དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་དང་ཞལ་པར་སྐྱོན་པ།

སྤེལ་དུས 2020-02-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་18ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཤུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་པ་རེད།
          ཞི་ཅིན་ཕིང་ནས་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་དང་ཡུའེ་ཧན་ཤུན་རྣམ་གཉིས་ནས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པར་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ཞི་ཅིན་ཕིང་གིས།དབྱིན་ཇི་ཕྱོགས་ཀྱིས་ང་ཚོས་རིམས་ནད་ལ་འགོག་རྒོལ་བྱེད་པར་དངོས་རྫས་ཀྱི་རྒྱབ་སྐྱོར་གནང་བ་དེའི་ཐོག་ནས་ཀྲུང་དབྱིན་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་བརྩེ་བ་ཟབ་མོ་མཚོན་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས།ཆེས་ཁྱོན་ཡོངས་དང་། ཆེས་ནན་པོ། ཆེས་མཐར་ཕྱིན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་བཞིན་ཡོད། མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་དང་དུས་མཚུངས་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་ལ་རྐྱང་སྐུམ་རང་བཞིན་ཆེ་བ་དང་། ནང་མཁོའི་བར་སྟོང་རྒྱ་ཆེ་བ།ཐོན་ལས་ཀྱི་རྨང་གཞི་བརྟན་པ་བཅས་ཡོད་པས། ང་ཚོར་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་དང་ལྷག་པར་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཕམ་ཐག་གཅོད་དམག་འཐབ་ཀྱི་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་ཐུབ་པའི་སེམས་ཤུགས་དང་ནུས་པ་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་འཁུར་བ་མ་ཟད། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལའང་འགན་འཁྲི་གཙང་སྒྲུབ་བྱེད་ཀྱི་ཡོད། ང་ཚོས་འབད་བརྩོན་ཆེན་པོས་རིམས་ནད་དེ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འགོས་ཁྱབ་འགྲོ་རྒྱུར་བཀག་འགོག་ནུས་ལྡན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཡོངས་བསྒྲགས་དང་ཁ་གསལ་གྱི་རྣམ་འགྱུར་ཐོག་ནས་དབྱིན་ཇི་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་ལས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཀྲུང་དབྱིན་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པས།གོ་ལ་ཧྲིལ་པོ་ཅན་གྱི་འགྲན་རྩོད་ཉིན་བཞིན་ཆེ་རུ་འགྲོ་བའི་དུས་བབ་འོག་ལག་གདང་སྦྲེལ་ནས་འགན་འཁྲི་དེ་བས་མང་བ་འཁུར་བ་དང་བྱས་རྗེས་དེ་བས་མང་བ་བཞག་སྟེ། ཀྲུང་གོ་དང་དབྱིན་ཇིའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལོ་བཅུ་གསར་པ་སླར་ཡང་འགོ་འཛུགས་རྒྱུར་ཁྲིད་སྟོན་བྱ་དགོས་པ་དང་། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་ལྟ་སྟངས་དང་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བའི་ཁ་ཕྱོགས་ཆེན་པོ་དམ་འཛིན་རྒྱུན་འཁྱོངས་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་ལྟ་རྟོག་བྱེད་དགོས། ཕྱོགས་གཉིས་པོས་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱིན་དཔལ་འབྱོར་གྱི་གསབ་རེས་རང་བཞིན་སྦྲེལ་མཐུད་བྱེད་པ་དང་མཉམ་ལས་དངོས་དེ་བས་མང་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱ་རྒྱུ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
          ཡུའེ་ཧན་ཤུན་ནས་དབྱིན་ཇིའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཀྲུང་གོའི་མི་དམངས་ལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཕོག་པར་འཚམས་འདྲི་ཞུས་པ་དང་། ཀྲུང་གོས་ཕྱོགས་ཡོངས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་དུས་ཐོག་ཏུ་ཆ་འཕྲིན་མཉམ་སྤྱོད། རིམས་ནད་འཛམ་གླིང་ཐོག་འགོས་ཁྱབ་འགྲོ་རྒྱུ་སྔོན་འགོག་ཧུར་ཐག་བཅས་བྱས་པར་ཚད་མཐོའི་བསྔགས་བརྗོད་གནང་ཡོད། ཡུའེ་ཧན་ཤུན་གྱིས། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་མངོན་པའི་མྱུར་ཚད་དང་ལས་ཕྱོད་ལ་དབྱིན་ཇིས་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ལ་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་འབྲེལ་རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་དམའ་ཤོས་སུ་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
          ཡུའེ་ཧན་ཤུན་གྱིས། ང་རང་ཀྲུང་གོར་དགའ་ཞེན་ཆེན་པོ་ཡོད་པས།དབྱིན་ཇིའི་སྲིད་གཞུང་གསར་པར་འགོ་ཁྲིད་དེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་ཁག་གི་འགྲོ་འོང་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དབྱིན་ཀྲུང་འབྲེལ་བའི་དུས་རབས་ཡག་ཤོས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། དབྱིན་ཇིས་ཀྲུང་གོའི་ཁེ་ལས་དབྱིན་ཇིར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད།དབྱིན་ཇི་དང་ཀྲུང་གོ་ནི་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་རྒྱལ་སྤྱིའི་གནད་དོན་མང་པོའི་ཐད་ལངས་ཕྱོགས་འདྲ་པོ་ཡོད། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་དར་སྤེལ་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བཅས་བྱེད་ཀྱི་ཡོད།དབྱིན་ཇི་ཕྱོགས་ཀྱིས་འདི་ལོ་གཙོ་གཉེར་བྱ་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་ཚོགས་འདུ་དང་ཀྲུང་གོས་གཙོ་གཉེར་བྱ་རྒྱུའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་ཀྱི་ཚོགས་འདུ་གཉིས་ཀྱི་བར་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།