དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧེ་ལུང་ཅང་གི་བོད་ལུགས་གསོ་རིག་གི་སྨན་པས་རིན་ཐང་སྒོར་ཁྲི་བརྒྱ་ཟིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཞལ་འདེབས་ཕུལ་བ།

སྤེལ་དུས 2020-02-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
        ཁོང་ནི་མ་གཞིར་ཆེད་དུ་དཀའ་ངལ་སེལ་རོགས་བྱེད་པར་སྐྱེས་པ་དང་འདྲ།
        ཁོང་ནི་མི་རིགས་སྨན་ཁང་དཀྱུས་མ་ཞིག་སྟེ་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་ཡིན་ལ། མིག་སྔའི་བར་ཁོང་གིས་རིམས་ནད་ཕོག་ཁུལ་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཞལ་འདེབས་ཕུལ་བའི་སྤྱིའི་རིན་ཐང་སྒོར་ཁྲི་བརྒྱ་ལ་ཉེ་བ་ཟིན་ཡོད་ཅིང་། ཁོང་ནི་བསོད་ནམས་ཆོས་འཕེལ་རེད།
        བསོད་ནམས་ཆོས་འཕེལ་གྱིས་གྱོན་པ་སྟབས་བདེ་དང་བབ་ཆགས་ཞིག་གྱོན་ཡོད་ལ། འཚོ་བའི་ཐད་ཧ་ཅང་གྲོན་ཆུང་བྱེད་པ་སྟེ། ཁོའི་ལུས་ལ་གྱོན་པའི་སྟབས་བདེའི་གྱོན་པ་དེ་དཔྱིད་ཀ་དང་། དབྱར་ཁ། སྟོན་ཁ་བཅས་དུས་ཚིགས་གསུམ་ལ་གྱོན་ཆོག་པ་དང་། ཁོས་བོད་ལྭ་གཅིག་པོ་དེ་གྱོན་ནས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཚོགས་འདུའི་སྟེང་ལོ་མང་པོར་སོང་ཆོག
བསོད་ནམས་ཆོས་འཕེལ་གྱིས་ནད་པའི་རྩ་ལ་བརྟག་བཞིན་པ།
        ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ། བསོད་ནམས་ཆོས་འཕེལ་གྱི་གླ་ཕོགས་དེ་ནད་པ་དབུལ་པོ་དང་། ནད་པ་བདག་མེད། དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མ་བཅས་ལ་རོགས་སྐྱོར་བྱེད་པའི་ཆེད་དུ་བཏང་བ་རེད། དེར་བརྟེན། ད་ཐེངས་ཀྱི་རིམས་ནད་ཧ་ཅང་གློ་བུར་དུ་ཐོན་པའི་སྟབས་ཀྱིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གྲབས་གསོག་བྱ་ཆེད་ཁོང་གིས་དཀའ་ལས་མང་པོ་མྱངས་ཡོད།
        བསོད་ནམས་ཆོས་འཕེལ་གྱིས་རྩོམ་པ་པོར་བརྗོད་དོན། “ཧའར་པིན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་ནི་དཔྱིད་གསར་དུས་ཆེན་གོང་གནས་ཡུལ་གསར་པ་འདིར་སྤོས་མ་ཐག་ཡིན་ཞིང་། མ་དངུལ་མང་པོ་བཏང་བས། ཕྱོགས་ཚང་མ་ད་དུང་རྒྱུན་གཏན་གྱི་ཚད་ལ་སླེབས་མེད། འོན་ཀྱང་རྒྱལ་ཁབ་ལ་དཀའ་ངལ་ཡོད་པས། ཀྲུང་ཧྭའི་བུ་ཕྲུག་ཅིག་ཡིན་པའི་ངོས་ཐད་ནས་སྣང་མེད་དུ་འཇོག་ག་ལ་རུང་། ང་ཚོ་ཚང་མར་མེས་རྒྱལ་གྱི་དཀའ་ངལ་མཉམ་སེལ་བྱ་རྒྱུའི་འགན་འཁྲི་དང་འོས་འགན་ཡོད། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་དེ་ནས་བཟུང་ངས་ཕྱོགས་བཞི་མཚམས་བརྒྱད་ནས་དངུལ་བསྡུས་ཏེ། མི་གཞན་ལ་ངག་བཅོལ་སྒོས་ཕྱི་རྒྱལ་ནས་ཁ་རས་ཉོས་པ་མ་ཟད། བོད་སྨན་བཟོ་གྲྭར་སོང་ནས་སྤོས་དང་རིམས་འགོག་བོད་སྨན་ལས་སྣོན་བྱས་པ་དང་། རིམས་འགོག་གཡུལ་སའི་སྨན་ཁང་དུ་སོང་ནས་ནད་ཡམས་འགོག་པའི་ལས་ལ་ཞུགས་པ་ཡིན། སྟབས་ལེགས་པ་ཞིག་ལ་ལས་ཀ་དེ་དག་ཚང་མ་འཐུས་ཤོར་མ་བྱུང་བར་ངའི་བསམ་དོན་ལྟར་འགྲུབ་སོང་།”ཞེས་ཟེར།
        རྒྱལ་ཁབ་དཀའ་ཉེན་དང་འཕྲད་སྐབས། རང་ཉིད་ལ་ནུས་པ་ཞན་པ་འདི་སྐྱོ་ཨང་།
        ཕ་ཡུལ་སི་ཁྲོན་ཁྲེན་ཏུའུ་རུ་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་གཏོང་བཞིན་པའི་བསོད་ནམས་ཆོས་འཕེལ་གྱིས་ཕྱོགས་གཅིག་ནས་འཛམ་གླིང་གི་ས་ཆ་ག་ས་གང་ནས་ཁ་རས་འཚོལ་བ་དང་། ཕྱོགས་གཅིག་ནས་བོད་སྨན་སྡེབ་སྦྱོར་ལེགས་སྒྲིག་བྱེད་བཞིན་ཡོད། ཁོང་གིས་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ལ་ཏོག་དབྱིབས་ནད་དུག་གསར་པ་འགོག་བཅོས་བྱེད་པའི་བོད་སྨན་གྱི་སྡེབ་སྦྱོར་སྤྲད་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཆོག་མཆན་ཐོབ་རྗེས། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རིམས་ནད་ཕོག་ཁུལ་དུ་སྤྱོད་འགོ་ཚུགས་པ་རེད།
ཧའར་པིན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་གིས་ཞལ་འདེབས་ཕུལ་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་སྨན་ཁག་ཅིག 
        དེ་དང་ཆབས་ཅིག་ཁོང་གིས་ཧའར་པིན་སྡེ་དགེ་བོད་ལུགས་གསོ་རིག་སྨན་ཁང་དུ་ཡོད་པའི་སྨན་སྦྱོར་མི་སྣར་བཀོད་འདོམས་བྱས་ཏེ། རིམས་འགོག་བོད་སྨན་གྱི་སྨན་སྣ་དང་། རིམས་འགོག་བོད་སྤོས་བཅས་སྡེབ་སྦྱོར་བྱེད་དུ་བཅུག་ནས།  རིམས་འགོག་ལས་དོན་གྱི་གཙོ་གནད་ལས་གནས་དང་། གཙོ་གནད་མི་ཚོགས། རིམས་འགོག་གཡུལ་ས་བཅས་ཀྱི་ལས་དོན་མི་སྣར་ཞལ་འདེབས་སུ་ཕུལ་ཏེ།  རིམས་ནད་སྔོན་འགོག་ལས་དོན་མི་སྣར་གཞོགས་འདེགས་བྱས་པ་རེད། བསོད་ནམས་ཆོས་འཕེལ་གྱིས་ད་དུང་ཚང་མར་འགོག་སྲུང་ལ་དོ་སྣང་དང་རང་ཉིད་དང་ཁྱིམ་མི་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་སྐོར་གྱི་ཁ་ཏ་ཐེངས་མང་པོ་བྱས།
        བསོད་ནམས་ཆོས་འཕེལ་གྱི་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་ནི་རྒྱུན་ཆད་མེད་པར་ཁ་པར་གཏོང་བའི་ཁྲོད་རོལ་བ་རེད།
        རྒྱ་གར་དང་། མ་ལེ་ཞི་ཡ། ནེ་པ་ལ་སོགས་ལ་ཁོང་གིས་ཉིན་མཚན་མེད་པར་ཁ་པར་བཏང་ནས་རིམས་འགོག་དངོས་ཟོག་གི་སྐོར་ལ་འབྲེལ་གཏུག་བྱས་པ་དང་།  མཐར་ཕྱི་རྒྱལ་ནས་ཁ་རས་60000གྲབས་གསོག་ཐུབ་ཡོད། ནེ་པ་ལར་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རོགས་འདེགས་འོག་བརྩེ་སེམས་མཚོན་པའི་ཁ་རས་དེ་དག་ཟླ་2ཚེས་25ཉིན་སི་ཁྲོན་ཁྲེན་ཏུའུ་རུ་འབྱོར། ཚེས་26ཉིན་གྱི་ཉིན་གུང་། བསོད་ནམས་ཆོས་འཕེལ་ཐུམ་སྒྲིལ་རྒྱག་པའི་ཚོང་ཁང་དུ་སོང་ནས་རིན་ཐང་སྒོར་ཁྲི་40ལྷག་ཙམ་ཟིན་པའི་ཁ་རས་དང་ཆང་བཅུད་ཏུན་1ཙམ་རེ་རེ་སྒམ་ནང་དུ་བཅུག་ནས་དབོར་འདྲེན་བྱེད་པར་བཀོད་སྒྲིག་བྱས།
ཟླ་2ཚེས་26ཉིན་ཕྱི་རྒྱལ་ནས་སི་ཁྲོན་དཀར་མཛེས་ལ་དབོར་བའི་ཁ་རས་60000དང་ཆང་བཅུད་ཏུན་གཅིག་རེ་རེ་དགར་ནས་ཐུམ་སྒྲིལ་བྱེད་པའི་ཡུལ་དངོས།
        ཀྲུང་གོའི་མི་སེར་དཀྱུས་མ་ཞིག་ཡིན་པའི་ངོས་ནས། ཁོང་རང་མེས་རྒྱལ་དང་ཕ་ཡུལ། མི་དམངས་བཅས་ལ་དགའ་ཞེན་ཆེན་པོ་ཡོད། 2003ལོའི་དམིགས་བསལ་མིན་པའི་གློ་བའི་ཚ་ནད་དང་། 2008ལོའི་ཝུན་ཁྲོན་ས་ཡོམ། 2010ལོའི་ཡུལ་ཤུལ་ས་ཡོམ་བཅས་ཚང་མར་ཁོ་དངོས་སུ་ཡུལ་དངོས་ལ་ཕེབས་ནས་འཚམས་འདྲི་དང་ཞལ་འདེབས་ཕུལ་བ་རེད། SARSརིམས་ནད་ཀྱི་སྐབས་སུ། བསོད་ནམས་ཆོས་འཕེལ་གྱིས་ལས་གྲོགས་རྣམས་དང་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་པའི་གཡུལ་སར་འབད་འཐབ་བྱས་པ་དང་། ཟ་མ་ཟ་ཁོམ་མེད་ལ་གཉིད་ཁོམ་ཡང་མེད་པར་རིམས་ནད་འགོག་བཅོས་ཀྱི་ལས་ལ་བྲེལ་ཞིང་། ཟླ་བ་གཅིག་གི་རིང་ལ། ཁོང་གི་ལུས་ཕུང་ཧ་ཅང་ཇེ་ཞན་དུ་སོང་བ་དང་། དུས་ཡུན་རིང་བོ་ཞིག་འགོར་རྗེས་ད་གཟོད་ངལ་དུབ་ཀྱིས་མནར་བའི་ཁོའི་ལུས་ཕུང་སླར་གསོ་ཐུབ་པ་བྱུང་། 
        སྔོན་ཆད་སྐུ་ཞབས་ལུའུ་ཞུན་གྱིས་གསུང་དོན།“ང་ཚོ་ལ་གནའ་སྔ་མོ་ནས་བཟུང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་མཁན་དང་། སྲོག་བསྡོས་སྒོས་ཧུར་བརྩོན་བྱེད་མཁན། མི་དམངས་ཀྱི་དོན་དུ་ཞུ་བ་བྱེད་མཁན། བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་སོགས་ཡོད། དེ་ནི་ཀྲུང་གོའི་ཀ་བ་དང་གདུང་མ་ལྟ་བུ་ཡིན།”ཞེས་ཟེར།
        ཁ་ནས་འུད་བརྗོད་རྩ་བ་ནས་མི་བྱེད་པར། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་མཁན་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁབ་དཀའ་ངལ་ལ་འཕྲད་ཐེངས་རེ་རེར།  རྟག་ཏུ་རྒྱལ་ཁབ་ལ་དཀའ་ངལ་སེལ་རོགས་བྱེད་ཅིང་། འགྱོད་པ་དང་འཁང་ར་སྤུ་ཙམ་ཡང་མེད།
        ཚེས་26ཉིན་གྱི་ཕྱི་དྲོ། བསོད་ནམས་ཆོས་འཕེལ་གྱིས་རྩོམ་པ་པོར་པར་ཞིག་བསྐུར་བ་དང་། དེ་ནི་རྒྱལ་ནང་དུ་ཧ་ཅང་དཀོན་པའི་N95ཡི་ཁ་རས་གྲལ་འགྲིག་པོར་བསྒྲིགས་པའི་སྒམ་མང་པོ་སྟེ། བསོད་ནམས་ཆོས་འཕེལ་གྱི་བཀོད་སྒྲིག་འོག མཐོན་མཐིང་གི་མཁའ་དབྱིངས་བརྒྱུད་ཅིང་རི་ཆུ་སྟོང་ཕྲག་བརྒལ་ཏེ། རིགས་དགར་ནས་ཐུམ་སྒྲིལ་བྱེད་པའི་ས་གནས་སུ་འབྱོར་བ་དང་།  རིམས་འགོག་གཡུལ་སར་བསྐྱོད་ནས་རིམས་ནད་ཕོག་ཁུལ་དུ་འགོག་རྒོལ་གྱི་ཡོལ་བ་མང་པོ་ཞིག་བཟོ་གྲབས་ཡོད་པ་དེ་རེད། 
        འདི་ནི་བསོད་ནམས་ཆོས་འཕེལ་གྱིས་རིམས་ནད་ཕོག་ཁུལ་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཞལ་འདེབས་ཕུལ་ཐེངས་བཞི་པ་དེ་རེད།     
        ཐེངས་དང་པོར་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་དང་N95ཡི་ཁ་རས་40000ལྷག་ཝུའུ་ཧན་གྱི་རིམས་འགོག་གཡུལ་ས་མདུན་མར་ཞལ་འདེབས་སུ་ཕུལ།
        ཐེངས་གཉིས་པར་བོད་སྤོས་དང་རིམས་འགོག་བོད་སྨན་ཧའར་པིན་གྲོང་ཁྱེར་གྱི་སྔོན་འགོག་ཚོད་འཛིན་གྱི་མདུན་སའི་འགན་ནུས་སྡེ་ཁག་ལ་ཞལ་འདེབས་སུ་ཕུལ།
        ཐེངས་གསུམ་པར་ཏོག་གསར་གློ་ཚད་སྔོན་འགོག་བྱེད་པའི་བོད་སྨན་དང་སྲོ་ལོ་དམར་པོ་ཟླ་2ཚེས་24ཉིན་ཧའར་པིན་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། ཤང་ཧྥང་ཆུས་ལེ་སུང་སྡེ་ཁུལ། ཤང་བསྐྱོད་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་ལ་ཞལ་འདེབས་སུ་ཕུལ་ནས་གྲོང་མི་རྣམས་ལ་སྤྲད་པ་རེད།
        ཐེངས་བཞི་པར་ཁ་རས་60000དང་སྨན་སྤྱོད་ཆང་བཅུད་ཏུན་1བཅས་ཟླ་2ཚེས་27ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་རྟའུ་རྫོང་དང་། བྲག་འགོ སྡེ་དགེ་རྫོང་སོགས་དང་དེ་མིན་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་བསྐྱལ་བ་རེད།
        བསོད་ནམས་ཆོས་འཕེལ་གྱིས་ད་དུང་ཐེངས་ལྔ་བའི་ཞལ་འདེབས་དངོས་ཟོག་གྲབས་གསོག་བྱེད་བཞིན་ཡོད།
        རྒྱལ་ཁབ་དར་རྒུད་ཅི་ཡོང་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད། གློ་བུར་དུ་བྱུང་བའི་གནོད་འཚེ་འདི་རང་རྒྱལ་གྱི་མི་རྣམས་ཀྱིས་སྔོན་འགོག་བྱེད་དཀའ་བར་བཟོས་ཀྱང་། འོན་ཀྱང་སོ་སོའི་ལྷག་བསམ་རྣམ་དག་གི་སེམས་པ་མཐོང་ཐུབ།
        “ཁྱེད་ཀྱི་བརྩེ་བ་ལ་བརྩེ་བའི་རྐྱེན་གྱིས། ཁྱེད་ཀྱི་སྡུག་བསྔལ་ལ་གདུང་བའི་རྐྱེན་གྱིས། ཁྱེད་ཀྱི་སེམས་སྡུག་གི་ཆེད་དུ་མནར་བ་དང་།  ཁྱེད་ཀྱི་བདེ་སྐྱིད་ཀྱི་དོན་དུ་སྐྱིད་པ།……”ཞེས་པའི་གླུ་དབྱངས་འདི་གློ་བུར་དུ་ཡིད་ལ་དྲན་བྱུང་།  ངས་བསམ་ན་འདི་ནི་ནད་པ་ནི་རང་གི་ཕ་མ་དང་། མང་ཚོགས་ནི་རང་གི་རྐང་ལག་བཞིན་གཅེས་པའི་བསོད་ནམས་ཆོས་འཕེལ་གྱི་དོན་དངོས་དང་ཆེས་འཚམས་ཡོད་ཅིང་།   དེའང་ཁོང་གི་གོ་གནས་དམའ་རུང་ནམ་ཡང་རྒྱལ་ཁབ་ཀྱི་དཀའ་ངལ་མི་བརྗེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་དེ་ཡིན་སྲིད།