ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་གིས་ཁག་སོ་སོར་ལྗར་པན་གྱི་དབུ་བཞུགས་བློན་ཆེན་དང་། ཉེའུ་ཙི་ལན་གྱི་ཙུང་ལི་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་དང་མཇལ་འཛོམས་གནང་བ།

སྤེལ་དུས 2019-11-06 ཡོང་ཁུངས། ཀྲུང་བྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༤ཉིན། ལི་ཁེ་ཆང་གིས་པང་ཁོག་ཏུ་ཁག་སོ་སོར་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་། ཉིའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨན། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་ཨའོ་པུ་ལའེ་ཨེན་བཅས་དང་མཇལ་འཛོམས་གནང་ཡོད་པ་རེད།
              ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་སྐབས། ལི་ཁེ་ཆང་གིས། མིག་སྔའི་འཛམ་གླིང་དཔལ་འབྱོར་ཉམ་ཆག་གི་སྣོན་ཤུགས་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ལྗར་པན་ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་རང་མོས་ཉོ་ཚོང་བྱེད་པའི་འདུན་པ་ཡོད་པས། ཀྲུང་གོ་དང་ལྗར་པན་གྱི་ཆབ་སྲིད་ཡིག་ཆ་བཞིར་ཏན་ཏིག་སྒོ་ནས་བརྩི་སྲུང་ཞུ་དགོས་པ་དང་། ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེ་བའི་གནད་དོན་ཐད་ལ་བརྩི་འཇོག་བྱེད་པ། ཐུན་མོང་གི་ཁེ་ཕན་ལ་དོ་ཁུར་བྱེད་པ། ཚོར་སྣང་རྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། ཕན་ཚུན་ཡིད་ཆེས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། སྐྱོན་བྲལ་བརྟན་ལྷིང་ཡུན་རིང་བཅས་སྔར་ལས་ལྷག་པའི་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་སྐྲུན་དགོས་ཞེས་བསྟན་གནང་ཡོད།
              ཉིའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨན་དང་མཇལ་འཛོམས་གནང་སྐབས། ལི་ཁེ་ཆང་གིས། ཀྲུང་གོ་དང་ཉིའུ་ཙི་ལན་གྱིས་རང་མོས་ཉོ་ཚོང་གྲོས་ཆོད་རིམ་སྤོར་བྱེད་པའི་དབྱེ་འབྱེད་གྲོས་མོལ་ལེགས་སྒྲུབ་བྱུང་བ་དང་། དེས་ཕྱི་ཕྱོགས་སུ་བརྡ་རྟགས་ཡག་པོ་བཏང་ཡོད་པ་སྟེ། ཀྲུང་གོ་དང་ཉིའུ་ཙི་ལན་གྱིས་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན། ང་ཚོས་ཉིའུ་ཙི་ལན་ཕྱོགས་དང་ལྷན་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་རྨང་གཞིའི་ཐོག ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེ་བའི་གནད་དོན་ཐད་བརྩི་འཇོག་བྱ་རྒྱུ་ཡིན་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་གོ་དང་ཉིའུ་ཙེ་ལན་གྱི་འབྲེལ་བ་མུ་མཐུད་སྐྱོན་བྲལ་བརྟན་ལྷིང་ངང་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
              མཇལ་འཛོམས་བྱས་པའི་རྗེས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཉིའུ་ཙི་ལན་རང་མོས་ཉོ་ཚོང་རིམ་སྤོར་བྱེད་པའི་དབྱེ་འབྱེད་གྲོས་མོལ་ལེགས་སྒྲུབ་བྱུང་ཡོད་པ་ཁྱབ་བསྒྲགས་བྱས་ཡོད།
              ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་ཨའོ་པུ་ལའེ་ཨེན་དང་མཇལ་འཛོམས་གནང་སྐབས། ལི་ཁེ་ཆང་གིས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་གྲོས་འཆམ་བྱུང་བའི་ཐུན་མོང་ངོས་འཛིན་ལ་གཞིགས་དགོས་པ་དང་། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་གི་རྨང་གཞི་བྱས་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་འདེད་གཏོང་དགོས་པ་དང་། ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་ཐད་བརྩི་འཇོག་བྱེད་དགོས་པ། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་འགལ་དོ་དམ་ཚོད་འཛིན་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་ཐོག་མཉམ་ལས་རྒྱ་བསྐྱེད་གཏོང་བ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་ཐོག་མདུན་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
              རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཤའོ་ཅེ་གོང་གསལ་བྱེད་སྒོར་ཞུགས་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།