ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་དང་མཇལ་མོལ་གནང་བ།

སྤེལ་དུས 2019-11-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས རྩོམ་པ་པོ།
               ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་དང་མཇལ་མོལ་གནང་ཡོད་པ་རེད།
               ཞི་ཅིན་ཕིང་གིས། ཉིན་ཤས་གོང་། སྐུ་ཞབས་ཙུང་ལིས་ཚོགས་པའི་སྣེ་ཁྲིད་དེ་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པར་ཞུགས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་དངོས་མང་འགྲེམས་ཚོགས་ཐོག་ཀེ་རི་སེའི་ཚོང་འགྲིག་ཚད་དེ་སྐབས་གོང་མ་ལས་ལྡབ་2.5འཕར་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། ཀེ་རི་སེ་ཚུད་པའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་འདོད་ཡོད། ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བར་འབྲེལ་ཐག་ཆེན་པོ་གཉིས་ཡོད་དེ། གཅིག་ནི་ཤེས་དཔལ་སྤེལ་རེས་དང་། གཉིས་ནི་གཉིས་ཕན་མཉམ་ལས་ཡིན། ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་དགོས་པ་དང་། མིའི་རིགས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་དེ་བས་ཡག་པ་གཏོང་དགོས་ཞེས་བསྟན་གནང་ཡོད།
               ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཀེ་རི་སེའི་དངོས་སྒྲུབ་མཉམ་ལས་ཐད་གཤམ་གསལ་གྱི་གྲོས་འགོ་བཏོན་གནང་བ་སྟེ།
               གཅིག་ནི། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་ཀེ་རི་སེས་རྒྱལ་སྤྱིའི་དངོས་ཟོག་འགྲེམས་སྐྱེལ་བར་བརྒྱུད་ཀྱི་ལྟེ་གནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བར་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། པི་ལེ་ཨའེ་ཕུའུ་སི་གྲུ་ཁ་དེ་ཉིད་སྔ་ཙམ་ས་དབུས་རྒྱ་མཚོ་ས་ཁུལ་གྱི་དོས་སྒམ་བར་བརྒྱུད་གྲུ་ཁ་ཆེ་ཤོས་ལ་འཛུགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། དེའི་མཚོ་འགྲུལ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་ལྟེ་གནས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་སྐམ་མཚོའི་མྱུར་ལམ་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་དགོས་པ་དང་།
               གཉིས་ནི། ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གློག་ཤུགས་དང་། འཕྲིན་གཏོང་། བཟོ་སྐྲུན་ལས་རིགས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཀེ་རི་སེའི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱ་འདོད་ཡོད་ལ། སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཀེ་རི་སེར་མ་འཇོག་དང་བྱ་གཞག་གཏོད་པར་འགྲོ་རྒྱུར་སྐུལ་མ་གཏོང་འདོད་ཡོད།
               གསུམ་ནི། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས། དྲང་བདེན་གསར་གཏོད་བྱས་ནས། གནའ་མིས་ང་ཚོར་བཞག་པའི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་དགོས་པ་དང་། སྔ་མཐུད་ཕྱི་སྐྱོང་བྱས་ནས། དེང་སྐབས་འཛམ་གླིང་གི་འཕེལ་རྒྱས་རླབས་རྒྱུན་ཁྲོད་ནས་རྙིང་དོར་གསར་འཛུགས་དང་མ་འོངས་གསར་གཏོད་ཀྱང་བྱེད་དགོས། ཕྱོགས་གཉིས་པོས་སྤྱི་ལོ་2021ལོར་ཀྲུང་གོ་དང་ཀེ་རི་སེའི་རིག་གནས་དང་ཡུལ་སྐོར་ལོའི་བྱེད་སྒོ་སྤེལ་རྒྱུའི་གོ་སྐབས་དང་བསྟུན་ནས། མི་སྣ་འགྲོ་འོང་དང་ས་གནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་ཞིབ་འཇུག་ཚུད་པའི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།
               བཞི་ནི། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། ཀེ་རི་སེ་ནི་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་དང་པར་ཀན་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད། ཀྲུང་གོའི་ཕྱོགས་ནས་ཀེ་རི་སེ་ཕྱོགས་དང་མཉམ་དུ། མཉམ་ལས་སྒྲིག་གཞི་འདི་འཛུགས་སྐྲུན་ཡག་པོ་བྱས་ནས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
               ཞི་ཅིན་ཕིང་གིས། ཁུང་ཙིས་“ཀུན་སྤྱོད་བཟང་ན་ཁྱིམ་མཚེས་ལོས་ཡོང་ ”ཞེས་གསུངས་ཡོད། ཡ་ལི་ཧྲི་ཏུའོ་ཏེ་ཡིས་ཀྱང་“གྲོགས་བཟང་ནི་གཟུགས་ཐ་དད་ཀྱང་བསམ་པ་གཅིག་མཐུན་ཡིན།” ཞེས་གསུངས་མྱོང་ཡོད། འདྲ་མཉམ་བརྩི་འཇོག་དང་།  མཛའ་མཐུན་མཉམ་ལས།  སྒོ་འབྱེད་ཁོང་ཡངས།  ཡར་རྒྱས་བརྩོན་ལེན་བྱེད་ཕོད་པ་བཅས་ནི་ང་ཚོ་མི་རིགས་གཉིས་ལ་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཡིན་ལ།  ང་ཚོས་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་སྒུལ་ཤུགས་ཆེན་པོ་ཡང་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
               སྨི་ཙུའོ་ཐ་ཅི་སིས། ཀྲུང་གོ་ནི་རླབས་ཆེན་གྱི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་གཞན་ལ་མེད་པ་ཞིག་ཡིན་ཞིང་། མིའི་རིགས་སྤྱི་ཚོགས་ཀྱི་ངོ་མཚར་ཞིག་རེད་ཅེས་བརྗོད་ཆོག ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དེས་ཀེ་རི་སེ་ཚུད་པའི་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་རེད། ཀེ་རི་སེ་དང་ཀྲུང་གོའི་མཉམ་ལས་ལ་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད། ཀེ་རི་སེའི་མི་དམངས་ཀྱིས་ཀེ་རི་སེས་དངུལ་རྩའི་ཉམས་ཉེན་བརྒྱུད་སྐབས་ཀྲུང་གོས་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀེ་རི་སེའི་ཕྱོགས་ནས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ནས་ཀྲུང་གོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀེ་རི་སེས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ནང་ཧུར་ཐག་ཞུགས་ནས། པི་ལེ་ཨའེ་ཧྥུའུ་སེ་གྲུ་ཁ་དེ་ཉིད་ཡོ་རོབ་ཀྱི་གྲུ་ཁ་ཆེ་ཤོས་སུ་འཛུགས་སྐྲུན་བྱས་ཏེ། ཡོ་རོབ་དང་ཨ་ཤེ་ཡའི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་ཁྲིད་བྱ་རྒྱུ་ཡིན། ཀེ་རི་སེ་དེ་ཉིད་ཀྲུང་གོ་ཡོ་རོབ་ཁྲོམ་རར་བསྐྱོད་པའི་སྒོ་མོ་ལྟ་བུར་འགྱུར་རྒྱུའི་རེ་བ་ཡོད་ཅིང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། དེས་ཀེ་རི་སེའི་དཔལ་འབྱོར་འཕར་སྣོན་དང་ས་གནས་དེ་གའི་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། ཕྱོགས་གཉིས་པོས་གྲུ་གཟིངས་སྐྱེལ་འདྲེན་དང་། ནུས་ཁུངས། གློག་རྡུལ་ཚོང་དོན། རིག་གནས་སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་དེས་ཡོ་རོབ་ཁག་དབྱེ་བ་ཞེས་པའི་བཤད་སྟངས་དེར་ཀེ་རི་སེས་ཁས་ལེན་བྱེད་ཀྱི་མེད་ཅིང་། མུ་མཐུད་ནས་དེའི་ཐད་ཀྱི་མཉམ་ལས་སྤེལ་འདོད་ཡོད་པ་མ་ཟད། ཡོ་རོབ་དང་ཀྲུང་གོའི་སྤྱི་ཡོངས་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་འདོད་ཡོད། ཁྱེད་རང་འཚམས་འདྲིར་ཕེབས་པ་དེར་གཡུར་ཟའི་འབྲས་བཟང་སྨིན་ནས། ཀེ་རི་སེ་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་གལ་ཆེའི་ལམ་ཚད་རྡོ་རིང་ལྟ་བུར་འགྱུར་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
               མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཐུན་མོང་ཐོག་གསར་འགོད་པ་དང་མཇལ་འཛོམས་གནང་བ་མ་ཟད། ཕྱོགས་གཉིས་མཉམ་ལས་ཡིག་ཆ་བརྗེ་རེས་བྱ་རྒྱུར་བདེན་དཔང་མཛད་ཡོད་པ་དང་། མཉམ་ལས་ནི་མ་འཇོག་དང་། གྲུ་ཁ། དངུལ་རྩ། ནུས་ཁུངས། སློབ་གསོ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།
               ཕྱོགས་གཉིས་པོས་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀེ་རི་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད།
               ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།