དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཁ་ས། ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་འགོག་པར་མཛུབ་སྟོན་གསར་པ་གནང་བ།

སྤེལ་དུས 2020-02-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

         ཚེས་10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་ཞིང་། ཁོང་གིས་དང་ཐོག་ཁྲའོ་དབྱང་ཆུས་ཨན་ཀྲེན་སྲང་ལམ་གྱི་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་རིམས་ནད་མཉམ་དུ་སྔོན་འགོག་ཚོད་འཛིན་དང་གྲོང་མིའི་འཚོ་བའི་མཁོ་ཆས་མཁོ་འདོན་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་སྡེ་ཁུལ་གྱི་གྲོང་མི་དང་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རིམས་ནད་ཀྱི་གནས་ཚུལ་སྔར་བཞིན་ཛ་དྲག་པོ་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་དང་། ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་བྱེད་དགོས་པའི་སྤྱིའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར། ཡང་འབད་བསྐྱར་འབད་དང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད། དེ་བས་བློ་རྩ་བརྟན་པོའི་གདེང་ཚོད་དང་། དེ་བས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས། དེ་བས་འཕྲལ་ཐག་ཆོད་པའི་བྱེད་ཐབས་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ཏེ་རིམས་ནད་མཆེད་ཚུལ་མཐའ་གཅིག་ཏུ་འགོག་དགོས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ།  འགོག་རྒོལ་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཡོངས་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། སྡེ་ཁུལ་གྱི་འགོག་རྒོལ་ནུས་པ་གང་ལེགས་འདོན་པ་དང་། སྔོན་འགོག་ཚོད་འཛིན་གྱི་མི་སྣ་སྡེ་ཁུལ་དུ་མངགས་པ།  སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྡེ་ཁུལ་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་མཁར་རྫོང་ལྟ་བུར་འགྱུར་བར་བྱེད་དགོས། 

         ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དེ་སྟོབས་མཉམ་ཁ་སྤྲོད་ཀྱི་ཚུལ་དུ་གནས་ཡོད་པས། རྒྱ་ཆེའི་སྨན་དོན་ལས་དོན་པས་ངེས་པར་དུ་གཤམ་འོག་ལ་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སྡུག་བསྲན་ཁྱད་པར་ཐེག་པ་དང་དམག་འཐབ་ཁྱད་པར་འཇོན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆུ་གཞུང་གི་གཞོམ་མེད་བྲག་རིའི་ནུས་པ་འདོན་པ། མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ། ནད་པ་ནུས་ཤུགས་ཡོད་རྒུས་སྐྱོབ་པ་བཅས་ཀྱིས་ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེའི་སྲུང་སྐྱོབ་དམག་འཐབ་ཡག་པོ་བྱེད་དགོས། 

         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་མདུན་ཕྱོགས་སུ་བསྐྱོད་ནས། བཀོད་འདོམས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འཐབ་ཕྱོགས་དང་པོར་བསྐྱོད་དེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་ལས་དོན་ཡོད་དོ་ཅོག་ལེགས་པར་སྒྲུབ་དགོས་པ་དང་ལྷུ་ཚིགས་ཚང་མར་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་དགོས། ཚོད་བགམ་ཆེན་པོའི་ཁྲོད་ནས་ལས་བྱེད་པའི་ལེགས་ཉེས་ལ་དེ་བས་ཀྱང་ཉམས་ཞིབ་དང་དབྱེ་འབྱེད་གསལ་པོ་བྱེད་ཐུབ། མཚོན་ཚུལ་མངོན་གསལ་དོད་རིགས་ལ་གཟེངས་བསྟོད་དང་བསྔགས་བརྗོད་བྱས་ནས་བློ་གཤོགས་ཆེན་པོས་བཀོལ་སྤྱོད་བྱེད་དགོས་པ་དང་། ཁ་ཡང་སྤྱོད་ཡང་ཆེ་བ་དང་། ཁྲལ་སེལ་སླ་བཅོས་བྱེད་པ། རང་འགན་གཞན་ལ་དཀྲི་བ་བཅས་ཀྱི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། མང་ཚོགས་རྒྱ་ཁྱབ་ཏུ་སྐུལ་སློང་དང་འབྲེལ་མང་ཚོགས་ལ་བརྟེན་ཏེ། བློ་གཅིག་སེམས་གཅིག་དང་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

         ཞི་ཅིན་ཕིང་གིས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་ཆབས་ཅིག “བརྟན་པོ་དྲུག”གི་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་དགོས། བློ་རྩ་བརྟན་པོ་བྱེད་དགོས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་བ་མེད་པ་དང་རིམས་ནད་ཀྱི་ཤུགས་རྐྱེན་ནི་གནས་སྐབས་ཡིན་པ་གསལ་པོར་མཐོང་བ་བྱས་ཏེ། གནད་དོན་དང་དཀའ་ངལ་ལ་སྐྲག་ནས་དཔའ་ཞུམ་མི་རུང་། དཔལ་འབྱོར་འཁོར་རྒྱུག་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཁག་ཧུར་ཐག་སྒྲུབ་དགོས།

རྩོམ་སྒྲིག་པ། སངས་སྐྱབས།