2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

སྤྱི་ལོ་2019ལོའི་ཀྲུང་གོའི་དཔལ་འབྱོར་གྱི་རྩ་གྲངས་གསར་པ་སྟེ། དམངས་འཚོ་ལེགས་བཅོས་ཡག་ཏུ་ཕྱིན་པ།

སྤེལ་དུས 2019-12-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འཕེལ་རྒྱས་ཁྲོད་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོའི་ཕན་པ་ཆེ་རུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན་ཞེས་བསྟན་གནང་ཡོད། སྤྱི་ལོ་2019ལོར། དམངས་འཚོའི་དཀའ་གནད་ཆེ་ས་ཐག་གཅོད་བྱེད་པའི་སྒྱུར་བཅོས་སྲིད་ཇུས་ཁག་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཚོར་དང་ཐོབ་ཚོར་ཆེ་རུ་གཏོང་བ། སྤྱི་ལོ་2019ལོའི་ཀྲུང་གོའི་དཔལ་འབྱོར་གྱི་རྩ་གྲངས་གསར་པ་ཞེས་པའི་ནང་། དཔལ་འབྱོར་འཕར་སྣོན་དང་། སྒྱུར་བཅོས་ཟབ་གཏོང་། ཕྱི་ཕྱོགས་སྒོ་དབྱེ། སྒུལ་ནུས་བརྗེ་སྒྱུར། ཉེན་ཁ་འགོག་བཅོས། དམངས་འཚོ་ལེགས་བཅོས་སོགས་ཁག་དྲུག་ཐད་ནས། ཀྲུང་གོའི་དཔལ་འབྱོར་བརྟན་པོ་དྲུག་མངོན་འགྱུར་ཇི་ལྟར་བྱུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པའི་སྐོར་གླེང་ཡོད།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། ངེས་པར་དུ་དམངས་འཚོར་ཕན་པ་མང་ཙམ་བསྒྲུབ་པ་དང་། དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་རོགས་བྱེད་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། འཕེལ་རྒྱས་ཁྲོད་དམངས་འཚོའི་ཞན་ཆ་གསབ་པ་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། བྱིས་པ་སྐྱོང་མཁན་ཡོད་པ་དང་། སློབ་ལ་འཁྲིད་མཁན་ཡོད་པ། རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒན་དུས་འཚོ་རྟེན་ཡོད་པ། སྡོད་ལ་ཁང་པ་ཡོད་པ། ཞན་པར་རོགས་རམ་ཡོད་པ་བཅས་ཀྱི་ཐད་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཡོང་བ་བྱ་དགོས། དབུལ་སྒྲོལ་འགག་གཏོར་གཏིང་ཟབ་སྤེལ་ནས། མཉམ་འཛུགས་དང་། མཉམ་སྤྱོད། འཕེལ་རྒྱས་བཅས་ཀྱི་ཁྲོད་དུ་མི་དམངས་ཡོངས་ལ་ཐོབ་ཚོར་དེ་བས་ཆེ་བ་ཡོང་རྒྱུ་འགན་ལེན་བྱ་དགོས་པ། མིའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱ་དགོས་ཞེས་སྟོན་གནང་ཡོད།
            བྱིས་པ་སྐྱོང་མཁན་ཡོད་པ་དང་། སློབ་ལ་འཁྲིད་མཁན་ཡོད་པ། རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒན་དུས་འཚོ་རྟེན་ཡོད་པ། སྡོད་ལ་ཁང་པ་ཡོད་པ། ཞན་པར་རོགས་རམ་ཡོད་པ་བཅས་ཀྱི་ཐོག་ནས། སྤྱི་ལོ་2019ལོར་དམས་འཚོའི་དཀའ་གནད་ཆེ་ས་ཐག་གཅོད་བྱེད་པའི་སྲིད་ཇུས་ཁག་མགྱོགས་མྱུར་དོན་འཁྱོལ་བྱེད་དགོས།
            སྤྱི་ལོ་2019ལོ་ཤར་བའི་ཉིན་དང་པོ་ནས་བཟུང་། སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་གསར་པ་ལག་བསྟར་བྱས་ཡོད། དཔྱ་ཁྲལ་འཇལ་མཁན་གྱིས་ཟླ་རེའི་སྒེར་གྱི་ཐོབ་ཁྲལ་སྐྱེལ་མི་དགོས་པའི་ཚད་གཞི་སྒོར་5000ཀྱིས་རྨང་གཞིར་བྱས་པའི་ཐོག ད་དུང་ཆེད་དོན་ཞོར་སྣོན་འཕྲི་གཅོག་སྲིད་ཇུས་ཁག་དྲུག་གི་དཔྱ་ཁྲལ་གཅོག་པའི་ཕན་པ་ལོངས་སྤྱོད་ཐུབ་ཡོད། ཉུང་དུ་བཏང་བའི་དངུལ་རྣམས་མང་ཚོགས་རང་གི་དངུལ་ཁུག་ནང་དུ་སླེབས་ཡོད་པ་དང་། གྲོང་མིའི་ཡོང་འབབ་དངོས་སུ་མང་དུ་ཕྱིན་ཡོད། གནམ་གཤིས་གྲང་ངར་ཆེ་བའི་ད་ལོའི་སྤྱི་ཟླ་དང་པོའི་ནང་མི་རྣམས་ཀྱི་ལས་དོན་དང་། འཚོ་བར་དྲོ་སྐྱིད་གསར་པ་སྦྱིན་ཡོད། ཅང་སུའུ་ཡི་ཕྱིར་གཏོང་ནང་འདྲེན་ཀུང་སི་ཞིག་གི་ལས་མི་ཝང་ཧྲེང་གིས། སློབ་གསོ་དང་། རྒན་གསོ། ཁང་པའི་དངུལ་བུན་འཇལ་བ་བཅས་ལ་དངུལ་ཚབ་འཐེན་བྱས་པས། དེ་སྔ་སྒོར་ཆིག་སྟོང་སྐྱེལ་དགོས་པ་དེ་ད་ལྟ་སྐྱེལ་དགོས་ཀྱི་མི་འདུག དེར་བརྟེན་རང་ཉིད་ལ་གློ་བུར་དུ་སྒོར་སྟོང་ཕྲག་གཅིག་མང་དུ་ཕྱིན་པའི་སྣང་བ་འདུག་ཅེས་གསུངས་ཡོད།
            མི་སྒེར་རེ་རེ་དང་། ཁྱིམ་ཚང་རེ་རེ་ཚང་མའི་ཡོང་འབབ་ནི་དམངས་འཚོའི་རྩིས་ཁྲ་ཆེན་པོ་ཞིག་རེད། ཟླ་བ་གོང་མར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་དབྱེ་འབྱེད་གྲོས་མོལ་བྱས་ནས་དེའི་ནང་དུ་བཅུག་པའི་སྨན་རྫས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་པ་དང་། འབྲེལ་ཡོད་ཀྱི་དབྱེ་འབྱེད་གྲོས་མོལ་བྱེད་པའི་གྲོས་མོལ་སྨན་རྫས་70གསར་སྣོན་བྱས་པ་དེའི་གོང་ཚད་ཀྱང་60.7%ཆག་ཡོད། ནད་པ་རང་ཉིད་ཀྱིས་འཁུར་དགོས་པའི་སྨན་རིན་གྱི་ཚད་གཞི་དེ་དེ་སྔའི་20%མན་ལ་ཆག་ཡོད་པ་རེད།
            དེ་དང་ཆབས་ཅིག སྨན་བཅོས་འགལ་བཅོལ་གློག་རྡུལ་དཔང་ཡིག་དེས་ཀྱང་ན་ཚ་ལྟ་རྒྱུ་ལྡབ་ཀྱིས་སྟབས་བདེ་རུ་བཏང་ཡོད། སྤྱི་ཟླ་11པའི་ཚེས་24ཉིན། རྒྱལ་ཡོངས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་དང་པོ་དེ་ཧྲན་ཏུང་ཅི་ནན་དུ་སྤྲད་ཡོད། མིག་སྔའི་ཆར། ཧོ་པེ་དང་། ཅི་ལིན། ཧའེ་ལུང་ཅང་། ཧྲང་ཧའེ། ཧྥུའུ་ཅན། ཧྲན་ཏུང་། ཀོང་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱིས་སྔ་རྗེས་སུ་སྤྲོད་བཞིན་ཡོད། ཧྲན་ཏུང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུད་ཀྱི་འགོ་འཛིན་གཞོན་པ་ཆིའུ་པིང་ཡུས་ཀྱིས། སྨན་བཅོས་འགལ་བཅོལ་གྱི་གློག་རྡུལ་དཔང་ཡིག་དེ་ནི་དངོས་གཟུགས་ཀྱི་བྱང་བུར་བརྟེན་མི་དགོས་པས། བོར་ན་གསར་བཟོ་བྱེད་པ་དང་འགྲོ་གྲོན་བསྡུ་དགོས་རིགས་ཀྱི་གནད་དོན་གང་ཡང་མེད་པར་དྲ་ཐོག་ནས་སྨན་པ་བརྟེན་པའི་ཨང་ཀི་བཀག་པ་དང་། མཇུག་རྩིས་རྒྱག་པ། འཚོལ་བཤེར་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཞབས་ཞུ་སྒྲུབ་ཆོག་པས། སྟབས་ཧ་ཅང་བདེ་པོ་ཡོད་ཅེས་གསུངས་པ་རེད།
            ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། ད་ལོ། ཀྲུང་དབྱང་གིས་ལས་ཞུགས་བརྟན་པོ་བྱ་རྒྱུ་དེ་བརྟན་པོ་དྲུག་གི་ལས་ཀའི་མདུན་དུ་བཞག་གནང་ཡོད། རྒྱལ་ཁབ་སྡོམ་རྩིས་ཅུད་ཀྱི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་དེ་དུས་ཡུན་ཟླ་བ་དྲུག་བསྟུད་མར་མི་གྲངས་བྱེ་བ་གཅིག་དང་ས་ཡ་གསུམ་ལས་བརྒལ་ཡོད། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་པའི་བར་ལོ་ཧྲིལ་པོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྣོན་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་ཟིན་པ་བྱེད་པའི་དམིགས་འབེན་སྔ་ནུར་དུ་མངོན་འགྱུར་བྱུང་ཡོད།
            པེ་ཅིན་སློབ་ཆེན་ཀྲུང་གོ་ལས་རིགས་ཞིབ་འཇུག་ཁང་གི་འགོ་འཛིན་ཁྲེན་ཡུས་ཀྱིས། ལས་ཞུགས་བརྟན་པོ་བྱེད་པའི་སྲིད་ཇུས་ཀྱིས་ཕན་འབྲས་རྒྱུན་མཐུད་དུ་འདོན་སྤེལ་བྱེད་བཞིན་ཡོད། ལས་གཏོད་གསར་སྐྲུན་དང་ལས་རྣམ་གསར་པ་ཡང་མངོན་ཡོད། ལས་ཞུགས་འགན་ལེན་བྱ་རྒྱུ་ཅུང་དཀའ་ངལ་ཆེ་བ་རྣམས་ལ་སྤྱི་ཚོགས་ནས་རོགས་རམ་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ངེས་རེད། མང་ཚོགས་ངོས་ནས་བཤད་ན། ལས་ཞུགས་ཀྱི་ལས་གནས་ཁོ་ན་རེ་སྒུག་བྱེད་པ་མ་ཡིན་པར། ལས་ཀ་ཡག་པོ་ཞིག་རག་པའི་རེ་བ་བྱེད་ཀྱི་ཡོད། དེ་ནི་སྤུས་ཚད་མཐོ་བའི་ལས་ཞུགས་ཟེར་བ་དེ་རེད། ལས་ཀ་སྣ་གཅིག་ལ་མགོ་འཁོར་ནས་མི་སྡོད་པའི་གཞོན་ནུའི་སྣང་ཚུལ་ཡང་མངོན་བཞིན་ཡོད། ཁོང་ཚོས་བྱ་བ་སྣ་མིན་སྣ་ཚོགས་སྒྲུབ་བཞིན་ཡོད་པ་སྟེ། ལས་རིགས་བྱེད་སྒོ་སྣ་མང་གི་ཐབས་ལམ་ཞིག་ཡིན་པ་དང་། དོན་དངོས་ཐོག་གཞོན་ནུའི་མི་རབས་དེ་དག་གིས་རྣམ་པ་གསར་པ་ཞིག་དང་། ཁ་ཕྱོགས་གསར་པ་ཞིག་མངོན་གྱི་ཡོད་ཅེས་གསུངས་ཡོད།
            ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དམ་བཟུང་བྱ་དགོས་པ་སྟེ། གཅིག་ནས་ནུས་ཤུགས་ཡོད་རྒུས་བྱ་བ་དེ་དག་བསྒྲུབ་དགོས་ལ། ཡང་ནུས་པས་ལྕོགས་ཚོད་ཀྱིས་བྱ་བ་བསྒྲུབ་པ། བྱ་བ་རྣམས་རེ་རེ་བཞིན་བསྒྲུབ་པ་དང་། ལོ་རེ་བཞིན་རྒྱུན་མཐུད་ནས་བསྒྲུབ་དགོས་ཞེས་བསྟན་ཡོད།
            ཞི་ཅིན་ཕིང་གིས། མི་ཚང་མས་འགན་འཁུར་བ་དང་། མི་ཚང་མར་སྤྱོད་དབང་ཡོད་པ། མ་མཐའ་སྲུང་བ། གཙོ་གནད་འགག་སྒྲོལ། ལམ་ལུགས་འཐུས་ཚང་། སྔོན་དཔག་སྣེ་ཁྲིད། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ། ནུས་ལྡན་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྤུས་ཀ་ལེགས་པའི་སྤྱི་ཚོགས་སྒྲིག་ལམ་ཆགས་པ་བཅས་བྱས་ཏེ། མི་དམངས་ཀྱི་ཐོབ་ཚོར་དང་། བདེ་ཚོར། བདེ་འཇགས་ཚོར་སེམས་བཅས་སྔར་བས་འཐུས་སྒོ་ཚང་བ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཡིན་པ་བཅས་བྱ་དགོས་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།