“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅིས་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་གནང་བའི་དངོས་བྲིས།

སྤེལ་དུས 2019-12-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། རྩོམ་པ་པོ།
            དམངས་གཉེར་ཁེ་ལས་ཆེད་གོང་འཕེལ་གྱི་ཁོར་ཡུག་སྔར་བས་ལེགས་པ་གཏོད་དགོས་ཞེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར་གནང་བའི་དངོས་བྲིས།
            གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཡོ་འགུལ་སྤུ་ཙམ་མི་གཏོང་བ་གཉིས་ལ་ནན་གསུངས་ཐེངས་མང་གནང་མྱོང་བ་དང་། ཡུལ་དངོས་མི་འདྲ་བ་མང་པོར་དམངས་གཉེར་དཔལ་འབྱོར་དང་། དམངས་གཉེར་ཁེ་ལས་གོང་འཕེལ་ཆེད་མཛུབ་སྟོན་དང་གསུང་བཤད་གནང་མྱོང་ཡོད། ཁོང་གིས། དམངས་གཉེར་དཔལ་འབྱོར་ལ་འཕྲད་པའི་དཀའ་ཚེགས་དང་གནད་དོན་ལ་དམ་པོར་གཞིགས་ནས། དམངས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་སྲིད་ཇུས་བྱ་ཐབས་བཏོན་ནས། དམངས་གཉེར་ཁེ་ལས་ཀྱི་སེམས་ཁྲལ་མེད་པར་བཟོས་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཡིད་ཆེས་ལྡབ་བརྒྱ་འཕེལ་དུ་བཅུག་ཡོད། དེ་རིང་དམིགས་བསལ་ཇུས་འགོད་ལེ་ཚན། དམངས་གཉེར་ཁེ་ལས་ཆེད་གོང་འཕེལ་གྱི་ཁོར་ཡུག་སྔར་བས་ལེགས་པ་གཏོད་དགོས་ཞེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར་གནང་བའི་དངོས་བྲིས་ཞེས་པ་དེ་གསན་རོགས་གནང་།
            སྤྱི་ལོ་2016ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་ཀྱི་དམངས་འཛུགས་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆུང་མཉམ་འབྲེལ་གྲོས་ཚོགས་ནང་ཞུགས་སྐབས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གཙོ་གཟུགས་བྱེད་པ་དང་། དབང་བའི་ལམ་ལུགས་ཀྱི་སྣ་མང་དཔལ་འབྱོར་ཐུན་མོང་ཐོག་གོང་འཕེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ལག་བསྟར་བྱེད་པ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་གཏན་འཁེལ་བྱས་པའི་ཇུས་ཆེན་མཛད་ཕྱོགས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་གྱི་ཆ་ཤས་ཤིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན་ཞེས་བསྟན་གནང་བ་དང་། གྲོས་ཚོགས་ཐོག རྣམ་པ་གསར་པའི་སྲིད་ཇུས་དང་ཚོང་ལས་ཀྱི་འབྲེལ་བ་ནི་མདོར་བསྡུས་ནས་བརྗོད་ན། མཛའ་བརྩེ་དང་། ཁ་གསལ་གཉིས་རེད་ཅེས་བསྟན་ཡོད།
            འགོ་ཁྲིད་ལས་བྱེད་པའི་ངོས་ནས་བརྗོད་ན། མཛའ་བརྩེ་ཞེས་པ་ནི། བློ་དཀར་གཞུང་དྲང་ངང་དམངས་གཉེར་ཁེ་ལས་དང་འབྲེལ་འདྲིས་བྱེད་པ་དང་། ལྷག་པར་དུ་དམངས་གཉེར་ཁེ་ལས་ལ་དཀའ་གནད་དང་གནད་དོན་འཕྲད་པའི་སྐབས་སུ། ལས་དོན་ཧུར་ཐག་སྒྲུབ་པ་དང་། མདུན་དུ་ཕྱོགས་ནས་ཞབས་ཞུ་སྒྲུབ་པ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣར་དོ་ཁུར་མང་ཙམ་དང་། ལྷུག་གླེང་མང་ཙམ། སྣེ་ཁྲིད་མང་ཙམ་བཅས་བྱས་ཏེ། དོན་དངོས་དཀའ་གནད་ཐག་གཅོད་བྱ་རྒྱུར་རོགས་རམ་བྱེད་དགོས་པ་དེ་རེད། ཁ་གསལ་ཞེས་པ་ནི། དམངས་གཉེར་ཁེ་ལས་མཁས་པའི་བར་གྱི་འབྲེལ་བ་ཕྱི་གསལ་ནང་གསལ་དང་། དྭངས་གཙང་ལྷད་མེད་ཡིན་པ་ལས། སྒེར་སེམས་དང་ཧམ་སེམས་དང་། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ། དབང་དངུལ་བརྗེ་འཚོང་རྒྱག་པ་སོགས་བྱེད་མི་རུང་། དམངས་གཉེར་ཁེ་ལས་མཁས་པའི་ངོས་ནས་བརྗོད་ན། མཛའ་བརྩེ་ཞེས་པ་ནི། རང་རྟོགས་ཆེན་པོའི་སྒོ་ནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་སྡེ་ཚན་ཁག་བཅས་དང་སྤེལ་རེས་མང་ཙམ་བྱེད་པ་དང་། སྐད་ཆ་དྲང་པོ་བརྗོད་པ་དང་། དོན་དངོས་གནས་ཚུལ་གླེང་བ། བསྔགས་སྐུལ་བྱེད་པ་བཅས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ས་གནས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དེ་རེད། ཁ་གསལ་ཞེས་པ་ནི། ཐབས་མཁས་རང་སྲུང་དང་། ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་པ་དང་། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུས་ཏེ་ཁེ་ལས་གཉེར་བ་དང་། གཞུང་དྲང་ཁ་གསལ་གྱི་སྒོ་ནས་ལས་གཉེར་བྱེད་ཐུབ་པ་དགོས་རྒྱུ་དེ་རེད།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོའི་ཏང་གིས་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པའི་ཐད་ཀྱི་ལངས་ཕྱོགས་ཁ་གསལ་དང་འགྱུར་མེད་ཡིན་ལ། ད་དུང་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་། འགྱུར་བ་གཏན་ནས་མི་འགྲོ་བ་ཞིག་རེད། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚང་མ་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་གྱི་ཆ་ཤས་ཤིག་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་འགྲོ་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་སྣ་ཚོགས་ལ་སྲུང་སྐྱོབ་བྱེད་པ་དང་། དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་སོགས་རྒྱུན་འཁྱོངས་བྱེད་པ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་གཏོད་ནུས་པ་སྐུལ་སྤེལ་བྱས་ཡོད། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྒྲིག་འཛུགས་དང་རང་བྱུང་མིའི་རྒྱུ་ནོར་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
            སྤྱི་ལོ་2017ལོར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱ་རྒྱུ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་པའི་སྐོར་གླེང་གནང་སྐབས། དམངས་གཉེར་ཁེ་ལས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཏོན་གནང་ཡོད། ཁྲོམ་རའི་ཆོག་འཐུས་ཀྱི་ལྡོག་ཕྱོགས་རྩིས་ཐོའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྲོམ་རའི་གཅིག་འགྱུར་དང་འདྲ་མཉམ་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྣེ་མང་སྒྲིག་སྲོལ་དང་བྱ་ཐབས་གཙང་སེལ་བཟོ་བ། དམངས་གཉེར་ཁེ་ལས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། རིགས་ཁག་གི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས་ཞེས་བསྟན་གནང་ཡོད།
            སྤྱི་ལོ་2018ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཁྲོད་གཟེངས་བསྟོད་ཐོབ་པའི་དམངས་གཉེར་ཁེ་ལས་མཁས་པར་འཕྲིན་ལན་སྤྲིངས་ནས། རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་པ་ཚོས་གོང་འཕེལ་གྱི་ཡིད་ཆེས་བརྟན་པོ་འཛུགས་རྒྱུ་དང་ཏན་ཏན་ཏིག་ཏིག་སྒོ་ནས་ཁེ་ལས་ཡག་པོ་གཉེར་རྒྱུའི་བསྔགས་སྐུལ་གནང་ཡོད། ཁོང་གིས། དམངས་གཉེར་ཁེ་ལས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་ནི། ཏང་ཀྲུང་དབྱང་གི་འགྱུར་མེད་མཛད་ཕྱོགས་ཤིག་ཡིན་པས། འདི་ལ་འགྱུར་བ་གཏན་ནས་གཏོང་མི་རུང་ཞེས་ནན་གསུངས་གནང་ཡོད།
            སྤྱི་ཟླ་10ཟླ་མཇུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས། སྔ་རྗེས་སུ་དམངས་གཉེར་ཁེ་ལས་མང་པོར་ཕེབས་ནས་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས། དམངས་གཉེར་ཁེ་ལས་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས་མདུན་ལམ་རྒྱ་ཆེན་པོ་ཡོད། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་དང་རྒྱབ་སྐྱོར་མཐའ་ཅིག་ཏུ་ཞུ་བཞིན་ཡོད་པ་དང་། དེར་འགྱུར་ལྡོག་གང་ཡང་ཕྱིན་མེད་ལ་འགྱུར་ལྡོག་གཏོང་ཡང་མི་སྲིད། ང་ཚོས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ལ་མཐུན་རྐྱེན་དེ་བས་ཡག་པ་སྐྲུན་དགོས། ཀྲུང་དབྱང་གིས་ཁེ་ལས་འབྲིང་ཆུང་སྔར་བས་གོང་འཕེལ་གཏོང་རྒྱུའི་ཐད་མཐོང་ཆེན་བྱེད་པ་མ་ཟད། གོང་འཕེལ་གང་འདྲ་གཏོང་མིན་ཐད་དགོངས་པ་བཞེས་བཞིན་ཡོད། ང་ཚོས་ད་ལྟ་གསར་གཏོད་གསར་སྐྲུན་དང་ལས་གཏོད་བྱེད་བཞིན་ཡོད་པ་དེའང་དོན་དངོས་ཐོག་ཁེ་ལས་འབྲིང་ཆུང་ལ་གོ་སྐབས་མང་ཙམ་དང་ཁོར་ཡུག་ཆེ་ཙམ་སྐྲུན་བཞིན་ཡོད་པ་དེ་རེད། དམངས་གཉེར་ཁེ་ལས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་གོང་འཕེལ་གཏོང་དགོས། ང་རང་ནས་ཀྱང་ལྷན་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་པའི་ཡིད་ཆེས་ཡོད། གྲུབ་འབྲས་དེས་ཁྱེད་རྣམ་པའི་ཁེ་ལ་དར་རྒྱས་ཡོང་ཐུབ་ལ། ང་ཚོའི་མེས་རྒྱལ་སྟོབས་ཆེ་དང་མི་དམངས་འབྱོར་ཕྱུག་ཏུ་འགྱུར་ཐུབ་པས། ཁྱེད་རྣམ་པས་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་གནང་ཡོད།
            སྤྱི་ཟླ་11ཟླ་འགོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཡོང་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས་པ་དང་། དམངས་གཉེར་ཁེ་ལས་གོང་འཕེལ་ཐུབ་པ་མ་ཟད་དེ་བས་རྒྱ་ཆེ་བའི་གར་སྟེགས་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉིས་པོས་གཅིག་ལ་གཅིག་རྟེན་བྱེད་དགོས་པ་ལས་ཕན་ཚུན་བར་ཟུར་ཕུད་དང་ཁ་འཐབ་གཏོང་མི་རུང་། དེ་དག་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྩ་ཁྲིམས་དང་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད། དེར་འགྱུར་བ་ཕྱིན་མེད་ལ་འགྱུར་བ་གཏོང་ཡང་མི་རུང་། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ལ་ཁས་ལེན་མི་བྱེད་པ་དང་དོགས་སློང་བྱེད་པ། གཡོ་འགུལ་གཏོང་བ་སོགས་ཀྱི་གཏམ་བཤད་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་མཛད་ཕྱོགས་དང་མཐུན་གྱི་མེད། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་པ་ཚང་མས་སེམས་རྩེ་གཅིག་ཏུ་གནས་ནས་གོང་འཕེལ་ཁོ་ནའི་ལས་ལ་གཞོལ་ན་འགྲིག་གི་རེད་ཅེས་ནན་སྟོན་གནང་ཡོད།
            ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ལས་གཉེར་དང་གོང་འཕེལ། བརྗེ་སྒྱུར་བཅས་བྱེད་དུས་འཕྲད་པའི་དཀའ་གནད་དང་ཟུང་འབྲེལ་གྱིས། ཁེ་ལས་ཀྱི་ཁྲལ་གྲོན་འཁུར་པོ་ཡང་གཏོང་དང་། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་རུབ་བསྡུས་དཀའ་བ་དང་མ་དངུལ་རུབ་བསྡུས་ཀྱི་མ་གནས་མཐོ་བ་སོགས་ཀྱི་སྲིད་ཇུས་བྱ་ཐབས་ཁག་དྲུག་བཏོན་ཡོད། དུས་མཚུངས། ཁོང་གིས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་རང་ངོས་སློབ་སྦྱོང་དང་། རང་ངོས་སློབ་གསོ། རང་ངོས་མཐོར་གཏོང་། རང་སོའི་སྤྱི་ཚོགས་གཟུགས་བརྙན་ལ་མཐོང་ཆེན་བཅས་བྱས་ནས་རྒྱལ་གཅེས་ལས་བརྩོན་དང་ཁྲིམས་སྲུང་ལས་གཉེར། ལས་གཏོད་གསར་སྐྲུན། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་མིག་དཔེ་བྱེད་དགོས་པའི་ཐུགས་རེ་གནང་ཡོད། དམངས་གཉེར་ཁེ་ལས་ཀྱིས་དྲང་བདེན་གླེང་ནས་བདེན་པའི་ལམ་དུ་ཞུགས་དགོས་པ་དང་། བློ་བསྡུས་དགེ་འཚོལ་གྱིས་ཁེ་ལས་གཉེར་བ། སྒྲིག་བཀུར་ཁྲིམས་སྲུང་གིས་ལས་གཉེར་བྱེད་དགོས། ཁེ་ལས་ཀྱི་ནང་ཁུལ་རིག་གནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་ལས་གཉེར་ནུས་པ་དང་། དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་ཁྲིམས་མིའི་བཅོས་སྐྱོང་གྲུབ་གཞི་ལེགས་སྒྲིག་བྱེད་པ། ཆ་རྐྱེན་ཡོད་པའི་དམངས་གཉེར་ཁེ་ལས་ཀྱིས་དེང་རབས་ཅན་གྱི་ཁེ་ལས་ལམ་ལུགས་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས། མི་རབས་གསར་པའི་དམངས་གཉེར་ཁེ་ལས་མཁས་པས་རྒན་རབས་རྣམས་ཀྱི་དཀའ་སྤྱད་འབད་འཐབ་དང་ལས་དོན་སྒྲུབ་ཕོད་པ། ཁེ་ལས་ལ་གཅིག་སྡུད་བྱེད་པ། ལས་སྒོ་གཙོ་བོ་རྩེ་གྲ་སྒྲུབ་པ་བཅས་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས་པ་དང་། ཁེ་ལས་སྟོབས་ཆེ་ཕུལ་བྱུང་ཕྱོགས་སུ་གོང་འཕེལ་གཏོང་གང་ཐུབ་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱིས་ད་དུང་རྒྱལ་སྤྱིའི་མིག་རྒྱང་ཆེ་རུ་བཏང་ནས་གསར་གཏོད་ནུས་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་མཐོར་གཏོང་གིས་གོ་ལའི་འགྲན་རྩོད་ནུས་པ་ལྡན་པའི་འཛམ་གླིང་གི་ཁེ་ལས་རྩེ་གྲ་མང་ཙམ་ཐོན་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། ཚོགས་འདུའི་ཐོག གནད་དོན་ལ་ཐད་ཀར་གཞིགས་གནང་བ་དང་། ཕན་འབྲས་དངོས་ལ་མཐོང་ཆེན་གནང་བ། ཐུན་མོང་ངོས་འཛིན་གཅིག་སྡུད་གནང་བ་བཅས་བྱས་པས་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཁྲོད་དུ་ལན་ཆ་བཟང་པོ་བྱུང་བ་དང་། དམངས་གཉེར་ཁེ་ལས་གོང་འཕེལ་གཏོང་བའི་ཆོད་སེམས་བརྟན་དུ་ཕྱིན་པས་ཀྲུང་གོའི་དམངས་གཉེར་ཁེ་ལས་ཀྱི་གོང་འཕེལ་ལོ་རྒྱུས་ཐོག་གི་བཀྲག་མདངས་འཚེར་ས་ཞིག་ཏུ་བརྩི་བཞིན་ཡོད་པ་རེད།
            སྤྱི་ལོ་2019ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། གཡོ་འགུལ་སྤུ་ཙམ་མེད་པ་གཉིས་རྒྱུན་འཁྱོངས་དང་། དམངས་གཉེར་ཁེ་ལས་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། གཡོ་འགུལ་སྤུ་ཙམ་མེད་པ་གཉིས་རྒྱུན་འཁྱོངས་དང་། དམངས་གཉེར་ཁེ་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པའི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་གྱིས་རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ལ་གཞུང་དྲང་དང་ཁ་གསལ། ཁྲིམས་སྐྱོང་བཅས་ཀྱི་གོང་འཕེལ་ཁོར་ཡུག་གཅིག་སྐྲུན་དགོས་པ་དང་། ཁེ་ལས་མཁས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་རྣམ་པ་ཡག་པོ་ཞིག་གཏོད་དགོས། དམངས་གཉེར་ཁེ་ལས་ཀྱིས་གསར་གཏོད་གོང་འཕེལ་མངོན་འགྱུར་ཐུབ་རྒྱུར་རོགས་རམ་གྱིས་ཁྲོམ་རའི་འགྲན་རྩོད་ཁྲོད་དུ་གསར་གཏོད་ཀྱི་སྙིང་སྟོབས་དང་སྔོན་སྐྱོད་ཀྱི་མིག་རྒྱང་། རྒྱལ་སྤྱིའི་མིག་རྒྱང་བཅས་ལྡན་པའི་ཁེ་ལས་མཁས་པའི་དཔུང་ཁག་གཅིག་གཏོད་དགོས་ཞེས་སླར་ཡང་ནན་སྟོན་གནང་ཡོད།
            སྤྱི་ཟླ་9ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། གྲོས་ཚོགས་ཐོག་གོང་འཕེལ་གྱི་ཁོར་ཡུག་དེ་བས་ལེགས་པ་གཏོད་དེ་དམངས་གཉེར་ཁེ་ལས་ཀྱི་བསྒྱུར་བཅོས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།