དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སློབ་གྲྭ་འདིའི་དགེ་སློབ་ལ་འཕྲིན་ལན་བསྐུར་གནང་འདུག

སྤེལ་དུས 2020-10-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་10པའི་ཚེས་23ཉིན་ཀྲུང་གོ་ཟློས་གར་སློབ་གླིང་གི་དགེ་སློབ་རྣམས་ལ་འཕྲིན་ལན་བསྐུར་གནང་ནས། ཁོང་ཚོས་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་དང་གོང་འཕེལ་ཡག་པོ་གཏོང་རྒྱུའི་ཐད་ཐུགས་རེ་ཆེན་པོ་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོའི་རྒན་དར་གཞོན་བྱིས་བཅས་མི་རབས་བཞིའི་དགེ་སློབ་ནས་འཕྲིན་ཡིག་སྤྲིངས་པའི་ནང་། ཀྲུང་གོ་ཟློས་གར་སློབ་གླིང་གི་སློབ་གཉེར་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་། ཟློས་གར་སྒྱུ་རྩལ་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་ཚུལ་འཁོད་འདུག་པས། ང་རང་ཧ་ཅང་དགའ་པོ་བྱུང་། ངས་ཁྱེད་ཚོ་དང་སློབ་གྲྭའི་དགེ་སློབ་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
        ཞི་ཅིན་ཕིང་གིས། ཟློས་གར་ནི་ཀྲུང་ཧྭའི་རིག་གནས་ཀྱི་རྩ་ཆེའི་ནོར་བུ་ཞིག་རེད། ཟློས་གར་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བའི་འགག་རྩ་དེ་མི་ལ་ཐུག་ཡོད། རེ་བར་ཀྲུང་གོ་ཟློས་གར་སློབ་གླིང་གིས་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ལ་བརྩིས་ནས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་གཞི་རྩའི་ལས་འགན་དོན་འཁྱོལ། རྒྱ་ཆེའི་དགེ་སློབ་རྣམས་ནས་རིག་གནས་ཀྱི་བློ་སྤོབས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས། སློབ་ཁྲིད་ཁྲོད་ནས་སྒྱུ་རྩལ་གྱི་སྙིང་པོ་འཚོལ་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྒྱུ་རྩལ་གཉེར་བའི་ཐོག་མའི་བསམ་འདུན་ལ་ཞུན་བརྡར་བཅས་བྱས་ནས། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་འདུག
        ཀྲུང་གོ་ཟློས་གར་སློབ་གླིང་གི་ཡོང་ཁུངས་ཏེ། རིག་གནས་པུའུ་ལེགས་བཅོས་ཅུད་ཀྱི་ཟློས་གར་ཚོད་ལྟའི་སློབ་གྲྭ་ཞེས་པ་དེ་སྤྱི་ལོ་1950ལོར་དབུ་བརྙེས་པ་དང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྒྱལ་ཁབ་ནས་བཙུགས་པའི་ཟློས་གར་སློབ་གསོའི་ཚན་པ་དང་པོ་དེ་རེད། ཉེ་ཆར། ཀྲུང་དབྱང་ཟློས་གར་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི་ཁ་ཤས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། སློབ་གླིང་དེའི་ལོ་ངོ་70ལྷག་ཙམ་རིང་གི་གོང་འཕེལ་གནས་ཚུལ་སྙན་ཞུ་བྱས་པ་དང་། ཟློས་གར་བྱ་གཞག་དར་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཐུན་མོང་གི་བསམ་འདུན་ཞུས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།