ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་གིས་དབྱིན་ཇིའི་དབུ་ཞུགས་བློན་ཆེན་གསར་པ་གཡོས་ཧན་ཤུན་ལ་ཞལ་པར་བསྐྱོན་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ།

སྤེལ་དུས 2019-07-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྤེན་པ་རྒྱ་མཚོ།
             རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་7 ཚེས་24ཉིན་པའོ་ལི་སི་གཡོས་ཧན་ཤུན་ལ་ཞལ་པར་བསྐྱོན་ཏེ་ཁོང་དབྱིན་ཇིའི་དབུ་ཞུགས་བློན་ཆེན་ལ་འདམས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
             ལི་ཁེ་ཆང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཉེ་བའི་ལོའི་ནང་། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་གོང་འཕེལ་གྱི་གནས་བབ་སྤྱིའི་ཆ་ནས་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོའི་མཐོ་རིམ་དབར་གྱི་སྤེལ་རེས་མཉམ་ལས་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དབུ་ཞུགས་བློན་ཆེན་ཡོས་ཧན་ཤུན་གྱིས་ལུན་ཏུན་གྱི་གྲོང་སྤྱི་དང་ཕྱི་འབྲེལ་བློན་ཆེན་གནང་རིང་ཧུར་བརྩོན་ཆེན་པོས་ཕྱོགས་གཉིས་པོའི་འབྲེལ་བར་ཤུགས་སྣོན་རྒྱབ་གནང་བར་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
             ལི་ཁེ་ཆང་གིས། ཀྲུང་གོས་དབྱིན་ཇིའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ངས་དབུ་ཞུགས་བློན་ཆེན་གཡོས་ཧན་ཤུན་དང་མཉམ་དུ་འབད་ཐབས་བྱས་ཏེ་ཕན་ཚུན་བརྩི་བཀུར་དང་། དྲ་སྙམ་ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་དབར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་གཟབ་ཏུ་གཏོང་རྒྱུ་དང་། ཁྱབས་ཁོངས་ཁག་གི་དངོས་སྟུན་མཉམ་ལས་ཀྱི་ལམ་བུ་རྒྱ་ཆེར་གཏོད་དེ་ཀྲུང་གོ་དང་དབྱིན་ཇིའི་དབར་གྱི་འབྲེལ་བ་དེ་དུས་འབབ་ཡག་ཤོས་ཀྱི་ཕྱོགས་སུ་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་ཆབ་གཅིག་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་ཏེ་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།