ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་དང་མཇལ་འཛོམས་གནང་བ།

སྤེལ་དུས 2019-08-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། རྩོམ་པ་པོ། རིན་ཆེན་དབང་འདུས།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་༧པའི་ཚེས་༣༡ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུ་ཁེ་དང་མཇལ་འཛོམས་གནང་ཡོད།
              ལི་ཁེ་ཆང་གིས། ཕྱོགས་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཕྱིན་པ་དང་། དངོས་གཉེར་མཉམ་ལས་རྒྱུན་མཐུད་ཤུགས་ཆེར་ཕྱིན་ནས། ཕྱོགས་གཉིས་པོའི་མི་དམངས་ལ་ཕན་པ་རྒྱ་ཁྱབ་ངང་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་རྣམ་གཉིས་ནས་གྲོས་མོལ་གནང་སྟེ། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གོང་འཕེལ་འཆར་འགོད་གནང་ཡོད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་ཁོ་ལོམ་པི་ཡའི་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
              ལི་ཁེ་ཆང་གིས། ཀྲུང་གོའི་ཕྱོགས་ཀྱིས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་བྱེད་སྒོའི་ཁྲོད་ཁྲོམ་རའི་རྩ་དོན་དང་། ཚོང་ལས་སྒྲིག་སྲོལ་ལྟར་གཞུང་དྲང་ཁ་གསལ་གྱི་གཉིས་ཕན་མཉམ་ལས་རྒྱུན་འཁྱོངས་བཅས་བྱ་རྒྱུ་དང་། ཁོ་ལོམ་པི་ཡའི་ཕྱོགས་དང་ཕྱོགས་གཉིས་མ་འཇོག་རྒྱ་སྐྱེད་བཏང་ནས། ཕྱོགས་གཉིས་པོའི་ཁེ་ལས་ཀྱི་མཉམ་ལས་ལ་སྔར་བས་ལེགས་པའི་ཚོང་གཉེར་ཁོར་ཡུག་གཏོད་དེ། རྒྱལ་ཁབ་གཉིས་པོའི་ཉོ་ཚོང་གྲུབ་གཞི་སྔར་བས་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།
              ཏུ་ཁེས། ཁོ་ལོམ་པི་ཡ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་བདེ་བླག་ཡིན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་ཐོབ་ཡོད། ཁོ་ལོམ་པི་ཡའི་ཕྱོགས་ནས་ཀྲུང་གོའི་གོང་འཕེལ་གྲུབ་འབྲས་ལ་ཡིད་སྨོན་བྱེད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ལེགས་པའི་སྒོ་ནས་གོང་འཕེལ་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།