2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2019-12-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ་12པའི་ཚེས་10ནས་ཚེས་12ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། སྤྱི་ལོ་2019ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། སྤྱི་ལོ་2020ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་ཡོད་པ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་དཔལ་འབྱོར་ལས་དོན་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་ ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
          གྲོས་ཚོགས་ཐོག འདི་ལོ་ཤར་ཚུན། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་ཆེ་རུ་འགྲོ་བའི་རྙོག་འཛིང་ཆེ་བའི་རྣམ་པར་གཞིགས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་པ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རིམ་ཐོན་པ། གནད་འཕིགས་དབུལ་སྒྲོལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་ཐུབ་པ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ། སྒྱུར་བཅོས་སྒོ་དབྱེའི་ཐད་གོམ་སྟབས་གལ་ཆེན་སྤོ་ཐུབ་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ། ཚན་རྩལ་གསར་གཏོད་ལ་ཚད་བརྒལ་གསར་པ་བྱུང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་ཚད་གཙོ་བོའི་འཕེལ་རིམ་སྔོན་དཔག་དང་མཐུན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཐད་གལ་ཆེའི་འཕེལ་རྒྱས་གསར་པ་བྱུང་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།
          གྲོས་ཚོགས་ཐོག མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་རྒྱུན་མཐུད་ངང་འགོར་དུ་ཕྱིན་པ་དང་། རྒྱལ་ནང་གི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་ཕྱིན་མེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སེམས་ཤུགས་བརྟན་པོ་དང་བློ་སེམས་གཅིག་མཐུན་བྱེད་ཀྱི་ཡོད་པས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ཅེས་བསྟན་ཡོད་པ་རེད།
          གྲོས་ཚོགས་ཐོག སང་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པས། ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་ཡག་པོ་འདིང་རྒྱུ་དང་། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལས་འགན་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱ་རྒྱུ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བཅས་བྱས་ནས། བརྟན་པོ་དྲུག་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་དགོས་པ་དང་། བརྟན་པོའི་ངང་འཕར་སྣོན་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་གཞི་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་ལེན་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་བཅས་བྱས་ཏེ། མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། 
          གྲོས་ཚོགས་ཐོག སང་ལོའི་སྔོན་དཔག་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་བརྟན་པོ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཞིབ་ཕྲའི་སྲིད་ཇུས་འཁྲུག་པོ། སྤྱི་ཚོགས་སྲིད་ཇུས་ཀྱིས་འདེགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་ཀྱི་སྒྲོམ་གཞི་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁོག་སྙོམས་སྒྲིག་གི་སྔོན་མཐོང་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ཐོག དཔལ་འབྱོར་གྱི་གྲངས་ཚད་ལུགས་མཐུན་ངང་འཕར་བ་དང་སྤུས་ཚད་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།
          གྲོས་ཚོགས་ཐོག སང་ལོར་གཤམ་གསལ་གྱི་ལས་དོན་ཁག་གཙོ་གནད་དུ་འཛིན་དགོས་པའི་གཏན་འཁེལ་བྱས་པ་སྟེ།
          གཅིག་ནི། བློ་བརྟན་འགྱུར་མེད་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་དགོས། དུས་རབས་གསར་པར་གོང་འཕེལ་དམ་འཛིན་བྱེད་པར། ངེས་པར་དུ་གོང་འཕེལ་གྱི་འདུ་ཤེས་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་། གསར་གཏོད་དང་། མཐུན་སྦྱོར། སྦགས་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་རང་རྒྱལ་གྱི་གོང་འཕེལ་འདི་ཉིད་དུས་མཚམས་གསར་པ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་འགྱུར་ལྡོག་འགྲོ་བའི་ལྡོག་མེད་ཀྱི་བླང་བྱ་དང་འཚམ་པ་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དམ་པོར་འཛིན་པ། དོ་སྣང་བྱ་ཡུལ་དེ་དོ་སྙོམས་མིན་པ་དང་ཆ་མི་ཚང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐོག་གཅིག་སྡུད་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། སྲིད་ཇུས་གལ་ཆེན་འདོན་པ་དང་ལེགས་སྒྲིག་བྱེད་པའི་ཕྱོགས་བསྡུས་ཤུགས་རྐྱེན་ལ་དཔྱད་དཔོག་བྱེད་པ། སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། རྣམ་པ་མི་འདྲ་བའི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུ་དེ་རིམ་ཁག་འགོ་ཁྲིད་ལས་བྱེད་པར་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་འཛིན་དགོས།
          གཉིས་ནི། འགག་གཏོར་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་རྒྱག་དགོས། དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་ཁག་དུས་བཀག་ལྟར་ཁྱོན་ཡོངས་ནས་ལེགས་གྲུབ་ཐུབ་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཆེས་དབུལ་ཕོངས་ཀྱི་གནས་ཚུལ་མེད་པ་བཟོ་བའི་དམག་འཐབ་ལེགས་པོ་རྒྱག་པ། དབུལ་ཕོངས་མི་འབོར་སེལ་བའི་འགག་གནད་དམ་འཛིན་བྱེད་པ། དབུལ་གྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བྱེད་དགོས། སྦགས་བཙོག་བཅོས་སྒྲིག་གི་འགག་གཏོར་དམག་འཐབ་ལེགས་པོ་རྒྱག་པ་དང་། ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་ཆུང་དུ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གནད་འཕིགས་ཐོག་སྦགས་བཙོག་བཅོས་སྒྲིག་དང་། ཚན་རིག་དང་མཐུན་པའི་ངང་སྦགས་བཙོག་བཅོས་སྒྲིག་བྱེད་པ། ཁྲིམས་མཐུན་སྒོ་ནས་སྦགས་བཙོག་བཅོས་སྒྲིག་བྱ་རྒྱུ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། སྤྱི་ཁོག་འདེགས་ཤིང་ཚད་གཞི་གཞི་རྩའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་བདའ་འདེད་ཡག་པོ་གཏོང་བ་བཅས་བྱ་དགོས།
          གསུམ་ནི། དམངས་འཚོ་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་དང་ལེགས་བཅོས་ནུས་ལྡན་ཐུབ་རྒྱུ་འགན་སྲུང་བྱེད་དགོས། སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ནས་གཞི་རྩ་འགན་སྲུང་བྱེད་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་རྟོལ་རང་བཞིན་བཅས་ལ་དོ་སྣང་བྱེད་དགོས། སྨན་བཅོས་རྒན་གསོ་སོགས་དམངས་འཚོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཁྲོམ་ར་ཅན་གྱི་ལེགས་བཅོས་དང་ནང་ཁུལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། བང་རིམ་མང་བ་དང་རྣམ་པ་མང་བའི་མཁོ་སྤྲོད་ནུས་པ་ཤུགས་ཆེར་གཏོང་དགོས། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་འགན་སྲུང་ལས་དོན་ཧུར་ཐག་སྒྲུབ་དགོས་པ་དང་། གྲོང་ཁྱེར་གསར་སྒྱུར་དང་ད་ལྟ་ཡོད་པའི་སྡོད་ཁང་ལེགས་བཅོས་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ། སྡོད་ཁང་བོགས་མར་གཏོང་བའི་ལས་དོན་གོང་འཕེལ་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས། ཁེ་སྤོགས་བརྩོན་ལེན་བྱེད་ས་མིན་པའི་ངེས་ཤེས་རྒྱུན་འཁྱོངས་བྱས་ནས། ས་ཁང་ཐོན་ལས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
          བཞི་ནི། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་རྩའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་འབྲས་ཤུགས་ཆེར་གཏོང་བ་དང་གྲུབ་གཞི་ལེགས་སྒྲིག་བྱ་རྒྱུར་དོ་སྣང་སྔར་བས་ལྷག་པ་བྱེད་དགོས། བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་གང་འགབ་ཅི་སྤྱོད་བྱེད་པ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་མ་དངུལ་རུབ་བསྡུས་བྱེད་པའི་མ་གནས་དམའ་རུ་འགྲོ་བ་བྱེད་པ། ནོར་སྲིད་སྲིད་ཇུས་དང་། དངུལ་ལོར་སྲིད་ཇུས་ཀྱིས་མཐུན་སྦྱོར་གནད་འཕིགས་སྒོ་ནས་ནུས་པ་འདོན་སྤེལ་བྱེད་པ་དང་། མ་དངུལ་རྣམས་གཏོང་ཕྱོགས་དེ་ཐུན་མོང་ཐོག་ཕན་ཁེ་ཐོབ་པ་དང་བསྒྱུར་གྲངས་ཀྱི་ཕན་ནུས་ལྡན་པའི་ཁྱབ་ཁོངས་སུ་བེད་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དང་མ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
          ལྔ་ནི། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྲ་བརྟན་དང་། ཤུགས་ཆེར་འགྲོ་བ། རིམ་སྤོར། ཤར་བགྲོད་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྒུལ་བྱེད་གསར་གཏོད་དང་བསྒྱུར་བཅོས་སྒོ་དབྱེ་གཉིས་རྟེན་གཞིར་བྱས་ནས། དཔལ་འབྱོར་ཧྲིལ་པོའི་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་གོང་མཐོར་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། ཞིང་ལས་ཐོན་སྐྱེད་ཀྱི་མཁོ་སྤྲོད་ལ་འགན་སྲུང་བྱ་རྒྱུར་དམ་འཛིན་ལེགས་པོ་བྱས་ནས། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། ཞིང་པའི་འབབ་འཕར་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཚན་རྩལ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་རྣམས་བརྗེ་སྒྱུར་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ལག་རྩལ་གསར་སྐྲུན་ནུས་པ་མཐོར་གཏོང་བྱེད་པ། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་སྐྲུན་གྱི་སྒྲིག་གཞི་འཐུས་ཚང་འཛུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་དགོས། ཁྲོམ་རའི་སྒྲིག་གཞི་དང་དེང་རབས་ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ནས་ཆེད་ལས་ཅན་དང་རིན་ཐང་སྦྲེལ་ཐག་གི་རྩེར་སོན་ཕྱོགས་ལ་སྣུར་བསྲིངས་བྱེད་པ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ནས་སྤུས་ལེགས་དང་སྣ་མང་ཅན་ཕྱོགས་ལ་རིམ་སྤོར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་རྒྱང་རིང་གོང་འཕེལ་ལ་བསམ་བློ་གཏོང་བ་དང་། འཐབ་ཇུས་རང་བཞིན་དང་དྲ་བའི་རྣམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ས་ཁོངས་འཕེལ་རྒྱས་འཐབ་ཇུས་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ། ས་ཁོངས་སྲིད་ཇུས་དང་བར་ཁམས་བཀོད་སྒྲིག་འཐུས་ཚང་ཡོང་བ་བྱེད་པ་དང་། ས་གནས་ཁག་གི་བཟང་ཆ་འདོན་སྤེལ་བྱེད་པ། རྒྱལ་ཡོངས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པའི་འབྱུང་གནས་འཛུགས་པ། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཕྱོགས་བསྡུས་ཐེག་འཁུར་ནུས་པ་ཆེ་རུ་གཏོང་དགོས།
          དྲུག་ནི་དཔལ་འབྱོར་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་གང་མགྱོགས་འཛུགས་པ། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་མགྱོགས་སུ་གཏོང་བ། གཞུང་ཁོངས་མ་རྩ་ཁྱབ་ཚུལ་ལེགས་སྒྱུར་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། ཐོན་དབང་ལམ་ལུགས་དང་རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་འཐུས་ཚང་འཛུགས་པ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་མ་ལག་འཐུས་ཚང་འཛུགས་དགོས། ས་ཆའི་འཆར་གཞིའི་དོ་དམ་བྱ་ཐབས་སྒྱུར་བཅོས་བྱེད་པ་དང་། ནོར་ཁྲལ་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ། དངུལ་རྩའི་སྒྲིག་གཞིའི་སྒྱུར་བཅོས་མགྱོགས་སུ་གཏོང་དགོས། ཕྱི་ཕྱོགས་སྒོ་དབྱེ་དེ་ཉིད་མུ་མཐུད་ནས་ཁྱབ་རྒྱ་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་ལས་ཡངས་བ། བང་རིམ་དེ་ལས་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་དང་། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་བྱེད་མགྱོགས་སུ་གཏོང་དགོས་ཞེས་བསྟན་ཡོད།
          གྲོས་ཚོགས་ཐོག བརྟན་པོ་དྲུག་གི་བྱ་ཐབས་འཐུས་ཚང་དང་སྲ་བརྟན་དུ་གཏོང་བ་དང་། ནོར་སྲིད་དང་། དངུལ་ལོར། ལས་ཞུགས་སོགས་སྲིད་ཇུས་མཐུན་སྦྱོར་དང་མཐུད་ཁྲིད་དོན་འཁྱོལ་སྒྲིག་གཞི་འཐུས་ཚང་འཛུགས་པ། དཔལ་འབྱོར་འཁོར་སྐྱོད་དེ་ཉིད་ལུགས་མཐུན་བར་ཁམས་སུ་རྒྱུན་འཁྱོངས་ཐུབ་རྒྱུ་འགན་ལེན་བྱེད་དགོས། དཔྱ་ཁྲལ་དམའ་གཏོང་དང་འགྲོ་གྲོན་ཉུང་གཏོང་གི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ནོར་སྲིད་གཏོང་སྒོའི་གྲུབ་གཞི་ལེགས་སྒྱུར་ཤུགས་ཆེན་བྱེད་པ། ཁེ་ལས་ཀྱི་མ་རྩ་བསྡུ་རུབ་དཀའ་བ་དང་མ་རྩ་བསྡུ་རུབ་ཀྱི་རིན་གོང་མཐོ་བའི་གནད་དོན་སྔར་བས་ཞི་ལྷོད་དུ་གཏོང་བ། བྱ་ཐབས་མང་པོ་མཉམ་དུ་བཟུང་ནས་ལས་ཞུགས་གནས་བབ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས། སྒྱུར་བཅོས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྲིད་འཛིན་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་གཏིང་ཟབ་ཏུ་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི་བཟོ་བ་དང་ལག་བསྟར་བྱེད་་དང་པ། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་གཏོང་བ། དངོས་གཟུགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། ཀུན་གྱིས་ལས་གཏོད་དང་དམངས་ཀྱིས་གསར་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོའི་ཁྲིད་ཕྱོགས་བརྟན་དུ་གཏོང་བ་དང་། འཛད་སྤྱོད་བརྟན་པོའི་སྒོ་ནས་འཕར་རྒྱུར་སྐུལ་འདེད་གཏོང་བ། ནུས་ལྡན་མ་འཇོག་ཁ་སྣོན་ཏན་ཏིག་རྒྱག་པ། རྒྱལ་ནང་གི་ཁྲོམ་རའི་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་གང་ལེགས་འདོན་དགོས། དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་མངོན་འགྱུར་ཡོང་བ་དང་། དབུལ་སྒྲོལ་འབྲས་བུ་སྲ་བརྟན་དུ་གཏོང་རྒྱུ་འགན་ལེན་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་དམ་བཟུང་ཡག་པོ་བྱེད་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་སྒོ་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕྱི་རྒྱལ་མ་རྩ་སྤྱོད་རྒྱུ་བརྟན་པོ་དང་རྒྱ་སྐྱེད་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྦགས་གཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། དམངས་འཚོའི་འགན་སྲུང་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
          གྲོས་ཚོགས་ཐོག ས་གནས་ཁག་དང་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་གནང་བའི་ལམ་ལུགས་ཀྱི་བཟང་ཆ་དེ་ཉིད་བཅོས་སྐྱོང་ཕན་འབྲས་ལ་བརྗེ་སྒྱུར་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་ཡོད།
          གྲོས་ཚོགས་ཐོག ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱ་རྒྱུར་རླབས་ཆེན་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་པའི་འབོད་སྐུལ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།