དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2020-05-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བ་དང་ཡུལ་མི་ཚོའི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་ཤེས་རྗེས་རང་ཉིད་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། ཉེ་བའི་ལོ་ཤས་རིང་། གྲངས་ཉུང་མི་རིགས་མང་པོ་ཞིག་སྔ་རྗེས་སུ་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བ་དེ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཡུལ་མི་ཚོས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་པའི་འགོ་འཛུགས་ས་གསར་པར་བརྩིས་ནས་ཡང་འབད་བསྐྱར་འབད་དང་མུ་མཐུད་འབད་འཐབ་བྱས་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ཇི་ཙམ་གྱི་གནད་འགག་ཆེ་ན་དེ་ཙམ་གྱིས་གདེང་ཚོད་བརྟན་གཏོང་དང་དམ་པ་དོན་གཉེར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱེད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་གྱི་མཁྲེགས་སར་གཏུག་ཕོད་པ། ཐབས་མང་མཉམ་དུ་སྤྱད་དེ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོའི་ངང་ལེགས་འགྲུབ་ཡོང་བ་དང་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས།
         མའོ་ནན་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་28ཀྱི་གྲས་ཤིག་ཡིན་ཞིང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཧོན་ཅང་རྫོང་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཞིག་རེད་ལ། རྒྱལ་ཡོངས་ཀྱི་མའོ་ནན་རིགས་ཀྱི་རང་སྐྱོང་རྫོང་འབའ་ཞིག་དེའང་རེད། རྫོང་ཡོངས་ལ་མའོ་ནན་རིགས་མི་ཁྲི་6.45ཡོད་པ་དེས་རྒྱལ་ཡོངས་ཀྱི་མའོ་ནན་རིགས་ཀྱི་མི་འབོར་བསྡོམས་འབོར་གྱི་70%ལྷག་ཙམ་ཟིན་གྱི་ཡོད། 2019ལོའི་ལོ་མཇུག་ཏུ་ཧོན་ཅང་རྫོང་དུ་དབུལ་པོ་ཐོན་ཚད་1.48%བར་ཆག་པ་དང་། 2020ལོའི་ཟླ་5པར་ཧོན་ཅང་རྫོང་དེ་དབུལ་པོའི་རྫོང་གི་གྲལ་ནས་ཕྱིར་འཐེན་བྱས་ཡོད། རྒྱལ་ཡོངས་ཀྱི་མའོ་ནན་རིགས་ཀྱི་དབུལ་སྒྲོལ་གནས་ཚུལ་ལ་ཕྱོགས་སྡོམ་བྱེད་སྐབས་མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་ཡོད། ཉེ་ཆར་ཧོན་ཅང་རྫོང་མའོ་ནན་རིགས་མང་ཚོགས་ཀྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ཏེ་ས་གནས་དེ་གའི་མའོ་ནན་རིགས་དབུལ་སྒྲོལ་བྱུང་བའི་སྤྲོ་སེམས་སྙན་སེང་ཞུས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ་དང་ཡང་འབད་བསྐྱར་འབད་ཀྱིས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།