གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཡུན་ནན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བ།

སྤེལ་དུས 2020-01-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          དཔྱིད་གསར་དུས་ཆེན་གྱི་གོང་དུ་ཞི་ཅིན་ཕིང་གིས་ཡུན་ནན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བར་ཕེབས་ཏེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་འཐབ་འཛིང་པ་ཡོངས་དང་།  དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག  ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ།
          ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་ཤར་ལ་ཉེ་བའི་མཚམས་འདིར།  སྤྱི་ཚེས19ཉིན་ནས20ཉིན་བར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།   རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བར་ཕེབས་པ་དང་།  མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕེབས་ནས་དཔོན་དམག་རྣམས་ལ་འཚམས་འདྲི་ཞུས་གནང་ཡོད།  ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་འཐབ་འཛིང་པ་ཡོངས་དང་།  དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག  ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།

          ལོ་གསར་འཆར་མ་ཐག སྐྱེ་དངོས་ཐམས་ཅད་སླར་གསོ་ཞིང་། ཡུན་ནན་གྱི་ས་གཞི་ཆེན་མོར་གང་སར་སྔོ་ལྗང་གི་རི་ཆུས་ཁེངས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།  སྤྱི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད6པའི་ཐོག ཞི་ཅིན་ཕིང་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་བཅའ་སྡོད་བྱས་པའི་མཐའ་སྲུང་དམག་སྒར་ཞིག་ཏུ་ཕེབས་པ་དང་།  ཁོང་གིས་འཐབ་འཛིང་པའི་ཉལ་ཁང་དུ་ཕེབས་ནས་ཚང་མ་དང་མཛའ་བརྩེའི་སྤེལ་རེས་གནང་ཞོར་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད།  དམག་སྒར་དེའི་འཕྲོད་བསྟེན་ཁང་དུ་ཞི་ཅིན་ཕིང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་གནང་བ་དང་།  མཐའ་མཚམས་དཔུང་སྡེའི་སྨན་བཅོས་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ནས་དཔོན་དམག་རྣམས་ཀྱི་རྒྱུན་གཏན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་མཁྱེན་སྐབས་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་རེད།
          དགོང་ཟས་བཟའ་བའི་དུས་ཚོད་སླེབས་གྲབས་ཡོད་དུས།  དམག་མིའི་མ་བྱན་བཅུ་ཤོག་གི་འཐབ་འཛིང་པ་ཟ་ཁང་ནང་དུ་ལས་བྲེལ་གྱིས་འཚུབ་ཡོད།  ཞི་ཅིན་ཕིང་དེ་གར་ཕེབས་ནས་དཔུང་སྡེའི་ཟས་རིགས་ལ་རྟོག་ཞིབ་གནང་སྐབས།  ཚལ་རིགས་སྣ་ཚོགས་བཟའ་རྒྱུ་ཡོད་པ་མཁྱེན་རྗེས་ཞི་ཅིན་ཕིང་གི་ཞལ་ནས་དགའ་བའི་འཛུམ་མདངས་འཕྱུར་ཡོད།  ཁོང་གིས་དཔུང་སྡེས་དུས་ཆེན་རིང་གི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་འཐབ་འཛིང་པ་རྣམས་སྤྲོ་སྣང་དང་བདེ་སྐྱིད། བདེ་འཇགས་བཅས་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་པའི་མངགས་བྱ་གནང་ཡོད།
          ཞི་ཅིན་ཕིང་གིས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལས་འགན་བསྒྲུབ་བཞིན་པའི་དཔོན་དམག་རྣམས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་དང་།  ཆེད་མངགས་བརྙན་མཐོང་སྦྲེལ་མཐུད་གནང་ནས་འབྲེལ་ཡོད་དཔུང་སྡེར་འཚམས་འདྲི་ཞུས་གནང་ཡོད།  ས་འོག་འབར་མདེལ་གཙང་སེལ་དང་འབར་གས་སྔོན་འགོག་རུ་ཆེན་གྱི་ལས་འགན་ཡན་ལག་རུ་ཁག་ནི་ས་འོག་འབར་མདེལ་གཙང་སེལ་དཔའ་བོ་ཏུའུ་ཧྥུ་གོ་ཡི་དཔུང་སྡེ་ཡིན་པ་དང་།  དཔུང་སྡེ་དེས་མཐའ་མཚམས་ཀྱི་འབར་མདེལ་གཙང་སེལ་ལས་འགན་མང་པོ་ལེགས་གྲུབ་བྱས་མྱོང་།  ཞི་ཅིན་ཕིང་གིས་ཁོང་ཚོས་འབར་མདེལ་གཙང་སེལ་བྱས་ནས་མངོན་མེད་ཉེན་ཁ་མེད་པ་བཟོ་བ་དང་མཐའ་མཚམས་མི་དམངས་ཀྱིས་བདེ་སྐྱིད་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་རྒྱུར་འགན་སྲུང་བྱེད་པའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བར་ཁས་ལེན་གདེང་འཇོག་གང་ལེགས་གནང་བ་དང་།  ཁོང་ཚོས་བདེ་འཇགས་འགོག་སྲུང་ལས་དོན་ཏན་ཏིག་བསྒྲུབ་སྟེ་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་མ་གནང་ཡོད།  མཐའ་སྲུང་ཡན་ལག་རུ་ཁག་ཅིག་གིས་ས་མཚམས་འབྱེད་རྟགས་རྡོ་ལེབ་ཀྱི་མདུན་དུ་རུ་སྟར་སྒྲིག་སྟེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལས་སྒྲུབ་གནས་ཚུལ་སྙན་སེང་ཞུས་ཡོད།  མཐའ་སྲུང་དཔོན་དམག་རྣམས་དཔའ་ཉམས་ཆེར་བསྐྱེད་དང་།  དམག་མིའི་ངར་ཤུགས་འཕེལ་བ་ཞིག་ཡོད་པ་གཟིགས་དུས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཡོད།  ཁོང་གིས།  ཚང་མ་སྐུ་ལས་ཁག་སོང་།  ཁྱེད་ཚོ་མཐའ་མཚམས་དོ་དམ་དང་མཐའ་མཚམས་ཚོད་འཛིན་བྱེད་པའི་འཐབ་ས་དང་པོར་ལས་འགན་བསྒྲུབ་བཞིན་ཡོད།  དེའི་ལས་འགན་གཟི་བརྗིད་ཆེ་ལ།  འགན་འཁྲི་ཧ་ཅང་ལྕི་བ་ཞིག་ཡིན།  དོགས་ཟོན་ཆེར་བསྐྱེད་བྱ་རྒྱུ་རྒྱུན་འཁྱོངས་དང་མཐའ་སྲུང་ལས་སྒྲུབ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་གསུངས་གནང་ཡོད།
          སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད།  ཞི་ཅིན་ཕིང་གིས་མཐའ་སྲུང་དམག་སྒར་དང་ས་འོག་འབར་མདེལ་གཙང་སེལ་དང་འབར་གས་སྔོན་འགོག་རུ་ཆེན་གྱི་ལས་འགན་ཡན་ལག་རུ་ཁག་གི་དཔོན་དམག་རྣམས་དང་དྲན་རྟེན་སྐུ་པར་བསྐྱོན་ཡོད། དཔོན་དམག་རྣམས་ནས་འཚང་ག་ཤིག་ཤིག་ངང་ཞི་ཀྲུའུ་ཞིའི་གམ་དུ་བཅར་བ་དང་གདོང་ལ་བདེ་སྐྱིད་དང་སྤྲོ་སྣང་གིས་ཁེངས་ཡོད།
          སྤྱི་ཚེས20ཉིན་གྱི་སྔ་དྲོ།  ཞི་ཅིན་ཕིང་གིས་ཁུན་མིང་དུ་ཡུན་ནན་ལ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཐོན་ཤོག་རིམ་པ་ཚན་པའི་དམག་དཔོན་གཙོ་བོ་དང་ཐུགས་འཕྲད་གནང་ཡོད།  ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས།  འདས་ཟིན་པའི་ལོ་གཅིག་རིང་།  ཡུན་ནན་དུ་བཅའ་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་།  ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ།  ལས་འགན་ཆེ་གྲས་ཁག་ལེགས་འགྲུབ་ཡག་པོ་བྱས་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་དང་།  ས་གནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རོགས་སྐྱོར་བྱ་རྒྱུའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས།  ད་ལོ་ནི་རང་རྒྱལ་གྱིས་སྒོ་ཀུན་ནས་འབྱོར་འབྲིང་སྐྲུན་ཟིན་པར་བྱེད་པའི་ལོ་དང་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཞིག་རེད་ལ།  རང་དམག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ལོ2020ལོའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། ཕྱོགས་ཁག་གི་ལས་འགན་དཀའ་ཚེགས་ཆེ་ལ་ཧ་ཅང་ལྕི་མོ་ཡོད།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་དང་།  དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར།  ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་།  བསྒྱུར་བཅོས་ཐོག་ནས་དམག་དཔུང་སྟོབས་ཆེར་གཏོང་བ།  ཚན་རྩལ་ཐོག་ནས་དམག་དཔུང་སྟོབས་ཆེར་གཏོང་བ།  ཤེས་ལྡན་མི་སྣའི་ཐོག་ནས་དམག་དཔུང་སྟོབས་ཆེར་གཏོང་བ།  ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་ཀྱིས་འགན་འཁྲི་འཁུར་སེམས་ཤུགས་ཆེར་གཏོང་བ་དང་འགག་གཏོར་དཀའ་སེལ་ཐོག་སྟོབས་ཤུགས་གཅིག་སྡུད་བྱེད་པ།  ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ལེགས་འགྲུབ་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          ཞུས་ཆི་ལེའང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།