ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དགུ་པ་གཙོ་སྐྱོང་གནང་བ།

སྤེལ་དུས 2019-07-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱལ་པོ།
               ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ་7པའི་ཚེས24ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དགུ་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་འདུག ཁོང་གིས། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ནི་རང་རེའི་ཏང་གི་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་མཚོན་ཚུལ་གལ་ཆེན་ཞིག་རེད། བསྒྱུར་བཅོས་ཇི་ཙམ་གྱི་ཟབ་སར་སླེབས་ན་དེ་ཙམ་གྱིས་འགན་ནུས་འདོན་སྤེལ་དང་། གོམ་པ་བརྟན་བགྲོད། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱེད་དགོས་པ་དང་། མཚམས་འཇོག་ངལ་གསོའི་སྒྱིད་ལུག་གཏན་ནས་ཡོད་མི་རུང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། བསྒྱུར་བཅོས་ཀྱི་བསམ་བློའི་རང་རྟོག་དང་། ཆབ་སྲིད་ཀྱི་རང་རྟོག བྱ་སྤྱོད་ཀྱི་རང་རྟོག་བཅས་མཐོར་འདེགས་ཀྱིས། དཀའ་ཚེགས་ཀྱི་མདུན་བསུ་བ་དང་། འགག་གཏོར་དཀའ་སེལ་བྱེད་པ། ནུས་ཤུགས་ཆེན་པོས་མི་འདང་བའི་ཆ་གསབ་པ་དང་། ཞན་ཆ་སྟོབས་ཆེར་གཏོང་བ། གསོན་ཤུགས་སྐུལ་སྤེལ་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཁེ་ཕན་མཁྲེགས་གྱུར་གྱི་འབྱུང་རྐྱེན་སེལ་བ་དང་། གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་ལམ་ལུགས་དང་སྒྲིག་གཞིའི་སྐྱོན་ཆ་མེད་པ་བཟོ་དགོས་ཞེས་ནན་སྟོན་གནང་འདུག
               ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
               གྲོས་ཚོགས་ཐོག རྒྱལ་ཁབ་ཚན་རྩལ་མི་ཆོས་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཇུས་གཞི་ཞེས་པ་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་གོང་སྤེལ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་དོ་དམ་བདག་སྐྱོང་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། ལྕགས་རི་རིང་པོ་དང་། མི་བཟོས་ཆུ་བོ་ཆེན་པོ། རྒྱང་སྐྱོད་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་རྒྱུའི་ཇུས་གཞི་ཞེས་པ། རྒྱལ་ཁབ་ས་ཆའི་བར་ཁམས་འཆར་འགོད་ཁྲོད་ཚོད་འཛིན་ས་ཐིགས་གསུམ་གཅིག་གྱུར་ཐོག་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ། དྲ་སྦྲེལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཛུགས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་བསྐྲུན་ཚོད་ལྟའི་ལས་དོན་གྱི་འཆར་འགོད་ཅེས་པ། རྒྱལ་ཁབ་ཀྱི་ཐོན་སློབ་མཉམ་འདྲེས་འཛུགས་སྐྱོང་ཚོད་ལྟའི་ལག་བསྟར་ཇུས་གཞི་ཞེས་པ། ཧྲེན་ཀྲེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ། ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ས་གནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དཔེ་སྟོན་ཁུལ་འཛུགས་བསྐྲུན་གྱི་སྤྱིའི་འཆར་འགོད་ཅེས་པ་བཅས་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད་པ་རེད། 
               གྲོས་ཚོགས་ཐོག ཚན་རྩལ་གྱི་མི་ཆོས་ཀུན་སྤྱོད་ནི་ཚན་རྩལ་བྱེད་སྒོའི་ནང་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རིན་ཐང་རྩ་འཛིན་ཞིག་རེད། རྒྱལ་ཁབ་ཚན་རྩལ་མི་ཆོས་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་འཛུགས་པའི་དམིགས་ཡུལ་ནི་གཅིག་གྱུར་ཚད་ལྡན་དང་མཛུབ་ཁྲིད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཁྱོན་ཡོངས་ལ་ཁྱབ་པ་དང་། ཁྲིད་ཕྱོགས་ཁ་གསལ་བ། ཚད་ལྡན་རིམ་ལྡན། མཐུན་སྦྱོར་གཅིག་གྱུར་བཅས་ཀྱི་ཚན་རྩལ་མི་ཆོས་ཀུན་སྤྱོད་བཅོས་སྐྱོང་མ་ལག་ཅིག་ཆགས་པའི་ཆེད་དུ་ཡིན། ལམ་ལུགས་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅོས་སྐྱོང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། མི་ཆོས་ཀུན་སྤྱོད་ཀྱི་ལྟ་སྡོམ་ཤུགས་ཆེར་གཏོང་བ། བཅའ་ཁྲིམས་སྒྲིལ་སྲོལ་དང་མི་ཆོས་ཀུན་སྤྱོད་ཞིབ་བཤེར་སྒྲིག་སྲོལ་ཞིབ་ཚགས་སུ་གཏོང་བ། ཚན་རིག་ཞིབ་འཇུག་གི་བྱེད་སྒོ་ཁག་ཚད་ལྡན་དུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་འདུག
               གྲོས་ཚོགས་ཐོག ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་གཅིག་གྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ནས། ཞིབ་བཤེར་དབང་སྤྲོད་དང་། སྲིད་འཛིན་ཁྲིམས་བསྟར། ཁྲིམས་འཛིན་སྲུང་སྐྱོབ། ཁྲུན་གཅོད་བར་འདུམ། ལས་རིགས་རང་གཅུན་སོགས་ཀྱི་ལྷུ་ཚིགས་ནས་འགོ་བཙུགས་ཏེ། སྲུང་སྐྱོབ་ལས་དོན་གྱི་སྒྲིག་གཞིར་བསྒྱུར་བཅོས་བྱས་ནས་འཐུས་སྒོ་ཚང་དུ་བཏང་ཐོག བཅའ་ཁྲིམས་དང་། སྲིད་འཛིན། དཔལ་འབྱོར། ལག་རྩལ། སྤྱི་ཚོགས་བཅས་ཀྱི་བཅོས་སྐྱོང་བྱ་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་ནས་སྲུང་སྐྱོབ་ཤུགས་ཆེར་གཏོང་བ་དང་། སྲུང་སྐྱོབ་ཀྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག
               ཀྲུང་ལུགས་དང་ནུབ་ལུགས་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས། ཀྲུང་ལུགས་གསོ་རིག་སྨན་རྫས་དང་ནུབ་ལུགས་གསོ་རིག་སྨན་རྫས་ཕན་ཚུན་ཁ་གསབ་དང་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ནི། རང་རྒྱལ་གྱི་འཕྲོད་བསྟེན་བྱ་གཞག་གི་མངོན་གསལ་དོད་པའི་བཟང་ཆ་ཞིག་ཡིན། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་དང་ཐོན་ལས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་སྒོ་དབྱེ་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ལམ་ལུགས་སྒྲིག་གཞིར་བསྒྱུར་བཅོས་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་གྱིས་ནད་རིགས་བཅོས་པ་དང་སྔོན་འགོག་བྱེད་པའི་ཁྲོད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བཅས་བྱ་དགོས་ཞེས་བསྟན་འདུག
               གྲོས་ཚོགས་ཐོག གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་ནི་གྲོང་གསེབ་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་འགྲོ་བ་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱེད་པའི་གལ་ཆེའི་དངོས་པོའི་རྨང་གཞི་བཅས་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་གཞི་གཅིག་ཅན་གྱི་བདག་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁ་ཕྱོགས་ལ་འཛིན་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁྲོམ་རས་གཉེར་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་གཙོ་གཟུགས་ཁག་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ལ་བདག་སྐྱོང་བྱེད་པའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་པ། ཐོན་དབང་གི་བདག་ཁོངས་ལ་གཞིགས་ནས་བདག་སྐྱོང་གི་འགན་འཁྲི་འཁུར་བ། ཚན་རིག་དང་མཐུན་པའི་ངང་བདག་སྐྱོང་གི་ཚད་གཞི་གཏན་འཁེལ་བྱེད་པ། བདག་སྐྱོང་བྱེད་སྟངས་ལུགས་མཐུན་གྱིས་འདེམས་པ་བཅས་བྱ་དགོས་ཞེས་ནན་སྟོན་གནང་འདུག
               གྲོས་ཚོགས་ཐོག ལྕགས་རི་རིང་པོ་དང་། མི་བཟོས་ཆུ་བོ་ཆེན་པོ། རྒྱང་སྐྱོད་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་རྒྱུ་ནི། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཟམ་མི་ཆད་པའི་ཤུགས་རྐྱེན་ནུས་པ་དང་། གསར་བརྗེའི་རིག་གནས་ཀྱི་སྐུལ་སློང་ནུས་པ་ཆེན་པོ་མངོན་པ་བྱ་རྒྱུའི་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། རྒྱལ་ཁབ་ས་ཆའི་བར་ཁམས་འཆར་འགོད་དང་ཟུང་འབྲེལ་གྱིས། སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་། རྒྱུན་འཛིན་སྔོན་འཇོག་རྒྱུན་འཁྱོངས་ཀྱིས། རིག་དངོས་རང་དང་རིག་དངོས་གནས་སའི་ཁོར་ཡུག་ལ་སྲུང་སྐྱོབ་དང་ལྟ་སྐུལ་བྱས་ནས། ལུགས་དང་མཐུན་པའི་སྒོ་ནས་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁམས་སྲུང་སྐྱོབ་དང་། འོས་ཤིང་འཚམས་པའི་ཐོག་ནས་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་འབྱུང་ཁམས་ཐོན་ལས་གོང་འཕེལ་གཏོང་དགོས་ཞེས་བསྟན་འདུག
               གྲོས་ཚོགས་ཐོག་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཡུན་རིང་གི་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་གསེབ་གསར་སྤེལ་བཅས་ཀྱི་ཚོད་འཛིན་ཐིག་གསུམ་གཅིག་གྱུར་ངང་གསལ་པོ་བཟོ་བ་དང་དོན་འཁྱོལ་བྱེད་པ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་གཞུང་ཁོངས་ས་ཆའི་བར་ཁམས་གསར་སྤེལ་དང་འཚམ་མཐུན་རང་བཞིན་ལ་གདེང་འཇོག་བྱ་རྒྱུས་རྨང་གཞི་བྱེད་པ། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐྱེ་ཁམས་དང་། ཞིང་ལས། གྲོང་ཁྱེར་དང་གྲོང་རྡལ་སོགས་ཀྱི་ནུས་པའི་བར་ཁམས་གཅིག་གྱུར་ངང་བཀོད་སྒྲིག་བྱེད་པ། གཅིག་གྱུར་གྱི་གཞི་རིས་དང་། གཅིག་གྱུར་གྱི་ཚད་གཞི། གཅིག་གྱུར་གྱི་འཆར་འགོད། གཅིག་གྱུར་གྱི་སྟེགས་བུ་བཅས་ཀྱི་བླང་བྱ་གཞིར་བཟུང་། རིགས་དབྱེའི་དོ་དམ་ཚོད་འཛིན་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་བཟོ་དགོས་ཞེས་ནན་སྟོན་གནང་ཡོད།
               གྲོས་ཚོགས་ཐོག་དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དྲ་བའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཛུགས་པ། དྭངས་གཙང་གི་དྲ་བའི་བར་ཁམས་གཏོད་པ་བཅས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། ཆ་ལག་ཚང་མའི་ཇུས་འགོད་དང་། ཕྱོགས་བསྡུས་རང་བཞིན་གྱི་བཅོས་སྐྱོང་། མ་ལག་ཅན་གྱི་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། འགོ་ཁྲིད་དོ་དམ་དང་། དྲང་ནུས་བརྒྱུད་བསྒྲགས། ནང་དོན་ལ་དོ་དམ་ཚོད་འཛིན། སྤྱི་ཚོགས་ཀྱི་རམ་འདེགས། དྲ་བའི་ཁྲིམས་སྐྱོང་། ལག་རྩལ་ལ་བརྟེན་ནས་དྲ་བ་བཅོས་སྒྲིག་སོགས་ཕྱོགས་གང་སར་ཁྱབ་པའི་དྲ་བའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་རིམ་བཞིན་བཙུགས་ཏེ། ཁྱོན་ཡོངས་ནས་དྲ་བའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད། 
               གྲོས་ཚོགས་ཐོག་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་ཚོད་ལྟ་སྤེལ་དགོས་པ་དང་། ལས་འགན་གཙོ་བོ་ནི་པེ་ཅིང་དང་ཧྲང་ཧའེ་སོགས་སྨན་བཅོས་ཐོན་ཁུངས་རུབ་འདུས་ས་ཁུལ་དུ་སྤུས་ལེགས་སྨན་བཅོས་ལས་ཁུངས་འགའ་ཤས་འདེམས་པ་དང་། ཡན་ལག་ལྟེ་གནས་དང་ཡན་ལག་ལས་ཁུངས་འཛུགས་པ། སྨན་པས་གནས་མང་པོར་ལས་གཉེར་བྱེད་པ་སོགས་ཀྱི་སྣ་མང་བྱ་ཐབས་བརྒྱུད། ནད་པ་མང་བ་དང་སྨན་བཅོས་ཐོན་ཁུངས་བལྟོས་བཅས་ཀྱི་ཉམས་ཞན་ཡིན་པའི་ས་ཁུལ་དུ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། མི་ཐབས་ཀྱི་རིག་ནུས་དང་གྲངས་གཞི་ཆེན་པོ་སོགས་ཀྱི་སྔོན་ཐོན་ལག་རྩལ་ཉེར་སྤྱོད་གང་ལེགས་བྱེད་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཚོགས་པ་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྔར་བས་ཡག་པ་སྐོང་དགོས་ཞེས་ནན་སྟོན་གནང་ཡོད།
               གྲོས་ཚོགས་ཐོག་ཐོན་སློབ་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱ་རྒྱུ་ནི་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བ་དང་། ཤེས་ལྡན་མི་སྣས་གོང་འཕེལ་ལ་སྣེ་ཁྲིད་བྱེད་པ། ཐོན་ལས་གསར་སྐྲུན་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་བྱ་ཐབས་ཤིག་ཡིན། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ཚོད་ལྟ་སྔོན་ལ་ལག་བསྟར་བྱེད་པ། གྲོང་ཁྱེར་གྱི་ཐེག་ནུས་དང་། ལས་རིགས་རུབ་འདུས། ཁེ་ལས་ཀྱི་གཙོ་གཟུགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སློབ་གསོའི་ཆོས་ཉིད་དང་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་བྱེད་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་གཅིག་གྱུར་ངང་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་པ། གཅིག་གྱུར་ངང་བཀོད་སྒྲིག་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
               གྲོས་ཚོགས་ཐོག་ཧྲེན་ཀྲེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གིས་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་བའི་འཐབ་ཇུས་དམིགས་ཡུལ་སེམས་ལ་བརྟན་པོ་ངེས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཐོག་མཐའ་གཅིག་ཏུ་བསྐྱོད་པ། སྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་པོས་གོང་འཕེལ་གཏོང་བའི་བླང་བྱ་ལག་ལེན་བསྟར་བ། གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཡོལ་གང་ཨའོ་ཁུག་པ་ཆེན་པོའི་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་དཔེ་སྟོན་ཧུར་ཐག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
               གྲོས་ཚོགས་ཐོག་ཆིང་ཏའོ་རུ་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ས་གནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས། དེའི་དམིགས་ཡུལ་ནི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་གསར་པ་གཏོད་པ་དང་། རྒྱལ་སྤྱིའི་ཟོག་འདྲེན་དང་། དེང་རབས་ཉོ་ཚོང་། ཕྱོགས་གཉིས་མ་འཇོག་མཉམ་ལས། ཚོང་ལས་ཡུལ་སྐོར་དང་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ཆིང་ཏའོ་ཡི་རྒྱུད་གཅིག་ལམ་གཅིག་གི་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་དཔལ་འབྱོར་བར་ཁྱམས་གསར་པ་འཛུགས་སྐྲུན་དང་མཚོ་ཐོག་མཉམ་ལས་ཁྲོད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ། རང་རྒྱལ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་རྒྱལ་ཁབ་བར་གྱི་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། ཤར་ནུབ་ཕྱོགས་གཉིས་རོགས་རེས་དང་སྐམ་མཚོའི་ཕྱི་ནང་མཉམ་འགུལ་གྱི་སྒོ་དབྱེའི་གནས་སྟངས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བསྟན་ཡོད།
               གྲོས་ཚོགས་ཐོག་མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་གསར་པ་བྱེད་པར་གཞིགས་ཏེ་དམིགས་སའི་རང་བཞིན་དང་གསར་གཏོད་རང་བཞིན་སྔར་བས་ཆེ་བའི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་འདོན་དགོས། མིག་གཞི་རིམ་ལ་བལྟ་བ་དང་གཞི་རིམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཞི་རིམ་དུ་གསར་རྩོམ་རང་བཞིན་དང་ཧེ་བག་ཅན་གྱི་སྒྱུར་བཅོས་སྔར་བས་མང་བ་འཚོལ་ཞིབ་བྱ་རྒྱུར་སྐུག་ལྕག་དང་ཁྲིད་སྟོན། རྒྱབ་སྐྱོར་བཅས་བྱེད་དགོས་པ། གཞི་རིམ་དུ་འཚོལ་ཞིབ་དང་གསར་སྐྲུན་བྱས་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་ཡག་པོ་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱ་རྒྱུ་དེ་བྱ་སྤྱོད་ཐོག་དོན་འཁྱོལ་ཡོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། ལས་དོན་ཏན་ཏིག་སྒྲུབ་པ་དང་དཀའ་གནད་སེལ་རྒྱུར་སྐུལ་འདེད་གཏོང་བ། དཀའ་གནད་ཐག་གཅོད་བྱེད་སྐབས་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་མཐར་ཕྱིན་པ་ཡོང་བ་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་འགག་སྒྲོལ་གྱི་དཀའ་ངལ་ཆེ་བ་དང་། ཤུགས་རྐྱེན་ཐེབས་ཤུགས་ཆེ་བ། མང་ཚོགས་བར་གྱི་འབྲེལ་བ་ཟབ་པ་བཅས་ཀྱི་སྒྱུར་བཅོས་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་དགོས། སྒྱུར་བཅོས་གསར་སྐྲུན་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ཁྲོད་ཐོན་པའི་ནོར་འཁྲུལ་བཟོད་བསྲན་བྱེད་པ། ཚད་གཞི་ཆེ་ཤོས་ཐོག་ནས་ལས་བྱེད་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་དགོས། སྒྱུར་བཅོས་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 
               ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།