དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་དཔལ་འབྱོར་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ལ་འདི་ལྟར་གསུངས།

སྤེལ་དུས 2020-05-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ5པའི་ཚེས23ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པར་ཕེབས་པ་མ་ཟད། ཚོགས་ཆུང་མཉམ་འབྲེལ་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་ཡོད་པ་རེད། ཁོང་གིས། ཁྱོན་ཡོངས་དང་། རྩོད་སྒྲུབ། རྒྱང་རིང་བཅས་ཀྱི་ལྟ་ཕྱོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་གསོ་སྤེལ་དང་། འགྱུར་ལྡོག་ཁྲོད་གནས་བབ་གསར་པ་གཏོད་གང་ཐུབ་བྱེད་པ། རང་རྒྱལ་ནི་འཛམ་གླིང་ཐོག་གི་ཁྲོམ་ར་ཆེ་ཤོས་ཡིན་པའི་གོང་འཕེལ་གཏོང་གཞི་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ། རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ཁྲོད་ཡག་ཏུ་འགྲོ་བ་དང་། ཡུན་རིང་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་སྲ་བརྟན་ཡོང་བ་བྱེད་པ། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་གནས་བབ་སྲ་བརྟན་གཏོང་བ། བརྟན་པོ་དྲུག་དང་འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱེད་པ་བཅས་བྱས་ནས། སྲིད་ཇུས་བཀོད་སྒྲིག་ཁག་དོན་ཐོག་འཁྱོལ་རྒྱུར་འགན་སྲུང་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པ་དང་། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་རྒྱུར་འགན་ལེན་གྱིས། རང་རྒྱལ་གྱི་དཔལ་འབྱོར་གྱིས་རླུང་བསྟུན་རླབས་གཤག་དང་། བརྟན་འགྲོས་རྒྱང་སྐྱོད་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་འདུག
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།
        ཚོགས་ཆུང་མཉམ་འབྲེལ་ཚོགས་འདུའི་ཐོག ཝང་དབྱི་མིང་དང་། ལེའུ་ཆི། ལེའུ་ཡུང་ཧའོ། ཧུའུ་ཞའོ་ལན། ཡང་གྲེང་གྲང་སོགས་ཨུ་ཡོན་ལྔ་ཡིས། ལས་ཞུགས་ཀྱི་རྣམ་པ་གསར་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་། ཁྱད་ལྡན་འབྱུང་ཁམས་ཐོན་ཁུངས་དབུལ་སྒྲོལ་འགག་གཏོར་གྱི་བཟང་ཆར་འགྱུར་བ་བྱ་རྒྱུ། དམངས་གཉེར་ཁེ་ལས་ཀྱིས་ཉེན་ཁ་གོ་སྐབས་སུ་བསྒྱུར་རྒྱུ། དངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་རྒྱུ། ལྟ་ཕྱོགས་གསར་པའི་ཐོག་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་བྱ་རྒྱུ་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད་པ་རེད།
        ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་གསན་རྗེས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། རྒྱལ་ཡོངས་སྲིད་གྲོས་ཀྱི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་དང་ཐུག་འཕྲད་བྱ་རྒྱུ་བྱུང་བར་དགའ་པོ་བྱུང་ལ། ཚོགས་ཆུང་མཉམ་ཞུགས་གྲོས་བསྡུར་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་དང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དེར་འཁོད་ཨུ་ཡོན་རྣམས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་ལྷག་བསམ་དག་པའི་འཚམས་འདྲི་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་དབྱེ་ཞིབ་དང་། གོང་འཕེལ་གྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་བྱེད་པ། ཁྱོན་ཡོངས་དང་། རྩོད་སྒྲུབ། རྒྱང་རིང་བཅས་ཀྱི་ལྟ་ཕྱོགས་ཐོག་ནས་མིག་སྔའི་དཀའ་ངལ་དང་། ཉེན་ཁ། འགྲན་རྩོད་བཅས་ལ་བལྟ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། སྤྱི་ཚོགས་ཧྲིལ་པོ་དང་ལྷག་པར་དུ་ཁྲོམ་རའི་གཙོ་གཟུགས་ཁག་གི་སེམས་ཤུགས་ཆེ་རུ་གཏོང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ཐོག་ལེགས་སུ་འགྲོ་བ་དང་། ཡུན་རིང་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག

        ཞི་ཅིན་ཕིང་གིས། རང་རྒྱལ་གྱི་དཔལ་འབྱོར་འཕར་ཐབས་བརྗེ་སྒྱུར་བྱེད་པ་དང་། དཔལ་འབྱོར་གྱི་གྲུབ་གཞི་ལེགས་སྒྱུར། འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྒྱུར་བཅས་བྱེད་པའི་འགག་རྩའི་དུས་ཚོད་ལ་སླེབས་ཡོད་པ་དང་། དཔལ་འབྱོར་གོང་འཕེལ་གྱི་མདུན་ལྗོངས་ཡག་པོ་ཡོད། ཡིན་ནའང་གྲུབ་གཞིའི་རང་བཞིན་དང་། སྒྲིག་ལུགས་རང་བཞིན། དུས་འཁོར་རང་བཞིན་བཅས་ཀྱི་གནད་དོན་སྣོལ་འདྲེས་ཀྱི་རྐྱེན་ལས་བྱུང་བའི་དཀའ་ངལ་དང་འགྲན་རྩོད་འཕྲད་ཡོད་པ་དང་། དེའི་ཐོག་ཏོག་གསར་གློ་ཚད་ཀྱིས་བཟོས་པའི་བརྡབ་གསིག་གི་དབང་གིས། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་གནོན་ཤུགས་ཅུང་ཆེ་ཙམ་འཕྲད་ཡོད། ང་ཚོ་ད་དུང་འཛམ་གླིང་དཔལ་འབྱོར་ཆེས་ཉམས་ཞན་དུ་འགྲོ་བ་དང་། རྒྱལ་སྤྱིའི་ཉོ་ཚོང་དང་མ་འཇོག་འབོར་ཚད་ཇེ་ཉུང་དུ་འགྲོ་བ། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་ཡམ་ཡོམ། རྒྱལ་སྤྱིའི་སྤེལ་རེས་ལ་ཚོད་འཛིན་ཕོག་པ། དཔལ་འབྱོར་གོ་ལ་ཅན་ལ་ལྡོག་རྒྱུན་འཕྲད་པ། རྒྱལ་ཁབ་འགའ་ཤས་སུ་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཁྱབ་ཆེར་འགྲོ་བ། ས་ཁོངས་ཆབ་སྲིད་ཉེན་ཁ་ཆེ་རུ་འགྲོ་བ་སོགས་རྐྱེན་ངན་དང་འཕྲད་ཡོད་པས། དེ་བས་བརྟན་ལྷིང་མེད་པ་དང་ངེས་གཏན་མེད་པའི་འཛམ་གླིང་འདིའི་ཁྲོད་ང་ཚོས་ངེས་པར་དུ་རང་རྒྱལ་གོང་འཕེལ་ཡོང་ཐབས་བྱེད་དགོས། མཐོང་དགོས་པར། རང་རྒྱལ་གྱི་དཔལ་འབྱོར་ལ་གོང་འཕེལ་གཏོང་གཞི་ཆེན་པོ་ལྡན་པ་དང་། ལྡེམ་ཤུགས་ཆེ་བ། བསྐྱར་འཁོར་གྱི་བར་ཁམས་ཆེ་བ། སྲིད་ཇུས་ཀྱི་ལག་ཆ་མང་བ་བཅས་ཀྱི་གཞི་རྩའི་ཁྱད་ཆོས་ལ་འགྱུར་བ་ཕྱིན་མེད། རང་རྒྱལ་ལ་འཛམ་གླིང་ཐོག་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་བཟོ་ལས་མ་ལག་དང་། སྟོབས་ཆེ་བའི་ཐོན་སྐྱེད་ནུས་ཤུགས། ཆ་ལག་ཚང་བའི་ཆ་སྦྱོར་ནུས་པ་བཅས་དང་། ཁྲོམ་རའི་གཙོ་གཟུགས་དུང་ཕྱུར1ལྷག་ཙམ་དང་མཐོ་རིམ་སློབ་གསོ་ཐོབ་མྱོང་བའམ་ཆེད་ལས་རྩལ་ནུས་ཤེས་པའི་ཤེས་ལྡན་མི་སྣ་ཁྱོན་དུང་ཕྱུར1.7ལྷག་ཙམ་ཡོད་པ། ད་དུང་ཡོང་འབབ་འབྲིང་ཙམ་གྱི་མི་འབོར་དུང་ཕྱུར4ལྷག་ཙམ་ཚུད་པའི་མི་འབོར་དུང་ཕྱུར14ཡིས་གྲུབ་པའི་གཞི་ཁྱོན་ཆེས་ཆེ་བའི་ནང་མཁོའི་ཁྲོམ་ར་ཡོད་པ། རྣམ་པ་གསར་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མགྱོགས་མྱུར་ངང་གོང་འཕེལ་འགྲོ་བའི་དུས་མཚམས་ལ་གནས་ཡོད་པ། མ་འཇོག་གི་དགོས་མཁོ་ཤིན་ཏུ་ཆེན་པོ་ཡོད། སྤྱི་ལ་དབང་བས་གཙོ་གཞི་བྱས་པ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་དུ་གོང་འཕེལ་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གཙོ་གཞི་བྱེད་པ་དང་། བགོ་བཤའ་རྒྱག་ཐབས་སྣ་ཚོགས་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལུགས་སོགས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ནི། ཁྲོམ་རའི་གཙོ་གཞི་ཁག་གི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་གཏོང་རྒྱུར་ཕན་པ་ཡོད་པ་ཞིག་ཡིན་ལ། ལས་ཕྱོད་དང་དྲང་སྙོམས་གཅིག་གྱུར་ཡོང་བ་བྱ་རྒྱུ་དང་། ཟམ་མི་ཆད་པར་མཉམ་དུ་ཕྱུག་འགྱུར་ཡོང་བ་བྱ་རྒྱུར་ཕན་པ་ཡོད་པ་ཞིག་རེད། མ་འོངས་པར་ཁ་ཕྱོགས་ཚེ། ང་ཚོས་རྒྱལ་ནང་གི་དགོས་མཁོ་སྐོང་རྒྱུ་དེ་གོང་སྤེལ་གྱི་ཐོག་མའི་ཀུན་སློང་དང་མཐར་ཐུག་དམིགས་འབེན་ལ་བཟུང་ཐོག ཆ་ལག་ཚང་བའི་ནང་མཁོའི་མ་ལག་གང་མགྱོགས་བསྐྲུན་པ་དང་། ཚན་རྩལ་གསར་གཏོད་དང་ཕྱོགས་གཞན་པའི་ཐད་ཀྱི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲངས་གཞིའི་དཔལ་འབྱོར་དང་། རིག་ནུས་བཟོ་སྐྲུན། ཚེ་སྲོག་བདེ་ཐང་། རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས། འཕར་གནས་དང་འཕར་སྣེ་གསར་པ་དེ་བས་མང་བ་གྲུབ་པ་བྱེད་པ་དང་། ཐོན་སྐྱེད་དང་། བགོ་འགྲེམ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་གཏོང་ཐུབ་པ་བྱས་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོས་གཙོ་གཞི་བྱེད་པ་དང་། རང་རྒྱལ་དང་རྒྱལ་སྤྱི་གཉིས་ཕན་ཚུན་འཁོར་རྒྱུག་དང་ཕན་ཚུན་སྐུལ་མ་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གསར་པ་གྲུབ་པ་བྱེད་པ། དུས་བབ་གསར་པའི་འོག་རང་རྒྱལ་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་བཟང་ཆ་གསར་པ་གསོ་སྤེལ་བྱེད་པ་བཅས་བྱ་དགོས་ཞེས་བསྟན་འདུག
        ཞི་ཅིན་ཕིང་གིས། ད་ཆ་རྒྱལ་སྤྱིའི་ཐོག་སྲུང་སྐྱོབ་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་འཕྱུར་བཞིན་ཡོད། ཡིན་ནའང་ང་ཚོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དེར་ལང་དགོས་པ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་རྒྱུན་འཁྱོངས་དང་། སྒོ་དབྱེ་དང་། མཉམ་ལས། མཉམ་རྒྱལ་བཅས་ཀྱི་བློ་རྒྱའི་ཐོག་ནས་གོང་འཕེལ་ཡོང་ཐབས་བྱེད་པ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་གོ་ལ་ཅན་དེ་སྒོ་དབྱེ་དང་། ཁོག་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཁ་ཕྱོགས་སུ་གོང་འཕེལ་གཏོང་བ། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ཐུབ་པ་བྱེད་དགོས། ཆབས་ཅིག བདེ་འཇགས་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བདེ་འཇགས་གོང་འཕེལ་གྱི་སྒྲིག་གཞི་སྒྲིག་ལུགས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་ཞན་ཆ་གསབ་པ་དང་། ཐོན་ལས་མུ་ཁྱུད་དང་མཁོ་སྤྲོད་མུ་ཁྱུད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས། ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་བའི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་སྟོན་གནང་འདུག
        ཞི་ཅིན་ཕིང་གིས། སྤྱི་ལོ2020ལོར་སླེབས་སྐབས་རང་རྒྱལ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་། དབུལ་ཕོངས་རྫོང་ཚང་མའི་དབུལ་ཞྭ་འབུད་པ། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་སྤྱི་ཡོངས་ཀྱི་གནད་དོན་ཐག་གཅོད་གནད་དོན་བཅས་ཐག་གཅོད་བྱ་རྒྱུ་ནི། རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁས་ལེན་ནན་མོ་བྱས་པ་ཞིག་རེད། མིག་སྔར། རྒྱལ་ཡོངས་སུ་ད་དུང་རྫོང་དབུལ་པོ52ཀྱི་དབུལ་ཞྭ་འབུད་ཐུབ་མེད་པ་དང་། གྲོང་ཚོ་དབུལ་པོ2707དབུལ་གྲལ་ནས་དོན་ཐུབ་མེད་པ། ཡིག་ཚགས་དང་གཱ་ཤོག་བཟོས་པའི་མི་འབོར་དབུལ་པོ་ཆ་ཚང་བ་ཞིག་དབུལ་སྒྲོལ་ཐུབ་མེད། སྔོན་ཆད་དང་བསྡུར་ན་བསྡོམས་འབོར་ཆེན་པོ་མེད་རུང་། འོན་ཀྱང་ལྷག་བསྡད་པ་ཚང་མ་དབུལ་ཕོངས་ཁྲོད་ཀྱི་དབུལ་ཕོངས་དང་། དཀའ་ངལ་ཁྲོད་ཀྱི་དཀའ་ངལ་ཡིན་པ་དང་། དཀའ་ཚེགས་ཆེ་ཤོས་ཀྱི་གནད་དོན་རེད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ང་ཚོས་ཁྱད་གསོད་ཧུར་ཐག་བྱ་དགོས། དེ་བས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཁྱོན་ཡོངས་ནས་མཐའ་གཅིག་ཏུ་ལེན་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། བརྟན་པོ་དྲུག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འགན་ལེན་དྲུག་ནི་ང་ཚོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འགན་ལེན་གལ་ཆེན་ཞིག་ཡིན། ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་རོགས་སྐྱོར་བྱས་ནས་དཀའ་གནད་ལས་སྒྲོལ་རོགས་བྱེད་པ། འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་བྱེད་པ། རྡོ་སོལ་དང་། གློག སྣུམ། རླངས་བཅས་བདེ་འཇགས་དང་བརྟན་པོའི་ངང་མཁོ་སྤྲོད་ཐུབ་པ་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བ་བྱེད་པ། གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་འགན་ལེན་བྱེད་པ་བཅས་དང་། དུས་མཚུངས་སུ་བརྟན་པོ་དང་འགན་ལེན་གྱི་རྨང་གཞིའི་ཐོག་ཡར་རྒྱས་བརྩོན་ལེན་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། ང་ཚོ་ལྟ་བུའི་མི་འབོར་དུང་ཕྱུར14ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བརྗོད་ན། ཞིང་ལས་ཀྱི་རྨང་གཞིའི་གནས་བབ་ག་དུས་ཡིན་ཡང་སྣང་མེད་དང་ཉམས་ཞན་དུ་གཏོང་མི་རུང་བ་དང་། ལག་ཏུ་འབྲུ་རིགས་ཡོད་ན་སེམས་ལ་སེམས་ཁྲལ་མེད་ཅེས་པ་ནི་དུས་དང་རྣམ་པ་ཀུན་ཏུ་ངེས་དགོས་པའི་བདེན་གཏམ་ཞིག་ཡིན། ད་ཐེངས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚབས་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་སྤྱི་ཚོགས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་། འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་བྱུང་བ་དེས་བྱས་རྗེས་བླ་ན་མེད་པ་བཞག་ཡོད། སྤྱིའི་ཆ་ནས་བཤད་ན། རང་རྒྱལ་གྱི་ཞིང་ལས་ལ་ལོ་བསྟུད་མར་ལོ་ལེགས་བྱུང་བ་དང་། འབྲུ་རིགས་གསོག་འཇོག་འདང་ངེས་ཡོད་པས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་པའི་ནུས་པ་ལྡན་ཡོད། གནས་བབ་གསར་པའི་འོག ཞིང་ལས་འཕེལ་རྒྱས་ཁྲོད་གནས་པའི་གཏིང་རིམ་གྱི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས་པ་དང་། ཞིང་ལས་ཐོན་རྫས་ཀྱི་གྲུབ་གཞི་དང་། ཉེན་ཁ་འགོག་ནུས། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་བཅས་གཙོ་གནད་དུ་བཟུང་ནས་ཤུགས་རྒྱག་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་དང་མཁོ་སྤྲོད་འགན་སྲུང་བྱ་དགོས། ཞིང་ཆེན་འགོ་འཛིན་གྱིས་འབྲུ་རིགས་ཀྱི་འགན་འཁུར་བའི་ལམ་ལུགས་ལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་རིགས་ཀྱི་ཁྲོམ་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། འབྲུ་རིགས་ཞིང་ལ་བརྟེན་པ་དང་། འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་མགྱོགས་སུ་གཏོང་བ། ཕག་ཤ་སོགས་ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་བརྟན་པོ་ཡོང་བ་བྱེད་པ། ཕག་པ་གསོ་ཚགས་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བའི་བླང་བྱ་དོན་འཁྱོལ་བྱེད་པ། ཨ་ཧྥེ་རི་ཁ་གླིང་གི་ཕག་རིམས་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས། ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ཡག་པོ་བྱ་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། བཀོད་སྒྲིག་ལ་སྐར་གཅིག་དང་དོན་འཁྱོལ་ལ་སྐར་དགུ་ཐོབ། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་རྒྱལ་ཁབ་ཀྱི་གནས་བབ་ཧྲིལ་པོའི་འདུ་ཤེས་ཡོད་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བའི་ཐོག་ནས། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་ཀྱི་སྟབས་བསྟུན་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཆ་འགྲིག་རང་བཞིན་བཅས་ཆེ་རུ་བཏང་ནས། སྲིད་ཇུས་ཀྱི་ཕན་འབྲས་ཆེ་ཤོས་བརྩོན་ལེན་བྱེད་དགོས། ལས་ཀའི་སྤྱོད་ཚུལ་ལེགས་འགྱུར་དང་། དངོས་ཐོག་བདེན་འཚོལ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བཅས་བྱས་ནས། སྟོབས་ཤུགས་དང་ཐོན་ཁུངས་སྔར་ལས་མང་བ་གཞི་རིམ་དུ་བཀོད་གཏོང་བྱེད་པ་དང་། དངོས་དོན་གཉེར་བ་དང་། ཕན་འབྲས་དངོས་བརྩོན་ལེན་བྱེད་པའི་ཐད་འབད་དགོས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
        ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཀྲང་ཆིང་ལི། ལི་པིན། ཧོ་ལི་ཧྥེང་། ཀའོ་ཡུན་ལུང་སོགས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།