དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཆེད་མངགས་སྨན་དོན་མི་སྣར་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2020-02-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ངེས་པར་དུ་སྨན་དོན་མི་སྣར་སྲུང་སྐྱོབ་དང་ཐུགས་ཁུར། གཅེས་སྐྱོང་བཅས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། སྨན་དོན་མི་སྣ་རྒྱུན་མཐུད་བདེ་ཐང་ངང་རིམས་ནད་ལས་རྣམ་པར་རྒྱལ་བའི་འཐབ་རྩོད་ནང་ཞུགས་ཐུབ་པ་འགན་ལེན་བྱ་དགོས་ཞེས་ནན་གསུངས་གནང་བ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་མཁན་གྱི་སྨན་དོན་མི་སྣར་ཆེད་མངགས་མཛུབ་སྟོན་གལ་ཆེན་གནང་བ་དང་། ཁོང་གིས། སྨན་དོན་མི་སྣ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་ཀ་རྟེན་ལྟ་བུ་ཡིན་པས། ངེས་པར་དུ་ཁོང་ཚོར་སྲུང་སྐྱོབ་དང་། ཐུགས་ཁུར། གཅེས་སྐྱོང་བཅས་བྱ་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་དགོས་པ་དང་། ཕྱོགས་ཁག་ནས་རྒྱབ་སྐྱོར་བྱ་རྒྱུ་འགན་སྲུང་བྱས་ཏེ། ཁོང་ཚོས་སྔ་ཕྱི་བར་གསུམ་དུ་དམག་འཐབ་ནུས་པ་སྟོབས་ཆེན་དང་། སྙིང་སྟོབས་ཆེར་སྐྱེད། སེམས་ཤུགས་འཕེལ་བ། རྒྱུན་མཐུད་བདེ་ཐང་བཅས་ཀྱི་ཐོག་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་འཐབ་རྩོད་ནང་ཞུགས་ཐུབ་པ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
          ཞི་ཅིན་ཕིང་གིས། བཀོད་འདོམས་བཀོད་གཏོང་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ཚན་རིག་དང་མཐུན་དགོས་པ་དང་། སྨན་དོན་མི་སྣའི་གནོན་ཤུགས་ཆུང་དུ་གཏོང་བ་དང་། འཚོ་བའི་འགན་ལེན། དགོས་ངེས་ཀྱི་ངལ་གསོ། སེམས་ཁམས་ཐད་ཀྱི་སྐུལ་ལྕག་བཅས་ཀྱི་ལས་དོན་ངེས་པར་དུ་དུས་ཐོག་ཏུ་ཤུགས་སྣོན་རྒྱབ་ནས་དོན་འཁྱོལ་བྱ་དགོས་པ་དང་། ཧུའུ་པེ་༼ཝུའུ་ཧན་༽ཡི་སྨན་དོན་མི་སྣའི་དཔུང་ཁག་བདེ་འཇགསདང་་གོ་རིམ་ལྡན་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ། ནུས་པ་དང་ཕན་འབྲས་ལྡན་པ། དུས་ཐོག་བཅས་ཀྱི་ཐོག་ནས་ལས་དོན་སྤེལ་རྒྱུ་འགན་ལེན་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
          ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རྒྱ་ཆེའི་སྨན་དོན་མི་སྣས་ཉིན་མཚན་མེད་པར་དཀའ་སྤྱད་འབད་བརྩོན་གནང་བཞིན་ཡོད་པ་དང་། སྨན་དོན་མི་སྣར་ཡང་སྟབས་མ་ལེགས་པར་ནད་དུག་འགོས་ཡོད་ལ། ཡང་སྒོས་སུ་སྨན་དོན་མི་སྣས་གཅེས་པའི་སྲོག་ཀྱང་སྐྱེས་སུ་ཕུལ་ཡོད། དེའི་ཐོག་ནས་སྨན་དོན་མི་སྣའི་བྱམས་དང་བརྩེ་བས་ཕྱུག་པའི་བླ་ན་མེད་པའི་སྙིང་སྟོབས་མངོན་ཡོད། ཞི་ཅིན་ཕིང་གིས་གྲོས་ཚོགས་ཐེངས་མང་གཙོ་སྐྱོང་གནང་བ་དང་། གསུང་བཤད་གལ་ཆེན་གནང་བ། མཛུབ་སྟོན་གལ་ཆེན་གནང་ནས། རྒྱལ་ཡོངས་དང་ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་འབད་འཐབ་གནང་བཞིན་པའི་མི་སྣར་ཏང་ཀྲུང་དབྱང་གི་ཐུགས་ཁུར་བསྐྱལ་གནང་ཡོད། ཁོང་གིས་པེ་ཅིང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་སྐབས་རྒྱ་ཆེའི་སྨན་དོན་མི་སྣར་མཛའ་བརྩེའི་འཚམས་འདྲི་ཞུས་གནང་བ་མ་ཟད། ཁོང་ཚོའི་དཀའ་ངལ་དང་གནད་དོན་ངོ་མ་སེལ་རོགས་བྱེད་པའི་ཐད་བཀོད་སྒྲིག་གནང་བ་དང་བླང་བྱ་བཏོན་གནང་ཡོད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་29དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། དེ་བཞིན་དམག་དཔུང་ཁོངས་གཏོགས་ནས་སྨན་དོན་མི་སྣ་གསུམ་ཁྲི་ལྷག་ཧུའུ་པེ་༼ཝུའུ་ཧན་༽ལ་རོགས་སྐྱོར་བྱེད་པར་མངགས་གཏོང་བྱས་ཟིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།