དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧན་ཀྲིན་ཞང་ཀང་དང་ཨའོ་མོན་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས།

སྤེལ་དུས 2020-05-26 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
         ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་སོ་སོར་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨའོ་མོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ་ཞང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། 
         ཧན་ཀྲིན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ལྷག་རིང་ཀྲུང་དབྱང་གི་རྒྱབ་སྐྱོར་ཤུགས་ཆེན་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་འོག ཞང་ཀང་དང་ཨའོ་མོན་གྱིས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་བྱས་ནས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ཤིང་། ལྷག་པར་དུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་མྱུར་དུ་ཚུར་སྣང་བྱས་ཏེ་རིམས་ནད་མཆེད་པར་ཚོད་འཛིན་ནུས་ལྡན་བྱས་པར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། “སྲོལ་ཡིག་བཟོ་བཅོས་ཀྱི་ཟིང་ཆ”བྱུང་བ་ནས་བཟུང་། “ཞང་ཀང་རང་བཙན་”དང་“གཏུམ་སྤྱོད་”ཀྱིས་ཞང་ཀང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཏོར་བརླག་བཏང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཚད་ཐིག་ལ་ཕོག་ཐུག་བཏང་བས་ཞང་ཀང་སྤྱི་ཚོགས་ཀྱི་སྤྱི་གནོད་དུ་གྱུར་ཡོད། རྒྱལ་ཁབ་ཀྱི་ངོས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་ནི་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་སྤྱོད་དགོས་པའི་དབང་ཆ་དང་བསྒྲུབ་དགོས་པའི་འགན་འཁྲི་ཡིན་ཞིང་། དེ་ནི“ཞང་ཀང་རང་བཙན་”དང་“གཏུམ་སྤྱོད”སོགས་སྤེལ་མཁན་གྱི་མི་ཉུང་ཤས་ལ་དམིགས་པ་རེད། ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཉུང་ཤས་ལ་འགོག་ཟོན་དང་། བཀག་འགོག ཁྲིམས་གཅོད་བཅས་བྱེད་པ་ནི་ཞང་ཀང་གི་ཡུལ་མི་མང་ཆེ་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་སྔར་ལས་ལེགས་པོ་བྱེད་པ་དང་། གཞི་རྩའི་ཁེ་དབང་དང་རང་དབང་ལ་འགན་སྲུང་སྔར་ལས་ལེགས་པོ་བྱེད་པ། ཞང་ཀང་གི་ཡུན་རིང་བདེ་འགོད་དང་དར་རྒྱས་བརྟན་འཇགས་ལ་སྲུང་སྐྱོབ་བཅས་བྱེད་ཆེད་ཡིན།     རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཀྱི་འབྲེལ་ཡོད་ཆོད་དོན་དང་དེ་བཞིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྗེས་མའི་འབྲེལ་ཡོད་ཁྲིམས་འཛུགས་དང་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན23པའི་གཏན་འབེབས་དང་འགལ་མེད་མཉམ་གནས་དང་གཅིག་རམ་གཅིག་འདེགས་ཡིན། ཀྲུང་དབྱང་གིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ། ”“ཨའོ་མོན་པས་ཨའོ་མོན་སྐྱོང་བ། ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་དང་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་མི་འགྱུར་བར་འགན་ལེན་ཏན་ཏིག་དང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 
         ཧན་ཀྲིན་གྱིས་ཞང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཀྱི་འཐུས་མིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འབྲེལ་ཡོད་གཏན་འབེབས་དྲིལ་བསྒྲགས་དང་གསལ་འགྲེལ་ཧུར་ཐག་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་རྩ་ཁྲིམས་ཀྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྲོད་ཧུར་ཐག་ཞུགས་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱ་གཞག་ལ་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན།
རྩོམ་སྒྲིག་པ། སངས་སྐྱབས།