ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་།

སྤེལ་དུས 2020-01-10 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
 
ཚེས8ཉིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། 
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
           ཚེས8ཉིན།“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རང་རེའི་ཏང་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་བྱ་གཞག་རླབས་པོ་ཆེ་གཏོད་པར། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་བློ་ཐག་ཆོད་པོས་སེལ་བ། ཏང་གི་ལུས་ཐོག་ཏུ་སྐྱེས་པའི་ངན་སྐྲན་མཐའ་དག་བློ་ཐག་ཆོད་པོས་འགོག་པ། ཐོག་མའི་བསམ་འདུན་དང་འགན་འཁྲིར་རྒྱབ་འགལ་དང་ཏང་གི་རྩ་བར་གཡོ་འགུལ་གཏོང་བའི་ཉེན་ཁ་མཐའ་དག་བློ་ཐག་ཆོད་པོས་འགོག་ཟོན་བྱེད་པ་བཅས་བྱེད་དགོས། ཏང་ཡོངས་ཀྱིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་འཛུགས་ས་གསར་པར་བྱས་ནས་ཏང་གི་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་གཏིང་ཟབ་བྱས་ཏེ་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་འདུར་ཕེབས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
           ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྤེལ་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གིས་དེའི་ཐད་མཐོང་ཧ་ཅང་ཆེན་པོ་གནང་ནས་གྲ་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཚགས་ཚུད་བྱས་ཡོད། ན་ནིང་ཟླ་5པའི་ཟླ་མཇུག་ནས་བཟུང་། བརྗོད་དོན་གཙོ་བོའི་སློབ་གསོ་གོང་ནས་འོག་བར་ཁག་གཉིས་ལ་དབྱེ་སྟེ་སྤེལ་བ་དང་། མིག་སྔར་གཞི་རྩའི་ཆ་ནས་མཇུག་འགྲིལ་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྐུལ་འདེད་ནུས་ལྡན་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དེའི་ནང་ཧུར་ཐག་ཞུགས་པ། མི་དམངས་མང་ཚོགས་ཀྱི་སེམས་རྩ་འཁོལ་བའི་རྒྱབ་སྐྱོར་ཐོབ་པ་བཅས་བྱུང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཧྲིལ་པོའི་ཁྱད་ཆོས་མངོན་གསལ་དོད་པ་དང་། ཏན་ཏིག་དམ་ནན་ཐུབ་ནས་སྔོན་དཔག་དམིགས་ཚད་དུ་སླེབས་པ་དང་འབྲེལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས་བསམ་སྤྱོད་གཅིག་གྱུར་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་། ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཕྱིན་པ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཐེབས་པ། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་ཐུབ་པ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཆགས་པ། ཏང་གི་རྩ་བར་གཡོ་འགུལ་གཏོང་སྲིད་པ་དང་ཏང་གི་བྱ་གཞག་ལ་འགལ་རྐྱེན་བཟོ་སྲིད་པའི་རྒྱུ་རྐྱེན་འགའ་ཞིག་སེལ་བ་བཅས་བྱུང་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ནི་དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
           དེས་ཏང་ཡོངས་བསམ་བློའི་ཐད་གཅིག་གྱུར་དང་། ཆབ་སྲིད་ཐད་མཐུན་སྒྲིལ། བྱ་སྤྱོད་ཐད་གཅིག་མཐུན་བཅས་ཡོང་བར་སྐུལ་འདེད་ཐེབས་ནས། རང་རེའི་ཏང་གིས“རླབས་ཆེན་བཞིར”གཅིག་འདོམས་བྱེད་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་བསམ་བློ་དང་། ཆབ་སྲིད། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐད་སྐུལ་སློང་ནུས་ལྡན་བྱས་ཡོད།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་ཐེངས་མང་གི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ནས་དུས་རབས་གསར་པར་ཏང་ནང་ཁུལ་དུ་གཅིག་སྡུད་སློབ་གསོ་སྤེལ་བར་འཚོལ་ཞིབ་གསར་པ་བྱས་པ་དང་ཉམས་མྱོང་གསར་པ་བསགས་ཡོད། དེ་ཡང་། གཅིག་ནས་བརྗོད་དོན་གཙོ་བོར་གཞིགས་པ་དང་གཙོ་རྐང་ལ་དམ་པོར་དམིགས་ནས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བརྗོད་དོན་གཙོ་བོ་དང་། གཙོ་རྐང་། སྤྱིའི་བླང་བྱ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྤེལ་བ་དང་། སློབ་སྦྱོང་དང་ཚད་ལོན་ཐ་དད་དུ་གྱུར་བའི་གནད་དོན་ཁྱད་བསད་བྱས་ནས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་ཏན་ཏིག་སྤེལ་ཐུབ་པའི་འགན་ལེན་བྱས་པ་དང་། གཉིས་ནས་གོང་གིས་འོག་ལ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་བྱས་ཏེ“འགག་རྩའི་ཉུང་ཤས”ཀྱིས“མང་ཆེ་བར”དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་། སྒྲིག་འཛུགས་ཇུས་འགོད་ཞིབ་ཚགས་དང་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་འགོ་ནས་མཇུག་བར་ཁྱབ་པ་དང་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱས་པ། གསུམ་ནས་མཉམ་འདྲེས་དམ་ཟབ་དང་གཞི་གཅིག་སྐུལ་འདེད་བཏང་ནས་སློབ་སྦྱོང་དང་ཚད་ལོན་ཟུང་འབྲེལ་དང་། ཞིབ་བཤེར་དང་དག་ཐེར་སྦྲེལ་མཐུད་བྱེད་པ་དང་། སློབ་སྦྱོང་བྱེད་ཀྱིན་ཞིབ་འཇུག་དང་ཞིབ་བཤེར་བྱེད་ཀྱིན་དག་ཐེར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོ་རུ་དང་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་བཏང་བ། བཞི་ནས་གནད་དོན་ལ་དམ་པོར་དམིགས་པ་དང་གནད་སྨིན་དག་ཐེར་བྱས་ནས་དོན་ཚན་ཁག་རེ་རེ་བཞིན་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། གནད་དོན་ཐག་གཅོད་མ་ཐུབ་ན་ལྷོད་གཡེང་མི་གཏོང་བ་དང་། ཐག་གཅོད་མཐར་ཕྱིན་མ་ཐུབ་ན་སྤེལ་མཚམས་མི་འཇོག་པ། མང་ཚོགས་ཀྱི་ཁས་ལེན་མ་ཐོབ་ན་མཚམས་མི་འཇོག་པ་བཅས་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱས་པ། ལྔ་ནས་ལྟ་སྐུལ་མཛུབ་ཁྲིད་ནན་པོ་དང་ཕྱི་ནང་ཤུགས་འདོན་དང་། སྲིད་ཇུས་ཞིབ་འཇུག་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིམ་དབྱེ་རིགས་དབྱེའི་སྒོ་ནས་སྐུལ་འདེད་གཏོང་བ། འགན་འཁྲི་ལྕི་རུ་དང་ནན་དུ་གཏོང་བ། སྒོ་མོ་ཡངས་པོར་འབྱེད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་མང་ཚོགས་ཞུགས་པ་དང་། ལྟ་སྐུལ། དཔྱད་བསྡུར་བཅས་བྱེད་དུ་བཅུག་པ། དྲུག་ནས་ཟོལ་སྦྱོར་སྤོང་གང་ཐུབ་དང་ཕན་འབྲས་དངོས་དོན་གཉེར་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དེ་མངོན་གསལ་དོད་པའི་བླང་བྱར་བརྩི་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི”ལོའི་བླང་བྱ་ཁག་དོན་འཁྱོལ་བྱེད་རྒྱུ་ཟུང་འབྲེལ་བྱེད་པ། གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་བྱེད་སྟངས་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་སྒྲོལ་ཐུབ་པ་བྱེད་པ། ལས་དོན་ཏན་ཏིག་དང་གནད་ལ་འཁེལ་བ་སྒྲུབ་པ་བཅས་བྱས་ཡོད། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་ཆབས་ཅིག་གནས་པའི་གནད་དོན་གསལ་པོ་མཐོང་བ་བྱེད་པ་དང་། མགོ་ཡོད་མཇུག་ཡོད་དང་ལས་དོན་སྒྲུབ་མཁས་པོ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དངོས་འབྲེལ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས།
           ཞི་ཅིན་ཕིང་གིས་བསྟན་གནང་དོན། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་བཞིན་ཡོད་པས། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་བཏང་ནས་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་དེ་ངེས་པར་དུ་ཏང་འཛུགས་སྐྱོང་གི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་དང་། ཕུགས་བསམ་དང་དད་སེམས། འབད་འཐབ་ཀྱི་དམིགས་ཚད་བཅས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པས་རང་རེའི་ཏང་གིས་ནམ་ཡང་བརྟན་པོ་སྲུང་བར་སྐུལ་ལྕག་གཏོང་བ་དང་། རང་རེའི་ཏང་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་རྒྱུར་སྐུལ་མ་གཏོང་གི་ཡོད། རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློ་ཆབ་སྲིད་ལ་ཞིབ་བཤེར་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་རྒྱུན་ཆད་མེད་པར་ཐོག་མའི་བསམ་འདུན་འདྲི་བ་དང་ཐོག་མའི་བསམ་འདུན་སྲུང་བ་དང་། རྒྱུན་ཆད་མེད་པར་འགན་འཁྲི་བརྟན་སྲུང་དང་འགན་འཁྲི་ཁུར་ནས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་རྡོ་རྗེ་བྲག་ལྟར་བརྟན་པ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཐུབ་པ་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྐྱོང་བ་དང་འགན་འཁྲིར་སྣེ་ཁྲིད་བྱས་ཏེ་ཏང་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ནང་ཐོག་མའི་བསམ་འདུན་འཚོལ་བ་དང་འགན་འཁྲིར་སྐུལ་ལྕག་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རིང་ཐོག་མའི་བསམ་འདུན་ལ་ཞུན་བརྡར་དང་འགན་འཁྲི་གསལ་རྟོགས་བྱས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་བློ་རྩ་བརྟན་པོས་ཡར་བརྩོན་དང་གསར་འབྱེད་གསར་གཏོད་བྱེད་པའི་ཟུངས་ཤུགས་དང་། དཀའ་སྤྱད་སྙིང་རུས་དང་དངོས་འཛིན་དངོས་སྒྲུབ་ཀྱི་རྩ་བའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས།
           ཞི་ཅིན་ཕིང་གིས་བསྟན་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བ་བྱེད་དགོས། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཚེ། ཐོག་མའི་བསམ་འདུན་བློ་ལ་ངེས་རྒྱུ་དེ་བས་རང་རྟོགས་ཡོང་བ་དང་། འགན་འཁྲི་འཁུར་སེམས་དེ་བས་བརྟན་པོ་ཡོང་ཐུབ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་བསམ་བློར་དྲག་ཆས་སྤྲོས་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སློབ་སྦྱོང་བྱེད་རྒྱུ་དང་འབྲེལ་མཐུད་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། དུས་རབས་གསར་པར་ང་ཚོས་རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་གྱི་འདུ་འགོད་སྐྲུན་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཕུན་སུམ་ཚོགས་པའི་ལག་ལེན་དང་ཟུང་འབྲེལ་བཅས་བྱས་ནས། གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ་བསམ་བློ་བཅིངས་འགྲོལ་གཏོང་རིང་བསམ་བློ་གཅིག་གྱུར་ཡོང་བ་དང་། ངོས་འཛིན་གཏིང་ཟབ་བྱེད་རིང་ངོས་འཛིན་མཐོ་རུ་བཏང་སྟེ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར། ངེས་པར་དུ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་བློ་སྟོབས་དང་གྲི་དངོ་ནང་གཏད་ཀྱི་རང་རྟོགས་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། གནད་དོན་ལ་ཐད་ཀར་ཕྱོགས་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་བྱེད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ལེགས་ཆ་རེད། སྟོབས་ཆེའི་སྲིད་ཏང་ནི་རང་ངོས་གསར་བརྗེའི་ཁྲོད་སྦྱོང་བརྡར་ཐེབས་པ་ཞིག་རེད། ཏང་ཡོངས་ཀྱིས་ངེས་པར་དུ་བླ་ན་མེད་པའི་གསར་བརྗེའི་ཕུགས་བསམ་དང་རབ་ཏུ་འཕེལ་བའི་གསར་བརྗེའི་དཔའ་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་བྱ་ཐབས་ནན་པོ་འདི་ཡག་པོ་སྤྱོད་པ་དང་། སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། ཏང་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་རེའི་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
           ཞི་ཅིན་ཕིང་གིས་བསྟན་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱེད་དགོས། རང་རེའི་ཏང་ནི་རྒྱལ་ཁབ་ནང་རྩོད་ཕྱི་འཁྲུག་དང་མི་རིགས་ལ་དཀའ་ཉེན་འཕྲད་པའི་དུས་སུ་དབུ་བརྙེས་པ་དང་། དབུ་བརྙེས་མ་ཐག་ནས་འཐབ་རྩོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པས། ད་བར་དུ་འཐབ་རྩོད་ཁྲོད་འཚོ་གནས་ཐུབ་པ་དང་། འཕེལ་རྒྱས་ཕྱིན་པ། རྒྱལ་ཁ་ཐོབ་པ་ཞིག་རེད། དེས་ན། ཏང་ཡོངས་ཀྱིས་ངེས་པར་དུ་བདེ་བའི་དུས་སུ་ཉེན་ཁ་བསམ་པ་དང་། ཆགས་པའི་དུས་སུ་འཇིག་པ་མ་བརྗེད་པ། སྐྱིད་པའི་དུས་སུ་སེམས་ཁྲལ་མ་བརྗེད་པ་བཅས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེར་སྐྱེད་ཀྱིས་སེམས་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་ཕོད་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དཀའ་སྡུག་མྱོང་བ་དང་གནད་དོན་ཐག་གཅོད་བྱེད་རིང་འཇོན་ཐང་འཕེལ་བ་དང་སྟོབས་ཆེར་འགྲོ་བ་དང་། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་རྐང་འཛིན་སྟོབས་ཤུགས་དང་ཐེག་པ་འཁུར་ཐུབ་པའི་འཇོན་ཐང་ངོ་མ་འཕེལ་བ་བྱས་ཏེ་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགལ་རྐྱེན་ཆེན་པོ་སེལ་བ། འགལ་ཟླ་ཆེན་པོ་ཐག་གཅོད་བཅས་བྱེད་རིང་གདོང་མཆོང་བྱེད་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར། ངེས་པར་དུ་ཏང་ནང་ཁུལ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་བཏང་སྟེ་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལམ་ལུགས་འཛུགས་དགོས་ཞེས་བཏོན་ཡོད། བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་། རྩོད་སྒྲུབ་ཀྱི་བསམ་གཞིག མཐའ་ཚད་ཀྱི་བསམ་གཞིག་བཅས་མཐའ་འཁྱོངས་བྱེད་པར་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། ལས་སླ་སྤྱོད་བདེའང་མཐའ་འཁྱོངས་བྱས་ནས་དངོས་སྒྲུབ་གོ་ཆོད་ཀྱི་བྱ་ཐབས་སྤྱད་དེ་རྣག་ཐོག་གཙག་འཁེལ་ཡོང་བ་བྱེད་དགོས་པ་དང་། དམིགས་ཚད་དང་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས་ལ། དོན་དངོས་ལ་གཞི་ཚུགས་རྒྱུའང་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ལག་ལེན་གྱི་དགོས་མཁོ་སྐོང་བ། གཞི་རིམ་གྱི་རེ་སྒུག་དང་མཐུན་པར་བྱེད་པ་བཅས་གཅིག་གྱུར་ཡོང་བའི་བརྩོན་ལེན་བྱེད་དགོས་པ། གསར་གཏོད་དང་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་ལ། འབྲེལ་མཐུད་ནུས་ལྡན་བྱ་རྒྱུའང་མཐའ་འཁྱོངས་བྱས་ཏེ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་མཉམ་འདྲེས་སྦྲེལ་མཐུད་ཡོང་བ་བྱས་ནས་མཐའ་འཁྱོངས་བྱེད་དགོས་རིགས་ཚང་མ་མཐའ་འཁྱོངས་དང་། འཐུས་སྒོ་ཚང་དུ་གཏོང་དགོས་རིགས་ཚང་མ་འཐུས་སྒོ་ཚང་དུ་གཏོང་བ། འཛུགས་དགོས་རིགས་ཚང་མ་འཛུགས་པ། དོན་འཁྱོལ་བྱེད་དགོས་རིགས་ཚང་མ་དོན་འཁྱོལ་བཅས་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་རང་འགུལ་ངང་ལམ་ལུགས་ལ་བརྩི་སྲུང་ཞུ་བ་དང་། ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ལམ་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དབང་གྲགས་ནུས་ཆེའི་ལམ་ལུགས་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལམ་ལུགས་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ་བྱེད་དགོས།
           ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་ཕན་འབྲས་གཙོ་བོར་ཁས་ལེན་གང་ལེགས་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པ་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གོ་དོན་གཏིང་ཟབ་པ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། དེས་ན། ཏང་ཡོངས་ཀྱི་བློ་མཐུན་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ཟམ་མི་ཆད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་རང་རེའི་ཏང་ལ་ནམ་ཡང་གསོན་ཤུགས་རྒྱས་པ་དང་འཐབ་ནུས་ཆེན་པོ་ལྡན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 
རྩོམ་སྒྲིག་པ། རིག་གྲོལ།