ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་དང་མཇལ་མོལ་གནང་བ།

སྤེལ་དུས 2019-08-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། རྩོམ་པ་པོ། སྐྱིད་པོ།
            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༧ཚེས་༣༡ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུ་ཁེ་དང་མཇལ་མོལ་གནང་ཡོད་པ་རེད།
            མཇལ་མོལ་འགོ་མ་ཚུགས་གོང་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་ལྷོའི་ཕྱི་རོལ་ཐང་ཆེན་དུ་མཛད་སྒོ་གཉེར་གནང་ནས་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏུ་ཁེ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་དམག་དཔུང་རོལ་ཆ་ཚོགས་པས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ། གུས་ལུགས་མེ་སྒྱོགས་༢༡བརྒྱབ་པ། ཏུ་ཁེས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་བཀྲོལ་དམག་ཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ། རྒྱལ་ཁབ་གཉིས་པོའི་གཙོ་བདག་རྣམ་གཉིས་གཟིགས་ཞིབ་སྟེགས་བུའི་ཐོག་ཕྱིར་ལོག་གནང་ནས་ཟབ་སྦྲེང་རུ་ཁག་གི་རུ་བསྟར་ལ་གཟིགས་གནང་ཞིང་དེ་རྗེས་དམག་དཔུང་རོལ་ཆ་རུ་ཁག་གིས་འབུད་གཏོང་རོལ་ཆ་འཁྲབ་སྟོན་བྱས་འདུག
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཡང་ཅེ་ཁྲེ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཡོང་ཆིང་། ཧོ་ལི་ཧྥུང་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད་པ་རེད།
            ཏུ་ཁེར་ཀྲུང་གོར་འཚམས་འདྲི་ཞུ་རོགས་གནང་མཁན་གྲས་སུ་ཕྱི་འབྲེལ་པུའུ་ཀྲང་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེན་མོ་བ། ཉོ་ཚོང་དང་བཟོ་ལས། ཡུལ་སྐོར་པུའུ་ཀྲང་སོགས་ཡོད་པ་རེད། ཏུ་ཁེ་ནི་ཞི་ཅིན་ཕིང་གི་གཞན་ཞུ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་ཡིན་པ་རེད། 
            དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཙུང་ཐུང་ཏུ་ཁེ་དང་མཇལ་མོལ་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས།ལོ་ངོ་༤༠གོང་དུ།ཁོ་ལོམ་པི་ཡ་སྲིད་གཞུང་གིས་དུས་བབ་དང་བསྟུན་ནས་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་གནང་བ་དང་ཙུང་ཐུང་སྐུ་ཉིད་ཀྱི་ཡབ་ཆེན་ནི་སྐབས་དེ་དུས་སྲིད་གཞུང་གི་ཁོངས་མི་ཡིན་ཞིང་གཏན་འབེབས་དེར་བརྩི་བཀུར་མཐའ་གཅིག་ཏུ་གནང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འགོ་བཙུགས་པའི་དུས་ཚོད་དེར་དཔང་རྟགས་གནང་ཡོད། དུས་སང་ནི་ཀྲུང་གོ་དང་ཁོ་ལོམ་པི་ཡ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་གོའི་ཕྱོགས་ནས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་འགྲོ་འོང་རྒྱ་ཆེར་གཏོང་བ་དང་ཤེས་རྟོགས་ཟབ་ཏུ་གཏོང་བ། ཕན་ཚུལ་བར་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་་གཉིས་པོའི་འབྲེལ་བ་ཐེམ་སྐས་གསར་པ་ཞིག་གི་ཐོག་འཛེགས་རྒྱུར་སྐུལ་འདེད་གཏོང་འདོད་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁོ་ལོམ་པི་ཡས་མཐོ་རིམ་འགྲོ་འོང་ཟབ་དུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་སྤེལ་རེས་བྱེད་པ། ཆབ་སྲིད་ཡིད་ཆེས་ཟབ་གཏོང་། ཕན་ཚུལ་བསམ་ཤེས་ཇེ་ཟབ་ཏུ་གཏོང་བ། ཕན་ཚུལ་རྒྱབ་སྐྱོར་བཅས་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཁོ་ལོམ་པི་ཡ་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཞུགས་ནས་རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་བྱས་པའི་དེང་དུས་རྒྱལ་སྤྱིའི་མ་ལག་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་འཕོ་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཛམ་གླིང་ཅན་ལ་འགྱུར་རྒྱུ་སྔར་བས་སྒོ་དབྱེ་དང་ཁོག་ཡངས། སྤྱི་ཕན། དོ་མཉམ། གཉིས་རྒྱལ་བཅས་ཀྱི་ཁ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ལ་ཏིང་ཨ་མེ་རི་ཁ་དང་ཀ་ལ་པི་རྒྱལ་ཁབ་ལ་གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཆེན་པོ་ལྡན་ཞིང་རྒྱལ་སྤྱིའི་གནས་སྟངས་ཁྲོད་ལྷོད་གཡེངས་བྱེད་མི་རུང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཀྲུང་གོའི་ཕྱོགས་ནས་སྔ་བར་ཕྱི་གསུམ་དུ་ལ་ཏིང་ཨ་མེ་རི་ཁ་གླིང་མི་དམངས་གིས་རང་བདག་སྒོ་ནས་གོང་འཕེལ་འགྲོ་ལམ་བདམ་པའི་ཁེ་དབང་ལ་བརྩི་འཇོག་བྱེད་པ་དང་ལ་ཏིང་ཨ་མེ་རི་ཁ་གླིང་གིས་གཞི་གཅིག་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཝེ་ནི་ཙུས་ལ་སོགས་ས་ཁུལ་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་མཐུན་སྦྱོར་ཡོང་རྒྱུར་བསླབ་བྱ་བྱེད་པ་དང་ཞི་གྲོས་ལ་སྐུལ་འདེད་གཏོང་བའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་འདོད་ཡོད་པ་དང་ཁོ་ལོམ་པི་ཡ་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་འདོད་ཡོད། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁ་གླིང་གི་མཉམ་ལས་དེ་ངོ་བོའི་ཐད་ནས་བཤད་ན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཁྱབ་ཁོངས་སུ་གཏོགས་ཀྱི་ཡོད་པ་དང་ཕན་ཚུལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། མཉམ་ལས་གཉིས་རྒྱལ། སྒོ་དབྱེ་ཁོག་ཡངས་བཅས་ཀྱི་རྩ་དོན་རྦད་དེ་གཞི་འཛིན་སར་བརྩི་གི་ཡོད། ཀྲུང་གོའི་ཕྱོགས་ནས་ལ་ཏིང་ཨ་མེ་རི་ཁ་གླིང་ཕྱོགས་དང་ཀྲུང་ལ་གླེང་སྟེགས་སྒྲིག་གཞི་སྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་་མཉམ་འཛུགས་བྱེད་འདོད་ཡོད་ཅེས་གསུངས་འདུག
            ཏུ་ཁེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་དགའ་བསུ་ཞུ་རྒྱུ་ཡིན། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་གནང་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་གལ་ཆེན་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་ལ་སློབ་སྦྱོང་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་གྲོས་འགོས་འཛམ་གླིང་མཉམ་སྦྲེལ་མཉམ་མཐུད་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད། ཁོ་ལོམ་པི་ཡ་ཕྱོགས་ནས་མཉམ་འཛུགས་ནང་ཧུར་ཐག་ཞུགས་རྒྱུ་དང་རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་པོའི་མ་འོངས་པའི་མཉམ་ལས་ལ་ཁྲིད་སྟོན་སྔར་ལས་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཁོ་ལོམ་པི་ཡ་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ནང་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱེད་པ་མ་ཟད་རེ་བ་ཡང་བྱེད་ཀྱི་ཡོད་ཅིང་ཀྲུང་གོའི་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་འདོད་ཡོད། ཁོ་ལོམ་པི་ཡ་ཕྱོགས་ནས་ལ་ཀྲུང་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་འདུག
            མཇལ་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།