ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་རྒྱ་གྲམ་དམར་པོ་ཚོཊ་པའི་འཐུས་མི་དང་མཇལ་འཕྲད་གནང་བ།

སྤེལ་དུས 2019-09-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐལ་བཟང་བདེ་སྐྱིད
              ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་དང་མཇལ་འཕྲད་གནང་བ་དང་། ལི་ཁེ་ཆང་དང་ཝང་ཧུའུ་ཉིང་ཝང་ཆི་ཧྲན་བཅས་མཇལ་འཕྲད་ནང་ཞུགས་པ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་སྤྱི་ཟླ་9པའི་ཚེས་2ཉིན་པེ་ཅིང་དུ་འཚོགས་འགོ་ཚུགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་འཐུས་མི་ཡོངས་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་ཚོས་མི་ཆོས་དང་། གཅེས་སེམས། ལེགས་སྐྱེས་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། བསྒྱུར་བཅོས་གསར་གཏོད་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་རྒྱ་གྲམ་དམར་པོའི་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད་པ་རེད།
              ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་ཡོད་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་མཇལ་འཕྲད་ལ་ཞུགས་པ་མ་ཟད་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཡང་ཞུགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་10ཙམ་ལ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམས་ལ་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། བཀའ་མོལ་ཡང་ཡང་གནང་བ་མ་ཟད་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་སྐྱོན་ཡོད་པ་རེད།
              སུན་ཁྲུན་ལན་མཇལ་འཕྲདནང་ཞུགས་པ་མ་ཟད་འགོ་ཚུགས་མཛད་སྒོའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་ཡོད། ཁོང་གིས། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྒྱ་གྲམ་དམར་པོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འགོ་འཛུགས་ས་གསར་པའི་ཐོག རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཡང་དག་པའི་ཁ་ཕྱོགས་བརྟན་སྲུང་བྱས་ཏེ། མི་ཆོས་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་། ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་བྱེད་པ། བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་ལྟར་འགན་སྒྲུབ་འགན་འཁྲི་འཁུར་བ། རྒྱལ་སྤྱིའི་རོགས་སྐྱོབ་སྤེལ་བ་དང་། དམངས་ཁྲོད་ཀྱི་ཕྱི་འབྲེལ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། འབད་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བ་དང་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་ཡོད་པ་རེད།
              ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོ་ནི་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཁྲེན་ཀྲུའུ་ཡིས་གཙོ་སྐྱོང་གནང་བ་དང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕི་ཏེ. མོ་ལིར་གྱིས་བརྙན་མཐོང་ཤིས་ཚིག་གསུངས་པ། རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥུ་ལན་ཞི་སི་ཁོ . ལོ་གས་ཤིས་ཚིག་གསུངས་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ལི་ཡུས་ཧྥུས་མང་ཚོགས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་གསུངས་ཡོད་པ་རེད། ཚོགས་འདུའི་ཐོག སྐབས་47པའི་ནན་ཏིང་ཀེར་གཟེངས་རྟགས་ཀྱི་ཀྲུང་གོའི་བྱ་དགའ་ཐོབ་མཁན་ལ་བྱ་དགའི་གཟེངས་རྟགས་སྤྲད་པ་མ་ཟད། རྒྱལ་ཡོངས་རྒྱ་གྲམ་དམར་པོའི་ཚོགས་པའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་32དང་སྔོན་ཐོན་ལས་དོན་པ་10ལ་གཟེངས་བསྟོད་བྱས་ཡོད་པ་རེད།
              ཏིང་ཞོལ་ཞང་དང་། ཡང་ཅེ་ཁྲེ། ཧོང་ཁུན་མིང་། ཤའོ་ཅེ་བཅས་མཇལ་འཕྲད་ལ་ཞུགས་པ་དང་། ཁྲེན་ཞི་དང་། ཝང་ཡུང་། ཝང་དབྱི་བཅས་མཇལ་འཕྲད་ལ་ཞུགས་པ་མ་ཟད་འགོ་ཚུགས་མཛད་སྒོར་ཡང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།