“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀ་དང་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ།

སྤེལ་དུས 2020-01-06 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་1ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀ་དབར་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ་རེད།
          ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། 2019ལོ་ནི་ཀྲུང་མོང་འབྲེལ་བར་འཕེལ་རིམ་གལ་ཆེན་ཐོབ་པའི་ལོ་ཞིག་རེད། རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། ཙུང་ཐུང་པ་ཐེ་ཐུའུ་ལེ་ཀ་ན་ནིང་ཟླ་4པར་ཀྲུང་གོར་ཕེབས་ནས་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་སྐབས། ང་དང་སྐུ་ཞབས་ཙུང་ཐུང་དབར་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་གྲུབ་སྟེ་ཀྲུང་མོང་འབྲེལ་བར་ཆབ་སྲིད་ཀྱི་ཁྲིད་སྟོན་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས། ངས་ཀྲུང་མོང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་གསར་པར་ངས་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀ་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཀྲུང་མོང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ཐོབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
          པ་ཐེ་ཐུའུ་ལེ་ཀས་རྟེན་འབྲེལ་གློག་འཕྲིན་ནང་། 2019ལོར་མོང་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་རང་བཞིན་གྱི་ལོ་དེར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་མོང་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཕྱོགས་མང་པོའི་ཐད་ནས་འཕེལ་རྒྱས་བྱུང་ཡོད། གཏན་གནས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་གི་ངོས་ནས་མོང་ཀྲུང་གིས་ཕན་ཚུན་དབར་སོ་ སོས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ཁེ་ཕན་གྱི་དོ་ཁུར་ལ་བརྩི་འཇོག་བྱེད་པ་དང་ཆབས་ཅིག་ས་ཁུལ་འདི་གའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ལ་ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།