་། རིག་གནས་མི་འདྲ་བ། རྒྱལ་ཁབ་ཀྱི་རྣམ་པ་མི་འདྲ་བ་བཅས་བར་འཐབ་ཇུས་མཉམ་ལས་བྱེད་པའི་དཔེ་མཚོན་ལ་གྱུར་ཡོད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༣༥འཁོར་བའི་ལོ་ཡང་ཡིན་པས། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་དམིགས་བསལ་དོན་སྙིང་ལྡན་ཡོད། སྐུ་ཉིད་ནས་ད་ཆ་ཀྲུང་གོར་འཚམས་འདྲི་གནང་བ་དང་། ང་ཚོས་ཐུན་མོང་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་རྒྱུ་ཡིན། དེ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་གལ་ཆེན་གཞན་ཞིག་ཡིན། ང་རང་ནས་སྐུ་ཉིད་དང་མཉམ་དུ་རྙོག་འཛིང་ཆེ་བའི་ཁྲོད་གཏན་ཤུགས་རྒྱུན་འཁྱོངས་དང་། དུས་བབ་ཀྱི་འགྱུར་བའི་ཁྲོད་ཁ་ཕྱོགས་བརྟན་སྲུང་བྱེད་པ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བར་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་བ་བསྐྲུན་རྒྱུ་ཡིན་ཞེས་གསུངས་གནང་བ་རེད།
              ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། འཐབ་ཇུས་ཐད་ཀྱི་འབྲེལ་གཏུག་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དེ་དབུས་ཤར་ས་ཁུལ་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེན་ལ་བརྩི་བ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་བྱ་དོན་ནང་ནུས་པ་སྔར་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། ཕྱོགས་མང་རིང་ལུགས་དང་། གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་གོང་འཕེལ་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྤྱི་ལོ་༢༠༣༠ལོར་སླེབས་དུས་ཕྱོགས་གཉིས་ཉོ་ཚོང་ཨ་སྒོར་དུང་ཕྱུར་༢༠༠༠གི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། ཧ་ལི་ཧྥ་གྲུ་ཁའི་དུས་མཚམས་གཉིས་པའི་དོས་སྒམ་གྲུ་ཁ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཐོན་ནུས་མཉམ་ལས་དཔེ་སྟོན་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ། ནུས་པའི་འབྱུང་ཁུངས་ཁྱབ་ཁོངས་ནང་ཡུན་རིང་དང་། བརྟན་ལྷིང་། ཕྱོགས་ཡོངས་བཅས་ཀྱི་འཐབ་ཇུས་མཉམ་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཤིང་། མི་ཆོས་རིག་གནས་ཀྱི་སྤེལ་རེས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སློབ་གྲྭ་༢༠༠ནང་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཆོས་ལུགས་ཐལ་སྐྱོད་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བའི་འབད་བརྩོན་ལ་ཡང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
              ཞི་ཅིན་ཕིང་གིས། མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དེ་དབུས་ཤར་ཡོངས་དང་ཐ་ན་འཛམ་གླིང་གི་བདེ་འཇགས་དང་གོང་འཕེལ་ཐད་གལ་ཆེ་བའི་དོན་སྙིང་ལྡན་ཡོད་པས། མུ་མཐུད་བདེ་འཇགས་ཁུལ་དུ་འགྱུར་དགོས་པ་ལས་ཟང་ཟིང་གི་འབྱུང་ཁུངས་གསར་པར་མི་འགྱུར་བ་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཆེད་དུ་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་ཁག་ནས་བཟོད་སྒོམ་བྱེད་དགོས་པ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་འགལ་ཟླ་ཐག་གཅོད་བྱེད་པ་དང་གདོང་ཐུག་ཞི་ལྷོད་དུ་འགྲོ་བ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
              མུ་ཧན་མུ་ཏེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་གོང་འཕེལ་གྱི་འོད་སྟོང་ལྡན་པའི་མདུན་ལྗོངས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་གལ་ཆེའི་ནང་གི་གལ་ཆེན་ལ་བརྩི་བ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་བ་གང་འདྲ་བྱུང་རུང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་པ་ཡག་ཤོས་ཡིན། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་གལ་ཆེའི་དོ་ཁུར་བྱེད་པའི་གནད་དོན་ཐད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མུ་མཐུད་ནས་ཀྲུང་གོར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོ་དེས་ས་ཁུལ་གྱི་མཉམ་འབྲེལ་མཉམ་མཐུད་དང་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དེའི་ཁྲོད་ཧུར་ཐག་ཞུགས་པ་མ་ཟད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཕྱོགས་གསུམ་ཁྲོམ་རའི་མཉམ་ལས་བྱ་རྒྱུར་གྲོས་བསྡུར་བྱེད་འདོད་ཡོད། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོར་མ་འཇོག་དང་ནུས་རྒྱུ་མཁོ་འདོན། ཉོ་ཚོང་བཅས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། དངུལ་རྩ་དང་མཁའ་འགྲུལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་ཁྱབ་ཁོངས་ནང་ཀྲུང་གོའི་ཀུང་སི་དང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་འདོད་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ཅིང་། ཀྲུང་གོས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་ཏུང་ཐུའུ་ཚུད་པའི་འཇིགས་སྐུལ་ཐལ་སྐྱོད་སྟོབས་ཤུགས་ལ་རྡུང་རྡེག་བཏང་ནས། ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་པའི་རླབས་ཆེའི་གྲོས་འགོར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་དང་ལྷག་པར་དུ་དབུས་ཤར་མཚོ་ཁུག་ས་ཁུལ་དུ་འགན་འཁུར་བའི་སྲིད་ཇུས་བཟུང་བར་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོས་དབུས་ཤར་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་ཆེད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
              མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཐུན་མོང་ཐོག་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱེད་པའི་མཛད་སྒོར་བདེན་དཔང་གནང་ཡོད།
              མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ཐོག་མུ་ཧན་མུ་ཏེར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།