ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་དབྱང་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་རྟག་ཞིབ་མཛུབ་ཁྲིད་གནང་བ།

སྤེལ་དུས 2019-08-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མཚམས་གཅོད།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སྤྱི་ཟླ་7པའི་ཚེས་31ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་རྟག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་ཡོད།
            ཝང་དབྱང་ནས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་ཚན་པར་འཚམས་འདྲི་ཞུས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་སྤེལ་བ་མཁྱེན་རྟོགས་གནང་བ་མ་ཟད། ཞུགས་མོལ་ཚོགས་འདུ་འཚོགས་ནས་ཏང་ཡོན་ལས་བྱེད་པའི་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད། ཝང་དབྱང་གིས་མིག་སྔར་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་ལྗིད་པོ་ཡོད་པ་ནི་སྔར་བྱུང་མ་མྱོང་བ་ཞིག་དང་། འགན་ཟླ་དང་ཉེན་ཁའི་འགྲན་རྩོད་ཀྱང་སྔར་ལས་མང་བ་ཡོད་པ། སྣེ་མང་གི་བསམ་བློ་དང་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་ཚུལ་སྔར་བྱུང་མ་མྱོང་བ་ཞིག་ཡིན། འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་གཅིག་སྡུད་དང་། བློ་རིག་གཅིག་འགྲིལ། སྟོབས་ཤུགས་གཅིག་སྡུད། ཐུན་མོང་ངོས་འཛིན་གཅིག་སྡུད་བཅས་ཀྱི་ལས་དོན་དེ་བས་དཀའ་ཚེགས་ཆེ་བ་ཞིག་ཡིན། བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་ཐོབ་མིན་ལ་ཞིབ་བཤེར་བྱེད་པ་ནི། མཐར་གཏུགས་ན་འགན་འཁྲི་འཁུར་བ་དང་། རང་སོའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ལ་བལྟ་དགོས། འཛེར་འདེབས་སྙིང་སྟོབས་ཐོག་ནས་ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་གོང་འཕེལ་གཏོང་བ། ཚབས་ཆེའི་ཉེན་ཁ་སྔོན་འགོག་དང་སེལ་བའི་ནུས་པ་ཆེ་རུ་གཏོང་དགོས། ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་གསར་སྐྲུན་རང་བཞིན་སྒོ་ནས་ལས་དོན་སྤེལ་བ། འདུ་ཤེས་རིག་ལམ་གསར་སྐྲུན་དང་། བྱ་ཐབས་གསར་སྐྲུན། གཞི་རིམ་ཀྱི་ལས་དོན་གསར་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ། ལས་དོན་དང་ལས་སྐྲུན་ནང་འགན་འཁུར་ཕོད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་ལག་བསྟར་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་ལྗིད་པོ་འཁུར་ཕོད་པ་དང་དཀའ་གནད་ཐག་གཅོད་བྱེད་ཕོད་པ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
            ཡིའུ་ཆོན་ནས་ཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། པ་ཐེར་ཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།