དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་2020ལོའི་དམིགས་ཚད་ལས་འགན་མངོན་འགྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ།

སྤེལ་དུས 2020-05-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཟླ་5ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་དམག་ཡོངས་ཀྱིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་གདེང་ཚོད་བརྟན་པོ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་དམག་དཔུང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་2020ལོའི་དམིགས་ཚད་ལས་འགན་མངོན་འགྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་པ་དང་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཚོགས་འདུའི་ཐོག་ལི་ཡུང་དང་། ཧོ་ལེ། ཝང་ཧའེ། ལི་ཧོ་ཧུའེ། ཚུའེ་གཡུས་ལིང་། ཀྲུང་ཀྲི་མིང་། ཝང་ཧུའེ་ཆིང་། ལིའུ་ཀོང་པིན་སོགས་འཐུས་མི་བརྒྱད་ཀྱིས་གཏམ་བཤད་སྤེལ་ནས་རང་རེའི་དམག་དཔུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་སྒྲུབ་པ་དང་། རིམས་ནད་ཀྱི་གནས་ཚུལ་འོག་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ། སྐྱེ་དངོས་བདེ་འཇགས་འགོག་སྲུང་ནུས་པ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བ། རང་རེའི་དམག་དཔུང་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོར་དམ་འཛིན་བྱེད་པ་སོགས་ཀྱི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
          འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་དམག་ཡོངས་ཀྱི་དཔུང་སྡེས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལག་བསྟར་བྱས་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་དེ་རང་རེའི་དམག་དཔུང་ལ་ཆ་མཚོན་ན་རྒྱུགས་ལེན་ཆེན་པོ་ཞིག་རེད། མི་དམངས་དམག་དཔུང་གིས་ཏང་གི་བཀའ་ལ་ཉན་པ་དང་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ནུས་པ་གལ་ཆེན་བཏོན་པ་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་མི་དམངས་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་དཔའ་བོའི་དམག་དཔུང་ཞིག་ཡིན་པ་སླར་ཡང་ར་འཕྲོད་བྱུང་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་གཙོ་གནད་ལས་དོན་ཐད་བླང་བྱ་བཏོན་གནང་ཞིང་། ཁོང་གིས་རིམས་ནད་དེས་འཛམ་གླིང་གི་བཀོད་པར་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་ལ་རང་རྒྱལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལའང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་འདིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་དོན་དངོས་ཀྱི་ཚོད་བགམ་ཞིག་ཐེབས་པ་དང་། དེས་སྒྱུར་བཅོས་ཀྱི་ཕན་འབྲས་གང་ལེགས་མངོན་ཡོད་ལ། སྒྱུར་བཅོས་ལ་བླང་བྱ་གསར་པ་ཡང་བཏོན་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་སྒྱུར་བཅོས་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱེད་དགོས། རང་རེའི་དམག་དཔུང་གི་གསོ་རིག་ཚན་ཞིབ་ཀྱི་ལེགས་ཆ་བཏོན་ནས་ཏོག་གསར་གློ་ཚད་ཀྱི་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་མགྱོགས་སུ་གཏོང་བ་དང་། དེའི་ཐད་ཀྱི་ཐོན་རྫས་རྩེ་གྲ་སྔར་ལས་མང་བ་འདོན་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཐབ་ནུས་འཕེལ་བར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྲུང་ཚན་རྩལ་གསར་གཏོད་དང་ལྷག་པར་དུ་རང་བརྟེན་གསར་གཏོད་དང་ཐོག་མའི་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་འདི་ལོ་ནི་རང་རེའི་དམག་དཔུང་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་བའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས། རྒྱུན་གཏན་མིན་པའི་བྱ་ཐབས་སྤྱད་དེ་རིམས་ནད་ཀྱི་ཤུགས་རྐྱེན་སེལ་བ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་འཆར་འགོད་དོན་འཁྱོལ་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ལས་འགན་གལ་ཆེན་ལེགས་སྒྲུབ་དང་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས། རང་རེའི་དམག་དཔུང་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་བཀོད་པ་དང་མཐུན་སྦྱོར་ཡོང་རྒྱུར་སྣང་ཆེན་བྱེད་པ། འཐབ་ཇུས་རིམ་ངོས་ནས་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བཅས་བྱས་ཏེ། འཆར་འགོད་ཀྱི་སྤུས་ཚད་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་དམག་སྲིད་དམག་དམངས་མཐུན་སྒྲིལ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཞིག་ཡིན་པ་དང་། དེ་ཉིད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ནས་གང་ལེགས་མངོན་ཡོད། རང་རེའི་དམག་དཔུང་གིས་དམག་དོན་གྱི་ལས་འགན་ལེགས་འགྲུབ་བྱེད་པ་དང་དུས་མཚུངས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར། ས་གནས་ལ་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བཅས་བྱེད་དགོས་ཞེས་གསུངས་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།