བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རྣམ་བཤད་ཕྱོགས་སྒྲིག་ཅེས་པའི་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

སྤེལ་དུས 2020-01-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རྣམ་བཤད་ཕྱོགས་སྒྲིག་ཅེས་པའི་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་ཆེན་པོ་བྱུང་བའི་མདུན་དུ་ང་ཚོས་གསར་གཏོད་རང་བཞིན་ལྡན་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་བ་དང་། རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་འབད་བརྩོན་ཆེན་པོས་མདུན་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ཟིལ་རླབས་ཆེ་བ་ཞིག་བྱུང་བས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་གཏིང་ཟབ་ཆུད་པ་གནང་ནས། ཕྱི་ཕྱོགས་ལས་དོན་ཐད་རིགས་གཞུང་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་རབ་དང་རིམ་པ་གནང་བས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཏང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཕྱི་རྒྱལ་ནང་གི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད། མི་རིགས་བསྐྱར་དར་ལ་ཞབས་འདེགས་དང་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཙོ་ཐིག་དམ་པོར་བཟུང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ་བཅས་ལ་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
          རྣམ་བཤད་ཕྱོགས་སྒྲིག་ལ་དོན་ཚན་བཅུ་ཡོད་པ་སྟེ། གཅིག ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བྱས་ཏེ་ཏང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་པ། གཉིས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུས་འགན་འཁྲི་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གསུམ། འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུས་རྩ་དོན་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བཞི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་རྩ་བ་བྱས་ཏེ་འཐབ་ཇུས་ཀྱི་བློ་སྤོབས་ཤུགས་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ལྔ། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་ཀྱིས་རྩ་དོན་བྱས་ཏེ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དྲུག ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱིས་རྨང་གཞི་བྱས་ཏེ་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། བདུན། ཕྱི་འབྲེལ་བཀོད་སྒྲིག་གཏིང་ཟབ་ཏུ་གཏོང་རྒྱུར་བརྟེན་ནས་གོ་ལ་ཧྲིལ་པོའི་རོགས་པའི་འབྲེལ་བ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྒྱད། གཞུང་དྲང་དྲང་བདེན་གྱིས་འདུ་ཤེས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དགུ། རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་མ་མཐའི་ཚད་གཞིར་བཟུང་སྟེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བཅུ། ཕྱི་ཕྱོགས་ལས་དོན་གྱི་སྲོལ་རྒྱུན་བཟང་པོ་དང་དུས་རབས་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་རྒྱུས་ཁ་ཕྱོགས་བྱས་ཏེ་ཀྲུང་གོའི་ཕྱི་འབྲེལ་གྱི་ཐུན་མོང་མིན་པའི་ཉམས་འགྱུར་གཏོད་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།
          དེབ་དེའི་ནང་རྣམ་བཤད་དུམ་བུ་504ཚུད་ཡོད་པ་དང་། དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ་2012ལོའི་ཟླ་12པ་ནས་སྤྱི་ལོ་2019ལོའི་ཟླ་11པའི་བར་གནང་བའི་གསུང་བཤད་དང་། བཀའ་མོལ། སྙན་ཞུ། གཏམ་བཤད། རྩོམ་ཡིག རྟེན་འབྲེལ་ཕྱག་ཡིག་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་190ལྷག་ནས་བཏུས་ཡོད། དེའི་ཁྲོད་ཀྱི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་ཐོག་སྤེལ་ཐེངས་དང་པོ་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།