“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་མྱུར་བགྲོད་ལྕཊ་ལམ་འདིའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་།

སྤེལ་དུས 2020-01-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཞི་ཅིན་ཕིང་གིས་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་སྐྱེལ་འདྲེན་བྱེད་འགོ་ཚུགས་པར་ མཛུབ་སྟོན་གལ་ཆེན་གནང་ནས་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པར་དོན་སྙིང་གལ་ཆེན་ལྡན་ཞིང་། དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་12པའི་ཚེས་30ཉིན་པེ་ཅིང་ནས་ཀྲང་ཅ་ཁའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེའི་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད། ཁོང་གིས། སྤྱི་ལོ་1909ལོར། ཅིང་ཀྲང་ལྕགས་ལམ་དངོས་སུ་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། སྤྱི་ལོ་2019ལོར་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད། རང་བརྟེན་འཆར་འགོད་བྱས་ཏེ་མེད་པ་ནས་ཡོད་པ་བཟོས་པ་དང་དེ་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་བར་དང་། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་35ཟིན་པ་ནས་སྤྱི་ལེ་350ཟིན་པའི་བར་ཅིང་ཀྲང་ལྕགས་ལམ་གྱིས་ཀྲུང་གོའི་ལྕགས་ལམ་གྱི་འཕེལ་རྒྱས་ལ་དཔང་པོ་བྱས་ཡོད་ལ། ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འཕོ་འགྱུར་ལའང་དཔང་པོ་བྱས་ཡོད། ལོ་ངོ་བརྒྱའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་དུས། ཅིང་ཀྲང་ལྕགས་ལམ་གྱི་དོན་སྙིང་གལ་ཆེན་ལ་ཚོར་ཤེས་ཐུབ་སྲིད། དེ་རིང་འཆར་འགོད་འཛུགས་སྐྲུན་ནང་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ཆབས་ཅིག་ལྷན་རྒྱས་ལ་ལོ་གསར་པའི་འཚམས་འདྲིའང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
            ཞི་ཅིན་ཕིང་གིས། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ནི་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་ཆ་སྦྱོར་ལས་གྲྭ་གལ་ཆེན་ཞིག་རེད། གང་དེ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དེས་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་ཆ་སྦྱོར་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་ཐོན་པ་མཚོན་ཡོད། དེར་བརྟེན། དེ་མིན་གྱི་གྲ་སྒྲིག་ལས་དོན་ཁག་ལའང་ཚད་གཞི་མཐོ་ལ། སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ་དགུན་དུས་ཨའོ་རྩལ་འགྲན་ཚོགས་དུས་བཀག་ལྟར་གཉེར་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱི་འཕྲེད་བརྒྱད་གཞུང་བརྒྱད་ཀྱི་ཅིང་ལན་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་ཆ་སྦྱོར་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་ཞིང་། སྤྱི་ལོ་2015ལོའི་ཟླ་བ་12པར་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི་རང་བརྟེན་ཇུས་འགོད་དང་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། དེ་ནི་འཛམ་གླིང་ཐོག་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350ཟིན་པའི་རིག་ནུས་མྱུར་བགྲོད་ལྕགས་ལམ་སྔོན་ཐོན་ཚད་མཐོ་ཤོས་དེ་རེད། སྐྱེལ་འདྲེན་བྱེད་འགོ་ཚུགས་རྗེས། པེ་ཅིང་ནས་ཀྲང་ཅ་ཁའུ་ཐའེ་ཙེ་ཁྲེང་གི་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་གཙོ་བོའི་བར་དུས་ཡུན་ཆུ་ཚོད་གཅིག་ནང་སླེབས་ཐུབ་པ་དང་། གཞན་ཡང་ཀྲང་ཅ་ཁའུ་ནས་ཧུ་ཧོ་ཧའོ་ཐེ་དང་། ཀྲང་ཅ་ཁའུ་ནས་ཏ་ཐུང་བར་ཤར་གཏོང་ཐུབ་པའི་མྱུར་བགྲོད་ལྕགས་ལམ་དང་སྦྲེལ་མཐུད་ཐུབ་པས་པེ་ཅིང་ནས་ཧུ་ཧོ་ཧའོ་ཐེ་བར་ཆུ་ཚོད་2དང་སྐར་མ་20ཡི་ཡས་མས་ལས་འགོར་གྱི་མེད་པ་དང་། པེ་ཅིང་ནས་ཏ་ཐུང་བར་ཆུ་ཚོད་1དང་སྐར་མ་40ཡི་ཡས་མས་ལས་འགོར་གྱི་མེད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།