ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་ཨ་མན་གྱི་རྒྱལ་པོ་ཧའེ་སའེ་མུའུ་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
སྤེལ་དུས 2020-01-13
ཡོང་ཁུངས། ཞིན་ཧྭའི་དྲ་བ།
རྩོམ་པ་པོ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་སའེ་མུའུ·པན·ཐ་ལི་ཁེ·སའེ་དབྱི་ཏེ་ལ་གློག་འཕྲིན་བཏང་གནང་ནས། ཁོང་གིས་ཨ་མན་རྒྱལ་ལྡན་རྒྱལ་ཁབ་གི་རྒྱལ་པོའི་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་མན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ནས། ཕན་ཚུན་ཡིད་ཆེས་བྱེད་པའི་འཐབ་ཇུས་རོགས་པར་གྱུར་ཡོད། ང་རང་ནས་ཀྲུང་གོ་དང་ཨ་མན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་པོ་ཧའེ་སའེ་མུའུ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།