ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལོ་སྟོད་ཀྱི་ཞི་ཅིན་ཕིང་གི་ཕྱི་འབྲེལ་མཛད་འཕྲིན་གྱི་ཕྱིར་དྲན།

སྤེལ་དུས 2019-08-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་སྔ་རྗེས་སུ་ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་ཐེངས་གསུམ་སྤེལ་བ་རེད། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དང་། སྤྱི་ལོ2019ལོའི་ཀྲུང་གོ་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་འགྲེམ་ཚོགས། དེ་བཞིན་ཨ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་བཅས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གནང་ནས། འཛམ་གླིང་ལ་ཆ་ཕྱོགས་མང་པོའི་ཐད་ཀྱི་ཀྲུང་གོའི་ཇུས་གཞི་གསལ་བཤད་ཀྱིས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།
            སྒོ་དབྱེ་ཁོག་ཡངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་དང་རྒྱ་ཁྱབ་ཀྱི་དགའ་བསུ་ཐོབ་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཤིག་ཡིན་པའི་ཆ་ནས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་བ་ཞིག་རེད། སྤྱི་ཟླ4པའི་ཚེས25ཉིན་ནས་27ཉིན་བར། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་པེ་ཅིང་དུ་ལེགས་པར་་གཉེར་བ་དང་། ཕྱི་རྒྱལ་གྱི་འགོ་ཁྲིད་39ཚུད་པའི་རྒྱལ་ཁབ་150དང་རྒྱལ་སྤྱིའི་སྒྲིག་འཛུགས་92ནས་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་6000ལྷག་ཙམ་སྐབས་འདིའི་གླེང་སྟེགས་ལ་ཞུགས་ཡོད་པ་དང་། དེའི་ཐོག་ནས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་སྐུལ་སློང་ནུས་པ་དང་ཤུགས་རྐྱེན་ཆེན་མོ་མངོན་ཡོད། སྐབས་འདིའི་གླེང་སྟེགས་ཀྱི་དགའ་བསུའི་གསོལ་སྟོན་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་ནས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ནས་རོགས་པའི་སྙིང་སྟོབས་དར་སྤེལ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར། བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་བསྐྱོད་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། འཛམ་གླིང་གོང་དུ་འཕེལ་བ་དང་། དུས་རབས་ཡར་རྒྱས་སུ་འགྲོ་བཞིན་ཡོད། བཟོ་ལས་གསར་བརྗེ་གསར་པའི་རླབས་རྒྱུན་ཁྲོད་གོ་སྐབས་དང་འགྲན་རྩོད་ཀྱིས་ཁེངས་ཡོད། དེང་གི་འཛམ་གླིང་འགྲིམ་པ་ནི་རྒྱུག་ཆུའི་ལྡོག་ཕྱོགས་སུ་གྲུ་གཏོང་བ་དང་འདྲ་སྟེ། མདུན་དུ་བསྐྱོད་མ་ཐུབ་ན་ཕྱིར་ལྡོག་རྒྱུ་ལས་མེད། རྒྱལ་ཁབ་ཁག་གི་འགོ་ཁྲིད་ཡིན་པའི་ཆ་ནས། ང་ཚོར་མདུན་དུ་བསྐྱོད་པའི་བདམ་ག་ལས་ཕྱིར་ལྡོག་པའི་རྒྱུ་མཚན་མེད། རླུང་འཚུབ་དྲག་ཆར་གྱི་མདུན་བསུས་ནས་ཕྱིན་ན། མི་དམངས་ཀྱི་མངགས་བཅོལ་ལྕི་མོར་ངོ་གནོང་མི་དགོས་པར་འགྱུར་རྒྱུ་དང་། ང་ཚོའི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་རྒྱུ་རེད། འཛམ་གླིང་གི་ལོ་བརྒྱའི་ནང་འབྱུང་བར་དཀའ་བའི་འགྱུར་ལྡོག་ཆེན་མོའི་མདུན་དུ། ང་ཚོ་ཚང་མ་འོས་འགན་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པར་འགྱུར་བར་སྨོན་ཞེས་གསུངས་ཡོད།
            གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཅིག་སེམས་གཅིག་སྒྲིལ་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལྟར། སྒོ་དབྱེ་དང་། སྦགས་མེད། སྤྱོད་གཙང་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་དམིགས་འབེན་ཧུར་ཐག་གིས་མངོན་གྱུར་ཡོང་བ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་སྤུས་ལེགས་གོང་འཕེལ་གྱི་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། ནང་དོན་གལ་ཆེན་དེ་དག་གྲལ་སྒོར་དབུ་ཚོགས་ཀྱི་མཉམ་འབྲེལ་སྤྱི་བསྒྲགས་ནང་ཆ་ལག་ཆ་ཚང་བཀོད་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་འདུ་ཤེས་རྒྱ་བསྐྱེད་དང་རིམ་སྤོར་ཐུབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་འཛམ་གླིང་ནས་ཀྲུང་གོས་ཆ་ཕྱོགས་ཡོངས་ཀྱི་སྒོ་དབྱེའི་གནས་སྟངས་གྲུབ་པ་བྱ་རྒྱུའི་ཆོད་སེམས་ཚོར་བ་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོས་སྒོ་དབྱེ་རྒྱ་བསྐྱེད་བྱེད་པའི་བྱ་ཐབས་ནི། ཀྲུང་གོའི་བསྒྱུར་བཅོས་གོང་འཕེལ་གྱི་དགོས་མཁོ་དངོས་ལ་གཞིགས་ནས་བྱས་པའི་རང་བདག་གི་བདམ་ག་ཞིག་རེད། དེ་ནི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་ཡོང་རྒྱུར་ཕན་པ་ཡོད་པ་དང་། མི་དམངས་མང་ཚོགས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་སྐོང་རྒྱུར་ཕན་པ་ཡོད་པ། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་ལ་ཕན་པ་ཡོད་པ་ཞིག་རེད། ང་ཚོས་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་ནས་མ་འཇོག་ཁོར་ཡུག་ཡག་པོ་གཏོད་རྒྱུ་དང་། ཀྲུང་གོའི་ཁེ་ལས་དང་། ཕྱིར་སྡོད་སློབ་མ། རིག་གནས་པ་བཅས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་། ཁོ་ཚོས་རྒྱུན་གཏན་གྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གྱི་བྱེད་སྒོ་སྤེལ་རྒྱུར་འདྲ་མཉམ་མཛའ་མཐུན་གྱི་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་ཡིད་ཆེས་བྱེད་པ་ཞིག་ནི། སྒོ་མོ་དེ་བས་ཆེ་བ་དབྱེ་བའི་ཀྲུང་གོ་དང་འཛམ་གླིང་བར་དེ་བས་ལེགས་པའི་སྤེལ་རེས་ཀྱི་འབྲེལ་བ་གྲུབ་ནས། དེ་བས་ཡར་རྒྱས་དར་འཕེལ་གྱི་ཀྲུང་གོ་དང་འཛམ་གླིང་གཏོད་ཐུབ་ངེས་ཡིན་པ་དེ་རེད་ཅེས་བསྟན་ཡོད།
            གླེང་སྟེགས་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་རྒྱལ་ཁབ་ཁག་གི་དབུ་ཁྲིད་བར་ཕྱོགས་གཉིས་མཇལ་འཕྲད་གནང་བ་དང་། ཉིན་གཅིག་ནང་མཇལ་འཕྲད་ཐེངས་14གནང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛད་བྲེལ་ཆེ་ཤོས་ཀྱི་ཉིན་མོའི་ཟིན་ཐོ་བཏོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཙོ་སྐྱོང་དང་སྣེ་ཁྲིད་གནང་བའི་འོག ཕྱོགས་ཁག་བར་སྤུས་ཚད་མཐོ་པོའི་ངང་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུའི་ཐད་རྒྱ་ཁྱབ་ཀྱི་གྲོས་མཐུན་བྱུང་ཡོད་ལ། ད་དུང་ཕྱི་ཕྱོགས་ལ་རྒྱུད་གཅིག་ལམ་གཅིག་གི་གྲོགས་ཚོམས་ཇེ་ཆེ་ནས་ཇེ་ཆེར་འགྱུར་རྒྱུ་དང་། རོགས་པ་ཇེ་མང་ནས་ཇེ་མང་དུ་འགྱུར་རྒྱུ། མཉམ་ལས་ཀྱི་སྤུས་ཚད་ཇེ་ལེགས་ནས་ཇེ་ལེགས་སུ་འགྱུར་རྒྱུ། གོང་འཕེལ་གྱི་མདུན་ལྗོངས་ཇེ་ཡག་ནས་ཇེ་ཡག་ཏུ་འགྱུར་རྒྱུ་ཡིན་པ་བཅས་ཀྱི་བརྡ་རྟགས་གསལ་པོ་བསྟན་གནང་ཡོད།
            ཀྲུའུ་ཞི་ཞི་ཅིན་ཕིང་གིས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་འདིའི་འབྱུང་ཁུངས་ཀྲུང་གོ་ཡིན་ནའང་། འདིས་ཁྱེར་བའི་གོ་སྐབས་དང་གྲུབ་འབྲས་ནི་འཛམ་གླིང་ལ་གཏོགས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནི་ཡུན་རིང་གི་ལས་གཞི་ཞིག་དང་། མཉམ་ལས་རོགས་པ་རྣམས་ཀྱི་ཐུན་མོང་བྱ་གཞག་ཅིག་ཡིན། ཀྲུང་གོས་ཕྱོགས་ཁག་དང་ལྷན་དུ་སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་གྲོས་མཐུན་ཁག་དོན་འཁྱོལ་ཡག་པོ་བྱས་ཐོག ཞིབ་བྲིས་རི་མོ་འབྲི་བའི་སྙིང་སྟོབས་ཐོག་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་དེ་དེ་བས་གཏིང་ཟབ་པ་དང་། དེ་བས་བརྟན་པ། དེ་བས་སྤུས་ཚད་མཐོ་བ་བཅས་ཀྱི་ཐོག་ནས་གོང་འཕེལ་འགྲོ་བ་བྱེད་པ་དང་། དེ་བས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་འདོད་ཡོད་ཅེས་གསུངས་ཡོད།
            རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ནི། སྒོ་དབྱེ་དང་གོང་འཕེལ་གྱི་ལམ་བུ་ཞིག་ཡིན་པ་དང་ཆབས་ཅིག འབྱུང་འཕྲོད་གོང་འཕེལ་གྱི་ལམ་བུ་ཞིག་ཀྱང་ཡིན། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་མཇུག་སྒྲིལ་བའི་ཉིན་གཉིས་པར། སྤྱི་ལོ2019ལོའི་ཀྲུང་གོ་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་འགྲེམ་ཚོགས་ཡན་ཆིང་དུ་འགོ་ཚུགས་ནས། འགོ་བརྗོད་དུ་བདེ་ཐང་གི་འཚོ་བར་རེ་སྙེག་བྱེད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་ཅེས་པའི་གལ་ཆེའི་གསུང་བཤད་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྱུང་འཕྲོད་གོང་འཕེལ་འདུ་ཤེས་ཐད་གསལ་འགྲེལ་ལེགས་པོ་གནང་ནས། འཛམ་གླིང་ལ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགྱུར་མེད་ཆོད་སེམས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཐུན་མོང་གི་ཕུགས་འདུན་ཡིན། སྐྱེ་ཁམས་ཁོར་ཡུག་གི་འགྲན་རྩོད་ལ་ཁ་གཏད་གཅོག་སྐབས། མིའི་རིགས་དར་ན་མཉམ་དར་དང་གུད་ན་མཉམ་གུད་ཀྱི་ལས་དབང་གཅིག་མཐུན་མ་ལག་ཡིན་པ་ལས། རྒྱལ་ཁབ་སུ་གང་གིས་ཀྱང་ཐབས་མཁས་རང་སྲུང་བྱེད་མི་ཐུབ། ལག་གདང་སྦྲེལ་ནས་མཉམ་ལས་ཁོ་ན་བྱས་ན། ང་ཚོས་གཞི་ནས་གནམ་གཤིས་འགྱུར་ལྡོག་དང་། རྒྱ་མཚོའི་སྦགས་བཙོག སྐྱེ་ཁམས་སྲུང་སྐྱོབ་སོགས་གོ་ལའི་རང་བཞིན་གྱི་ཁོར་ཡུག་གནད་དོན་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ2030ལོའི་རྒྱུན་མཐུད་གོང་འཕེལ་དམིགས་འབེན་ཡང་མངོན་འགྱུར་ཡོང་ཐུབ། དཔུང་པ་མཉམ་གཤིབ་ཁོ་ན་བྱས་ན། གཞི་ནས་འབྱུང་འཕྲོད་གོང་འཕེལ་འདུ་ཤེས་མི་སེམས་ལ་བརྟན་པོར་ཟུག་ཐུབ་ལ། གོ་ལའི་སྐྱེ་ཁམས་ཤེས་དཔལ་ལམ་བུའི་ཐོག་ཐག་ཇེ་རིང་དུ་སྐྱོད་ཐུབ་ཅེས་གསུངས་ཡོད།
            སྤྱི་ཟླ5པའི་ཚེས15ཉིན། ཨ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་པེ་ཅིང་དུ་འགོ་ཚུགས་ཡོད། ཨ་ཤེ་ཡའི་རྒྱལ་ཁབ47དང་ས་ཁོངས་ཕྱིའི་རྒྱལ་ཁབ་གཞན་གྱི་སྲིད་གཞུང་དཔོན་རིགས་དང་ཁྱབ་ཁོངས་ཁག་གི་འཐུས་མི་བཅས་ཁྱོན་མི2000ལྷག་ཚོགས་ཆེན་གྱི་འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་ཡོད། ཚོགས་ཆེན་ཐོག་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་པའི་རྨང་གཞིའི་ཐོག གྲོས་ཚོགས་ཀྱི་ཐུན་མོང་ཡིག་ཆ་ཁྱབ་བསྒྲགས་བྱས་ཏེ། ཤེས་དཔལ་དང་། སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་རེས་བཅས་ཀྱི་དངོས་གཉེར་བྱ་ཐབས་གྲུབ་པ་དང་མཉམ་ལས་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། འགོ་ཚུགས་མཛད་སྒོའི་ཐོག་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེས་དཔལ་དང་། སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་རེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་ཀྲུང་གོའི་བཞེད་པ་བཏོན་གནང་ནས། ཨ་ཤེ་ཡ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། ཤེས་དཔལ་རེ་རེ་ཚང་མ་ནི་ལེགས་པ་དང་མཛེས་པ་བསྡུ་རུབ་བྱས་པའི་ཉིང་བཅུད་ཡིན་པས། ཚང་མའི་ཐོག་ནས་མཛེས་སྡུག་མངོན་རྒྱུ་ཡོད། མཛེས་སྡུག་ལྡན་པའི་བྱ་དངོས་ཚང་མ་ཕན་ཚུན་སྦྲེལ་བ་ཞིག་ཡིན། མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་བྱ་དངོས་ལ་རེ་སྙེག་བྱེད་པ་ནི། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་བཀག་འགོག་བྱེད་ཐབས་བྲལ་ཡོད། ཤེས་དཔལ་སྣ་ཚོགས་དབར་མ་གཞི་ནས་གདོང་ཐུག་མེད་པས། ཤེས་དཔལ་ཚང་མའི་མཛེས་སྡུག་ལ་མྱོང་རོལ་བྱེད་པའི་མིག་ཟུང་དགོས་ཀྱི་ཡོད། ང་ཚོས་གཅིག་ནས་རང་རྒྱལ་ཁབ་ཀྱི་ཤེས་དཔལ་ལ་གསོན་ཤུགས་ལྡན་པ་བྱེད་དགོས་ལ། གཉིས་ནས་རྒྱལ་ཁབ་གཞན་གྱི་ཤེས་དཔལ་གོང་འཕེལ་འགྲོ་རྒྱུར་མཐུན་རྐྱེན་སྐྲུན་ནས། འཛམ་གླིང་གི་ཤེས་དཔལ་སྣ་བརྒྱའི་ལྡུམ་ར་དེ་ཉིད་སྔར་བས་བཀྲག་མདངས་ལྡན་པ་བཟོ་དགོས་ཞེས་གསུངས་ཡོད།
            ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་ཐེངས་གསུམ་སྤེལ་བས། ཀྲུང་གོའི་འདུ་ཤེས་གསར་པ་དང་། བཞེད་ཚུལ་གསར་པར་གསལ་འགྲེལ་སྔར་བས་ལེགས་པ་ཐུབ་པ་དང་། ཀྲུང་གོའི་ཇུས་གཞིའི་རྒྱལ་སྤྱིའི་ཐོག་གི་བློ་སེམས་འགུག་ཤུགས་དང་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་སྒོ་དབྱེ་དང་གོང་འཕེལ་། མཉམ་ལས་མཉམ་རྒྱལ་ཡོང་བ་བྱེད་པའི་སེམས་སྒྲ་སྔར་བས་གཅིག་སྡུད་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གྱི་རྨང་གཞི་བརྟན་དུ་བཏང་ཡོད། འབྱུང་འགྱུར་གྱི་ཀྲུང་གོས། འགན་ཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་ཐོག་ནས་མུ་མཐུད་འཛམ་གླིང་གར་སྟེགས་ཆེན་པོའི་ལྟེ་བ་དང་བར་ཐག་ཉེ་བར་བཅར་སྲིད།
            ཞི་ཅིན་ཕིང་གིས། དེ་རིང་གི་ཀྲུང་ནི། ཀྲུང་གོའི་ཀྲུང་གོ་ཙམ་མིན་པར་ཨ་ཤེ་ཡའི་ཀྲུང་གོ་དང་འཛམ་གླིང་གི་ཀྲུང་གོ་ཡང་ཡིན། འབྱུང་འགྱུར་གྱི་ཀྲུང་གོས། སྔར་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་ལ་བསུ་བ་ཞུ་རྒྱུ་དང་། སྔར་བས་གསོན་ཤུགས་ལྡན་པའི་ཤེས་དཔལ་གྲུབ་འབྲས་འཛམ་གླིང་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།