བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་པ།

སྤེལ་དུས 2020-01-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་འཛུགས་ས་གསར་པར་བྱས་ནས། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པའི་གསུང་བཤད་གནང་བ་དང་། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་པ། ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་8ཉིན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས། རང་རེའི་ཏང་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་བྱ་གཞག་རླབས་པོ་ཆེ་རྩོམ་པར། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་མཐའ་དག་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ཁོངས་གཏོགས་སུ་ཐོན་པའི་སྣང་ཚུལ་ངན་པ་མཐའ་དག་མཐའ་གཅིག་ཏུ་གཙང་སེལ་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་རྒྱབ་འགལ་བྱེད་པ་དང་ཏང་གི་རྨང་གཞིར་གཡོ་འགུལ་གཏོང་བའི་ཉེན་ཁ་མཐའ་དག་ལ་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས། ཏང་ཡོངས་ཀྱིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་འཛུགས་ས་གསར་པར་བྱས་ཏེ། ཏང་གི་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
           ཞི་ཅིན་ཕིང་གིས། ཏང་ཡོངས་སུ་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་གནང་ནས་གྲ་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་གནང་ཡོད། ན་ནིང་སྤྱི་ཟླ་5པའི་ཟླ་མཇུག་ནས་བཟུང་། བརྗོད་དོན་གཙོ་བོའི་སློབ་གསོ་གོང་ནས་འོག་བར་ཁག་གཉིས་སུ་དབྱེ་ནས་སྤེལ་ཞིང་། མིག་སྔར་གཞི་རྩའི་ཆ་ནས་མཇུག་འགྲིལ་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྐུལ་འདེད་ནུས་ལྡན་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཧུར་ཐག་ཞུགས་པ། མི་དམངས་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་རྒྱབ་སྐྱོར་བྱས་ཡོད་པས། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱད་ཆོས་མངོན་གསལ་དོད་པ་དང་། ཏན་ཏིག་དང་ཚགས་ཚུད་པོ་བྱུང་ནས། སྔོན་དཔག་གི་དམིགས་ཡུལ་བསྒྲུབས་ཡོད་པ་དང་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཤེས་རྟོགས་དང་ཡིད་ཆེས་བྱ་སྤྱོད་བཅས་ཟུང་དུ་འབྲེལ་བའི་ནུས་པ་ཆེ་རུ་ཕྱིན་པ། ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཕྱིན་པ། སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཐེབས་པ། མང་ཚོགས་ཀྱི་ཛ་དྲག་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་གསོ་སྐྱོང་བྱས་པ། ཏང་གི་རྨང་གཞིར་གཡོ་འགུལ་གཏོང་སྲིད་པ་དང་ཏང་གི་བྱ་གཞག་ལ་འགོག་རྐྱེན་བཟོ་སྲིད་པའི་རྒྱུ་རྐྱེན་ཁག་ཅིག་མེད་པ་བཟོས་ཡོད་ཅེས་བསྟན་གནང་བ་དང་།
           ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ཞིང་། ཏང་ཡོངས་ཀྱི་བསམ་བློའི་ཐད་གཅིག་གྱུར་དང་། ཆབ་སྲིད་ཐད་མཐུན་སྒྲིལ། བྱ་སྤྱོད་ཐད་གཅིག་མཐུན་བཅས་ལ་སྐུལ་འདེད་ཐེབས་ཡོད་ལ། རང་རེའི་ཏང་གིས་རླབས་ཆེན་བཞིར་གཅིག་འདོམས་དང་། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད། བསམ་བློ་དང་། ཆབ་སྲིད། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐད་སྐུལ་སློང་ནུས་ལྡན་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
           ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་། ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་ཉམས་མྱོང་རབ་དང་རིམ་པ་ཕྱོགས་སྡོམ་བྱས་ནས། དུས་རབས་གསར་པར་ཏང་ནང་ཁུལ་དུ་གཅིག་སྡུད་སློབ་གསོ་སྤེལ་བའི་ཐད་འཚོལ་ཞིབ་གསར་པ་བྱས་པ་དང་ཉམས་མྱོང་གསར་པ་གསོག་འཇོག་བྱས་ཡོད། དེ་ཡང་། གཅིག་ནི་བརྗོད་བྱ་གཙོ་བོ་དང་གཙོ་ཐིག་ལ་དམ་པོར་དམིགས་ཏེ། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་ཡོ་བསྲང་དང་དོན་འཁྱོལ་བཅས་བྱ་རྒྱུ་དེ་བརྗོད་དོན་གཙོ་བོ་དང་། གཙོ་ཐིག སྤྱིའི་བླང་བྱ་བཅས་ལ་རྩེ་གཅིག་ཏུ་གཞིགས་པ་དང་། སློབ་སྦྱོང་དང་ལག་ལེན་ཐ་དད་དུ་གྱུར་པའི་གནད་དོན་ཁྱད་བསད་བྱས་ཏེ། ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོར་བློ་རྩེ་གཅིག་སྒྲིམ་ཡོང་བའི་འགན་ལེན་བྱས་ཡོད། གཉིས་ནི་གོང་གིས་འོག་ལ་སྣེ་ཁྲིད་དང་། དཔེ་སྟོན་སྐུལ་ཁྲིད་བྱེད་པ། འགག་རྩའི་མི་ཉུང་ཤས་ཀྱིས་མི་མང་ཆེ་བར་དཔེ་སྟོན་སྐུལ་ཁྲིད་བྱེད་པ། སྒྲིག་འཛུགས་དང་ཇུས་འགོད་ཞིབ་ཚགས་བྱེད་པ། འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་མཐར་ཕྱིན་པ་བྱས་ཡོད། གསུམ་ནི་ཟུང་འབྲེལ་དམ་ཚགས་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་ལག་བསྟར་ཟུང་འབྲེལ་དང་། ཞིབ་བཤེར་དང་ལེགས་བཅོས་འབྲེལ་མཐུད་བྱེད་པ། སློབ་སྦྱོང་དང་ཞིབ་འཇུག་བྱེད་ཀྱིན་དང་། ཞིབ་བཤེར་དང་ལེགས་བཅོས་བྱེད་ཀྱིན་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་བ་དང་། ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་སྤྱི་ཡོངས་ཀྱི་ཕན་འབྲས་མཐོ་རུ་བཏང་ཡོད། བཞི་ནི་གནད་དོན་ལ་དམ་པོར་དམིགས་པ་དང་། དག་ཐེར་ཡོ་བསྲང་གནད་འཁེལ་བྱས་ཏེ། དོན་ཚན་རེ་རེ་བཞིན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། གནད་དོན་ཐག་གཅོད་མ་ཐུབ་བར་ལྷོད་གཡེང་དུ་མི་གཏོང་བ་དང་། ཐག་གཅོད་མཐའ་མི་འཁྱོལ་བ་དང་མང་ཚོགས་ཀྱིས་ཁས་མ་བླངས་པའི་བར་མཚམས་འཇོག་མི་བྱེད་པ་བཅས་བྱས་ཏེ། ཐོབ་པའི་གྲུབ་འབྲས་ཀྱིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད། ལྔ་ནི་ལྟ་སྐུལ་ནན་པོ་དང་དངོས་ཐོག་ཁྲིད་སྟོན། ཕྱི་ནང་གཉིས་ཀྱིས་ཤུགས་རྒྱག་པ་བཅས་བྱས་ཏེ། སྲིད་ཇུས་ཞིབ་འཇུག་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་དང་རིགས་དབྱེར་སྐུལ་འདེད་གཏོང་བ། འགན་འཁྲི་ནན་དུ་གཏོང་བ། སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། མང་ཚོགས་ཐེ་ཞུགས་དང་། ལྟ་སྐུལ། ཤན་འབྱེད་བཅས་བྱེད་པར་གདན་འདྲེན་ཞུས་ཡོད། དྲུག་ནི་ཟོལ་རྩོལ་སྤངས་གང་ཐུབ་དང་དངོས་ཕན་དོན་གཉེར་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དེ་མངོན་གསལ་དོད་པའི་བླང་བྱར་བརྩིས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་དེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོའི་བླང་བྱ་ཁག་དང་ཟུང་འབྲེལ་བྱས་ཐོག གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དེ་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་གྲོལ་བ་བྱེད་པ་དང་། ལས་དོན་ཏན་ཏིག་སྒྲུབ་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས། ལྷག་པའི་གནད་དོན་ཡང་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱས་ཏེ། མགོ་མཇུག་ཡོད་པ་དང་། ལས་དོན་སྒྲུབ་མཁས་པ་བྱས་ཐོག ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དངོས་སུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པའི་རླབས་ཆེའི་འགྲན་རྩོད་བྱེད་མུས་ཡིན་པས། ཏང་ཡོངས་ཀྱིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་འགོ་འཛུགས་སར་བརྩིས་ནས། ཏང་གི་རང་ངོས་གསར་བརྗེ་བྱེད་ཤུགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
           ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུ་དེ། ངེས་པར་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགྱུར་མེད་ཀྱི་ལས་དོན་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ལས་དོན་ལ་བརྩིས་ནས་རྒྱུན་བསྲིངས་ལྷོད་མེད་བྱེད་དགོས། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཏང་གི་ངོ་བོའི་དམིགས་ཡུལ་དང་། ཕུགས་བསམ་གྱི་དད་སེམས། འབད་འཐབ་ཀྱི་དམིགས་འབེན་བཅས་ཀྱི་ཐོག་ནས་གཅིག་སྡུད་མངོན་ཚུལ་ཞིག་ཡིན་པས། ང་ཚོའི་ཏང་གིས་ནམ་ཡང་བརྟན་སྲུང་བྱ་རྒྱུར་སྐུལ་འདེད་དང་། ང་ཚོའི་ཏང་གིས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།
           ཞི་ཅིན་ཕིང་གིས། རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་རྒྱུན་དུ་བསམ་བློ་ཆབ་སྲིད་ལ་བརྟག་དཔྱད་བྱས་ནས། རྒྱུན་ཆད་མེད་པར་ཐོག་མའི་བསམ་འདུན་ལ་ལྡོག་འདྲི་དང་། ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། རྒྱུན་ཆད་མེད་པར་འགན་འཁྲི་བརྟན་སྲུང་དང་འགན་འཁྲི་ཕྲག་ཏུ་འཁྱེར་བ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་འགྱུར་མེད་རྟག་བརྟན་དང་། འགན་འཁྲི་ཕྲག་ཏུ་འཁྱེར་ཐུབ་པ་བྱེད་དགོས། ཏང་གི་གསར་གཏོད་རིགས་གཞུང་གིས་ཐོག་མའི་བསམ་འདུན་ལ་གསོ་སྤེལ་བྱེད་པ་དང་། འགན་འཁྲིར་སྣེ་ཁྲིད་བྱེད་པ། ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཁྲོད་ནས་ཐོག་མའི་བསམ་འདུན་འཚོལ་ཞིབ་བྱེད་པ་དང་། འགན་འཁྲིར་སྐུལ་འདེད་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཐོག་མའི་བསམ་འདུན་ལ་ཞུན་བརྡར་སྤྲོད་པ་དང་། འགན་འཁྲིར་གོ་བ་བླངས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཉིད་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། སྒོ་འབྱེད་གསར་གཏོད་བྱེད་པའི་བསམ་པའི་སྟོབས་ཤུགས་དང་། དཀའ་སྤྱད་འབད་འཐབ་དང་། དམ་པ་དོན་གཉེར་བྱེད་པའི་རྩ་བའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད།
           ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པར། ངེས་པར་དུ་མར་ཁེ་སེ་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློ་གཅིག་གྱུར་དང་། འདོད་འདུན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བ་བྱེད་དགོས། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་། རིགས་པའི་གཞུང་ལུགས་ཐོག་ནས་ཏང་སྟོབས་ཆེར་བཏང་ན། གཞི་ནས་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་བརྟན་སྲུང་ཐུབ་པ་དང་། འགན་འཁྲི་ཕྲག་ཏུ་འཁྱེར་རྒྱུ་སྔར་བས་བརྟན་སྲུང་བྱེད་ཐུབ། ཏང་གི་གསར་གཏོད་རིགས་གཞུང་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བསམ་བློར་དྲག་ཆས་སྤྲོད་པའི་གལ་ཆའི་ནང་གི་འགངས་ཆེན་ལ་བརྩི་བ་དང་ཆབས་ཅིག མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། དུས་རབས་གསར་པར་ང་ཚོས་རླབས་ཆེའི་འགྲན་རྩོད་བྱེད་པ་དང་། རླབས་ཆེའི་ལས་གྲྭ་འཛུགས་སྐྲུན་བྱེད་པ། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་པ་བཅས་ཀྱི་ཕུན་སུམ་ཚོགས་པའི་ལག་ལེན་དང་ཟུང་འབྲེལ་བཅས་བྱས་ནས། སློབ་སྦྱོང་བྱས་ཏེ་ཤེས་རྟོགས་ཐུབ་པ་དང་། གོ་བ་མཐིལ་ཕྱིན་པ་ལེན་པ། དོན་དངོས་ལས་དོན་སྒྲུབ་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་ཁྲོད་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ངོས་འཛིན་གོང་མཐོར་གཏོང་བ། ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཞེས་བསྟན་གནང་ཡོད།
           ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པར། ངེས་པར་དུ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་བློ་སྤོབས་དང་། གྲི་ཁ་རང་གཏད་བྱེད་པའི་རང་རྟོགས་ཐོག་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
           ཞི་ཅིན་ཕིང་གིས། གནད་དོན་ལ་ཐད་ཀར་ཕྱོགས་ཕོད་པ་དང་། ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ལེགས་ཆ་ཞིག་རེད། སྟོབས་དང་ལྡན་པའི་སྲིད་ཏང་ནི་རང་ཉིད་གསར་བརྗེ་བྱེད་པའི་ཁྲོད་ཞུན་བརྡར་བྱས་པ་ཞིག་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་བླ་ན་མེད་པའི་གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་འཐབ་སེམས་ཆེན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་རྣོ་ངར་ཅན་འདི་བེད་སྤྱོད་ཡག་པོ་བྱེད་པ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་སྲུང་། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་བཅས་དམ་འཛིན་ལྷོད་མེད་བྱེད་པ། ཏང་རང་ཉིད་གཙང་འགྱུར་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ། རང་ཉིད་མཐོར་འདེགས་བཅས་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ང་ཚོའི་ཏང་འདི་ཉིད་སྔར་བས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱ་དགོས་ཞེས་གསུངས་ཡོད།
           ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པར། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། རང་རེའི་ཏང་ནི་རྒྱལ་ཁབ་ནང་རྩོད་ཕྱི་འཁྲུག་དང་མི་རིགས་ལ་དཀའ་ཉེན་བྱུང་བའི་སྐབས་སུ་ཐོན་པ་ཞིག་ཡིན་ཞིང་། སྐྱེས་མ་ཐག་ནས་འཐབ་རྩོད་ཀྱི་རྗེས་ཤུལ་རྡོ་ལ་རི་མོ་བརྐོས་པ་བཞིན་ཡོད་པ་དང་། ལོ་ངོ་འདི་དག་རིང་འཐབ་རྩོད་ཁྲོད་འཚོ་གནས་དང་། འཕེལ་རྒྱས། རྒྱལ་ཁ་བཅས་བླངས་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ་བདེ་དུས་ཉེན་བསམ་དང་། འཚོ་དུས་འཇིག་སེམས་མི་བརྗེད་པ། སྐྱིད་དུས་དཀའ་སྡུག་མི་བརྗེད་པ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་རྨོངས་གཉིད་ལས་སད་པ་དང་། རྒྱུན་ཆད་མེད་པར་སྙིང་སྟོབས་ཆེར་སྐྱེད། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་ཕོད་པ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།
           ཞི་ཅིན་ཕིང་གིས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དཀའ་ངལ་ཁྱད་བསད་དང་མཐོང་རྒྱ་ཆེ་རུ་གཏོང་བའི་ཁྲོད་འཇོན་ཐང་ཆེ་རུ་འགྲོ་བ་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པའི་འཇོན་ཐང་དང་ལྡན་པར་འགྱུར་བ་བྱེད་དགོས། སྦྱོང་བརྡར་བྱས་ནས་འགན་འཁྲི་ཁུར་ཕོད་པ་དེ་འཇོན་ཐང་ངོ་མར་བརྩིས་ནས། འགྲན་སློང་གལ་ཆེན་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད་བྱེད་པ། འགལ་ཟླ་གལ་ཆེན་ཐག་གཅོད་བྱེད་པ་བཅས་ཀྱི་ཁྲོད་གདོང་མཆོང་སྔོན་ལ་བྱེད་པ་དང་བྱས་རྗེས་སྔོན་ལ་འཇོག་ཐུབ་པ་དགོས་ཞེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པར། ཏང་ནང་ཁུལ་གྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་བརྒྱུད། ཡུན་ཕན་སྒྲིག་སྲོལ་ཆགས་པ་བྱ་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ལམ་ལུགས་འཛུགས་རྒྱུའི་སྐོར་བཏོན་ཡོད། ཆ་ཚང་བའི་བསམ་བློ་དང་། རྩོད་སྒྲུབ་བསམ་བློ། མ་མཐའི་ཚད་གཞིའི་བསམ་བློ་བཅས་རྒྱུན་འཁྱོངས་བྱ་དགོས་པ། གནད་དོན་ཐག་གཅོད་བྱ་དགོས་ལ་སྟབས་བདེ་བའི་བྱ་ཐབས་རྒྱུན་འཁྱོངས་བྱ་དགོས། དངོས་གཉེར་དང་སྤྱོད་སྒོ་ཆེ་བའི་བྱ་ཐབས་ཐོག་ནས་གནད་དོན་གྱི་གནད་འགག་གཙོ་བོ་ཐག་གཅོད་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཐུབ་ཁར་དོན་དངོས་ལ་གཞིས་འཛུགས་ཡང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། དོན་དངོས་ཀྱི་དགོས་མཁོ་སྐོང་ཐུབ་པ། གཞི་རིམ་གྱི་རེ་སྒུག་དང་མཐུན་པ་བཅས་གཞི་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་པ། གསར་སྐྲུན་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ཐུབ་ཁར་སྦྲེལ་མཐུད་ནུས་ལྡན་ཡང་རྒྱུན་འཁྱོངས་བྱེད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་དབར་མཐའ་གསལ་མཐིལ་རྟོགས་ཐུབ་ཐབས་བྱེད་པ། རྒྱུན་འཁྱོངས་བྱ་དགོས་པ་རྣམས་རྒྱུན་འཁྱོངས་བྱེད་པ་དང་། འཐུས་ཚང་དུ་གཏོང་དགོས་པ་རྣམས་འཐུས་ཚང་དུ་གཏོང་བ། འཛུགས་དགོས་པ་རྣམས་འཛུགས་པ། དོན་འཁྱོལ་བྱེད་དགོས་པ་རྣམས་དོན་འཁྱོལ་བྱེད་པ། ཏང་ཡོངས་ཀྱིས་ལམ་ལུགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ། རང་འགུལ་ངང་ལམ་ལུགས་ལ་བརྩི་བཀུར་ཞུ་བ། ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ལམ་ལུགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། དབང་གྲགས་ལྡན་ལ་ནུས་ཕྱོད་ཆེ་བའི་ལམ་ལུགས་ལག་བསྟར་སྒྲིག་གཞི་འཐུས་ཚང་འཛུགས་པ། ལམ་ལུགས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
           ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པར། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་མིག་དཔེ་འདོན་པ་དང་སྣེ་ཡག་པོ་འཁྲིད་དགོས། དུས་བབ་ཇི་ཙམ་གྱིས་ཛ་དྲག་པ་དང་རྙོག་འཛིང་ཆེ་བ་ཡོད་ན་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དེ་ཙམ་གྱིས་གཏན་ཤུགས་རྒྱུན་འཁྱོངས་བྱ་དགོས་པ་དང་ཞུམ་མེད་མདུན་དུ་བསྐྱོད་དགོས། ལས་འགན་དཀའ་ཚེགས་ཆེ་བ་དང་འགན་འཁྲི་ལྗིད་པོ་ཇི་ཙམ་གྱིས་མང་བ་ཡོད་ན་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དེ་ཙམ་གྱིས་སྤོབས་པ་ཆེ་སྐྱེད་ཀྱིས་གདོང་ལེན་པ་བྱེད་ཅིང་འབད་པ་ཧུར་ལེན་བྱ་དགོས། རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཐུབ་པ་བཅས་བྱ་དགོས་ཤིང་། མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་མདུན་སྐྱོད་ལམ་བུའི་ཁྲོད་ཀྱི་དཀའ་ངལ་དང་བར་ཆད་སྣ་ཚོགས་ཁྱད་གསོད་ཐུབ་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱ་དགོས་ཞེས་བསྟན་གནང་ཡོད།
           ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བའི་བརྒྱུད་རིམ་ནང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་གནས་བབ་ཧྲིལ་པོ་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་གཙོ་བོ་ཐོབ་པར་གདེང་འཇོག་གང་ལེགས་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་བྱེད་པ། ཏང་ཡོངས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པ་བཅས་ཀྱི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད་ཅིང་། བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གཟིགས་རྒྱང་རིང་བ་དང་། གོ་དོན་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་ཞིང་། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཟབ་མོ་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་སློབ་སྦྱོང་ནན་ཏན་བྱེད་ཅིང་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཐུབ་པ་བཅས་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རང་རེའི་ཏང་གི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་དང་ཤུགས་དྲག་ལྡན་པའི་འཐབ་རྩོད་ནུས་པ་ཇི་སྲིད་བར་དུ་གནས་རྒྱུའི་འགན་ལེན་བྱ་དགོས་ཞེས་གསུངས་ཡོད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་བཅས་གྲོས་ཚོགས་ལ་ཞུགས་ཡོད།
           ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚན་པ་ཁག་དང་མི་དམངས་ཚོགས་པ་ཁག ཀྲུང་དབྱང་གིས་དོ་དམ་གནང་བའི་དངུལ་རྩའི་ཁེ་ལས་དང་། ཀྲུང་དབྱང་གིས་དོ་དམ་གནང་བའི་ཁེ་ལས། ཀྲུང་དབྱང་གིས་དོ་དམ་གནང་བའི་མཐོ་སློབ། དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། དུས་ཁག་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་། སྐོར་ཞིབ་ལྟ་སྐུལ་ཚོགས་ཆུང་གི་འགོ་འཛིན་དང་འགོ་འཛིན་གཞོན་པ་སོགས་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་རྣམ་པ་བརྒྱུད་ནས་སྐོང་འཚོགས་བྱས་ཡོད་ཅིང་། ཞིང་ལྗོངས་དང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། དེ་བཞིན་གྲོང་ཁྱེར་དང་རྫོང་ཁག བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཐོན་ཤོག་ཡན་གྱི་ལས་ཁུངས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི་དང་ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་བློ་མཐུན་བཅས་ཡན་ལག་ཚོགས་རའི་ཐོག་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།