ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུའུ་ཞི་དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

སྤེལ་དུས 2019-08-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཚེས་22ཉིན་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་འཚོགས་ཏེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
             ཚོགས་འདུའི་ཐོག་བསྟན་དོན། ཀྲུའུ་ཞི་དབང་དབྱང་བོད་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་གང་ལེགས་མཚོན་ཡོད། ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་གལ་ཆེན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་བྱས་ཏེ་ང་ཚོས་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་པ་དང་། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། དུས་རབས་གསར་པར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད།
             ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བྱེད་རྒྱུའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཀྲུའུ་ཞི་དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། ལྗོངས་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བར་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།
             གཅིག་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་མདུན་མའི་ལས་བྱེད་པ་དང་ལས་བཟོས་ཚུགས་གནས་སྔར་བས་མཐོ་རུ་བཏང་བ་དང་ངོས་འཛིན་ཟབ་ཏུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག ཀྲུའུ་ཞི་དབང་དབྱང་གིས་སྐུལ་ལྕག་གནང་བ་སྒུལ་ཤུགས་སུ་བསྒྱུར་ནས་སྣང་མེད་ལྷོད་གཡེང་གི་བསམ་བློ་དང་དམག་འཐབ་ལ་བསུན་སྣང་བྱེད་པའི་བསམ་བློའི་འཁྱེར་སོ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ། ངར་ཤུགས་གཅིག་སྒྲིམ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བྱེད་པ། “གཞན་གྱིས་ལན་གཅིག་སྦྱངས་ནས་ཤེས་པར་རང་གིས་ལན་བཅུ་སྦྱོང་བར་བྱེད་པའི”ངར་ཤུགས་ལ་བརྟེན་ནས་རང་ལྗོངས་ཀྱི་འབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལྷག་མ་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས།
             གཉིས་ནི་གནད་སྨིན་ཇུས་གཞི་མཐའ་འཁྱོངས་བྱས་ནས་གཙོ་གནད་ལས་དོན་ཡག་པོ་སྒྲུབ་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཐག་གཅོད་དམིགས་ཚད་ལ་གཞིགས་ནས། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་འཇོག་བཅས་མཐའ་འཁྱོངས་དང་། ད་དུང་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལས་གཡང་རྩེའི་སྒང་ལ་ཡས་སྒྲོན་མི་རྒྱག་པར་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་། རང་ས་རང་ཡུལ་ནས་མི་བྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། མང་ཚོགས་དབུལ་པོར་ཕན་པ་དངོས་འཐོབ་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ནས་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོ། ཡུལ་སྐོར་དང་རིག་གནས་སོགས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རིམ་བཞིན་ཕྱུག་པོ་ཆགས་པར་རྩ་བའི་རང་བཞིན་གྱི་ནུས་པ་ཐོན་པར་བྱས་ནས། མང་ཚོགས་དབུལ་པོས་ཐོན་ལས་ལ་བརྟེན་ནས་རྒྱུན་མཐུད་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་ཐོན་ལས་དབུལ་སྐྱོར་སོགས་སྤྱི་ཡོངས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། ལུང་གཞུང་གི་དཔལ་འབྱོར་གོང་འཕེལ་བཏང་ནས་ལུང་གཞུང་བཅོས་སྒྲིག་དང་དབུལ་སྒྲོལ་འགག་སྒྲོལ་ཕྱོགས་གཉིས་ཀར་སྐུལ་འདེད་དང་ཕྱོགས་གཉིས་ཀ་འཕེལ་རྒྱས་ཡོང་བར་བྱེད་དགོས།
             གསུམ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཡག་པོ་བཏང་ནས་མང་ཚོགས་ཡུན་རིང་དབུལ་སྒྲོལ་བརྟན་པོ་ཡོང་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། “དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་འགྱུར་བ། དབུལ་ཞྭ་ཕུད་ཀྱང་མུ་མཐུད་རོགས་སྐྱོར་བྱེད་པ། དབུལ་ཞྭ་ཕུད་ཀྱང་མུ་མཐུད་ལྟ་འདོམས་བྱེད་པ”བཅས་ཀྱི་སྤྱི་ཡོངས་ཀྱི་བླང་བྱ་གཞིར་བཟུང་། སེམས་ནུས་གཙོ་བོ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་ལ་བཞག་ནས་དབུལ་པོར་བསྐྱར་ལོག་གི་མི་འབོར་དང་གསར་འཕར་གྱི་མི་འབོར་དབུལ་པོ་རོགས་སྐྱོར་བྱེད་ཁོངས་སུ་དུས་ཐོག་ཏུ་འཇུག་དགོས། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ས་ཚིགས་ཀྱི་ཐོན་ལས་གོང་འཕེལ་དང་ལེ་ལག་ཚང་བའི་ཞབས་ཞུར་སྔར་བས་འཆར་འགོད་ཡག་པོ་བྱས་ནས། ཐོན་ལས་ལས་ཞུགས་སོགས་རྗེས་མཐུད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་གཞི་ཁྱོན་འོས་འཚམ་གཅིག་སྡུད་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཕན་ཚུན་ཟུང་འབྲེལ་དང་། དུས་ཐུང་གི་དབུལ་སྒྲོལ་དང་ཕུགས་ཀྱི་འཕེལ་རྒྱས་ཕན་ཚུན་ཟུང་འབྲེལ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཕན་ཚུན་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱེད་པ། དཀའ་ངལ་དང་རྙོག་དྲ་ཆེ་བའི་གནད་དོན་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲད་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལེགས་སུ་འགྲོ་བར་རྒྱུན་མཐུད་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
             བཞི་ནི་བློ་སྐྱོར་རིག་སྐྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ནང་གནས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། དེ་བཞིན་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། མང་ཚོགས་དབུལ་པོའི་བསམ་བློར་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་སྒྱུར་བར་སློབ་གསོ་བཏང་སྟེ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དགོས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དཔུང་གཤིབ་མཉམ་སྐྱོད་མཐའ་འཁྱོངས་དང་། “ལྟོ་གོས”ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ“བསམ་བློའི”གནད་དོན་ཡང་ཐག་གཅོད་བྱས་ནས་ཏང་དྲིན་ཚོར་བའི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་པ་དང་གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྟེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་བསླབ་གཞིར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་རླབས་ཆེན་མཛད་རྗེས་དང་། མཁས་བཙུན་བཟང་གསུམ། དེ་བཞིན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་བསྐྱངས་པའི་བཀའ་དྲིན་རྒྱ་མཚོ་ལྟར་ཟབ་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་ཏན་ཏིག་ཚོར་བར་བྱས་ཏེ། “མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།
             ལྔ་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་ཡོང་བར་བྱེད་དགོས། ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་དང་། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་རྐྱེན་མ་བྱུང་གོང་ལ་ཟློག་པའི་རྩ་དོན་གཞིར་བཟུང་། ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་མི་ཐོན་པའི་ཆེད་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་བ་དང་དོན་འཁྱོལ་བྱེད་ཕོད་པ་ཚད་གཞིར་བྱས་ནས་ལས་བྱེད་པར་ལྟ་སྟངས་འཛིན་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཤུགས་སྣོན་ཆད་མེད་རྒྱག་པ། སྙིང་རུས་གཏན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བར་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་དད་མོས་ལ་བརྩི་བཀུར་དང་། ཁྲིམས་བཞིན་དོ་དམ། ཡུན་རིང་མཐའ་འཁྱོངས། གོམས་གཤིས་སུ་འགྱུར་བ་བཅས་མཐའ་འཁྱོངས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ལ་བརྟེན་ནས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་བཟོ་བའི་བྱ་སྤྱོད་མཐའ་དག་ལ་དར་ཆ་གསལ་སྟོན་གྱི་སྒོ་ནས་མེད་པར་བཟོས་ནས་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་ཡང་དག་འཛིན་པ་དང་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བའི་སློབ་གསོ་བཏང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། གཞི་རིམ་གྱི་རྨང་གཞིའི་ལས་དོན་སྔར་བས་བརྟན་དུ་བཏང་ནས་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་དང་གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་བཏང་ནས་ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་པ། བརྟན་ལྷིང་འགན་ལེན། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་སྐབས་ནུས་པ་ཐོན་པ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་ཧུར་ཐག་སྐྲུན་དགོས།
རྩོམ་སྒྲིག་པ། སངས་སྐྱབས།