དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

སྤེལ་དུས 2020-03-02 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཟླ་3ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་ཁྲིམས་བཞིན་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད། 
        གསུང་རྩོམ་ནང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་རྒྱུ་ནི་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ལས་འགན་གལ་ཆེན་ཞིག་རེད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ནས་ལས་དོན་ཧུར་ཐག་སྤེལ་ཏེ་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན། མཉམ་དུ་སྔོན་འགོག་དང་ཚོད་འཛིན་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མིག་སྔར་གཞི་ཚུགས་ཏེ་ཚན་རིག་དང་མཐུན་ལ་གནད་སྨིན་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ལ། ཕུགས་ལ་དམིགས་ནས་ཉམས་མྱོང་ཕྱོགས་སྡོམ་དང་བསླབ་བྱ་དང་ལེན་བྱས་ཏེ་ད་ཐེངས་ཀྱི་རིམས་ནད་ནང་ཐོན་པའི་ཞན་ཆ་དང་མི་འདང་སར་དམིགས་ནས་དུས་ཚོད་དམ་འཛིན་གྱིས་ཞན་ཆ་སེལ་བ་དང་། མི་འདང་ས་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་དང་། རིམས་ནད་ཆེ་རིགས་སྔོན་འགོག་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད། 
        གསུང་རྩོམ་ནང་། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ཁྲིམས་བཞིན་དང་། ཚན་རིག་དང་མཐུན་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ་དཀའ་ཚེགས་ཆེ་བའི་དུས་སུ་ཇི་ཙམ་སླེབས་ན་དེ་ཙམ་གྱིས་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བྱས་ནས། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་ཁྲིམས་བཞིན་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་ཡོད་པ་རེད། 
        གསུང་རྩོམ་ནང་། སྤྱི་པའི་འཕྲོད་བསྟེན་ཁྲིམས་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་འགོ་ནད་འགོག་བཅོས་བཅའ་ཁྲིམས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་དཔྱད་དཔོག་ནན་ཏན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
        གསུང་རྩོམ་ནང་། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྔོན་འགོག་གཙོ་བཟུང་གི་འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀའི་བྱེད་ཕྱོགས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་རྒྱུན་གྲབས་ལྷོད་མེད་མཐའ་འཁྱོངས་བྱེད་པ་དང་། མདུན་ཕྱོགས་སུ་སྔོན་འགོག་ཚོད་འཛིན་བྱས་ནས་ནད་གཞི་ཆུང་རིགས་རིམས་ནད་ལ་མི་འགྱུར་བ་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྤྱི་པའི་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
        གསུང་རྩོམ་ནང་། རིམས་ནད་ཚབས་ཆེན་རིགས་སྔོན་འགོག་ཚོད་འཛིན་གྱི་སྐྱོབ་བཅོས་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། རིམས་ནད་ཚབས་ཆེན་རིགས་ཀྱི་འཕྲལ་སྡོམ་བརྡ་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཅིག་སྡུད་དང་། གཅིག་གྱུར། ནུས་ཆེ་བཅས་ཀྱི་འགོ་ཁྲིད་ཀྱི་བཀོད་འདོམས་མ་ལག་སྐྲུན་དགོས། ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་། ནད་ཡམས་ཚོད་འཛིན། ནད་ཐོག་སྨན་བཅོས་བཅས་ཀྱི་མཉམ་སྒྲུབ་ལམ་སྲོལ་ནུས་ལྡན་འཐུས་སྒོ་ཚང་དུ་བཏང་ནས་ཐོལ་བྱུང་གི་རིམས་ནད་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཚད་ལྡན་དང་འཕྲལ་སྡོམ་སྐྱོབ་བཅོས་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད། 
        གསུང་རྩོམ་ནང་། ནད་གཞི་ཚབས་ཆེ་རིགས་ཀྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། འཕྲལ་སྡོམ་སྨན་བཅོས་རོགས་སྐྱོབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོལ་བྱུང་རིམས་ནད་སོགས་ཀྱི་ཛ་དྲག་གནས་ཚུལ་ཐོན་སྐབས་སྨན་བཅོས་སྒྲིག་གཞིས་སྔོན་ལ་སྐྱོབ་བཅོས་དང་རྗེས་སུ་སྨན་རིན་བསྡུ་བའི་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག་སྨན་བཅོས་འགན་བཅོལ་ཡུལ་གཞན་དུ་འཕྲལ་དུ་རྩིས་རྒྱག་གི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
        གསུང་རྩོམ་ནང་། གཅིག་གྱུར་གྱི་འཕྲལ་མཁོའི་དངོས་ཟོག་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། འཕྲལ་མཁོའི་དངོས་ཟོག་འགན་ལེན་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་བསྐྲུན་པའི་ནང་དོན་གལ་ཆེན་ལ་བརྩིས་ནས་འབྲེལ་ཡོད་ལས་ཀའི་ལམ་སྲོལ་དང་འཕྲལ་སྡོམ་སྔོན་ཇུས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས། འཕྲལ་མཁོའི་དངོས་ཟོག་གལ་ཆེན་གྱི་ཐོན་ནུས་འགན་ལེན་དང་ས་ཁོངས་བཀོད་ཇུས་ལེགས་སུ་བཏང་ནས་འགག་རྩའི་དུས་སུ་དབོར་འདྲེན་དང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།