ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་དང་ཨུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ལིས་མཇལ་མོལ་གནང་བ།

སྤེལ་དུས 2019-08-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་ཆེན་དབང་འདུས།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༢༧ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་བའི་ཨུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ལི་ཨ་ལེ་པོ་ཧྥུ་དང་མཇལ་མོལ་གནང་ཡོད་པ་རེད།
             ལི་ཁེ་ཆང་གིས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོར་ཡུན་རིང་གི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་པས། ཀྲུང་ཨུའི་འབྲེལ་བ་དང་མཉམ་ལས་ལ་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཐོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མི་འར་ཅི་ཡོས་ཡ་ཧྥུས་ལེགས་གྲུབ་ལྡན་པའི་མཇལ་འཛོམས་ཐེངས་མང་གནང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པའི་ཐོག་ཟམ་མི་ཆད་པར་སྐུལ་འདེད་བཏང་གནང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་ཨུའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཨ་ཙེ་པེ་ཁེ་སི་ཐན་ཕྱོགས་ཀྱི་མཐོ་རིམ་དབར་དང་འགྲོ་འོང་བྱས་ནས། ཉོ་ཚོང་དང་མ་འཇོག་རང་མོས་ཅ ན་དང་སྟབས་བདེ་ཅན་དུ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ས་ཁུལ་གྱི་བྱ་དོན་ཁྲོད་ཀྱི་སྤེལ་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་དེར་ཡུན་རིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་ཐུབ་རྒྱུར་འགུལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན་གནང་ཡོད།
             ལི་ཁེ་ཆང་གིས། ཀྲུང་ཨུའི་དཔལ་འབྱོར་གྱི་གསབ་རེས་རང་བཞིན་ཆེ་བ་དང་། དངོས་གཉེར་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཨུ་ཙེ་པེ་ཁེ་སི་ཐན་ཕྱོགས་ཀྱི་གོང་འཕེལ་འཐབ་ཇུས་དབར་ཕན་ཚུན་སྦྲེལ་མཐུད་བྱས་ནས། ཐོན་ནུས་དང་། མཉམ་འབྲེལ་མཉམ་མཐུད། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ནུས་ཁུངས་མཉམ་ལས་ཀྱི་བརྟན་ལྷིང་རང་བཞིན་འགན་ལེན་ཐུབ་པ་བྱ་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་ཕྱོགས་གཉིས་ཉོ་ཚོང་གཞི་ཁྱོན་རྒྱ་སྐྱེད་གཏོང་བ་དང་། ཀྲུང་གོའི་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་ ཨུ་ཙེ་པེ་ཁེ་སི་ཐན་གྱི་ཁྱད་ལྡན་ཐོན་རྫས་ནང་འདྲེན་བྱེད་པ། འཇོན་ནུས་ལྡན་པའི་ཀྲུང་གོའི་ཁེ་ལས་ཀྱིས་ཁྲོམ་རའི་སྒྲིག་སྲོལ་དང་ཚོང་ལས་ཀྱི་རྩ་དོན་ལྟར་ཨུ་ཙེ་པེ་ཁེ་སི་ཐན་དུ་མ་འཇོག་དང་བྱ་གཞག་དར་རྒྱས་གཏོང་བར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་པས། ཨུ་ཙེ་པེ་ཁེ་སི་ཐན་ཕྱོགས་ནས་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད། ང་ཚོས་ཨུ་ཙེ་པེ་ཁེ་སི་ཐན་ཕྱོགས་དང་རིག་གནས་དང་། ཡུལ་སྐོར། མཐོ་སློབ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དམངས་འདོད་རྨང་གཞི་བརྟན་དུ་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
             ཨ་ལི་པོ་ཧྥུས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད། ཁོང་གིས། ཀྲུང་གོའི་གོང་འཕེལ་ལ་ཀུན་གྱིས་དོ་ཁུར་བྱེད་འོས་པའི་གྲུབ་འབྲས་ཆེན་པོ་ཐོབ་ནས། ས་ཁུལ་དང་འཛམ་གླིང་གི་བརྟན་ལྷིང་དང་དར་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཨུ་ཀྲུང་ཕྱོགས་གཉིས་པོའི་དབར་ཆུ་ཚད་མཐོ་བའི་འཐབ་ཇུས་སྤེལ་རེས་རྒྱུན་འཁྱོངས་ཐུབ་ནས། དངོས་གཉེར་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་དང་། ཕྱོགས་གཉིས་ཉོ་ཚོང་དང་། མ་འཇོག་བརྟན་པོའི་ངང་འཕར་སྣོན་ཕྱིན་པ་དང་། མི་ཆོས་རིག་གནས་སྤེལ་རེས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་རོགས་ལས་དམ་ཟབ་བཅས་བྱས་ཡོད། ཨུ་ཙེ་པེ་ཁེ་སི་ཐན་ཕྱོགས་ཀྱིས་མུ་མཐུད་རྒྱུད་གཅིག་ལམ་གཅིག་གི་འཛུག་སྐྲུན་ཁྲོད་གཏིང་ཟབ་ཞུགས་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་ཀྱིས་ ཨུ་ཙེ་པེ་ཁེ་སི་ཐན་དུ་མ་འཇོག་རྒྱ་སྐྱེད་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་སྔར་བས་མཐོ་བ་ཞིག་ཏུ་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
             མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད་པ་རེད།
             མཇལ་མོལ་མ་གནང་གོང་། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཨ་ལེ་པོ་ཧྥུར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།