དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

སྤེལ་དུས 2020-10-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།
        (སྤྱི་ལོ་2020ལོའི་ཟླ་10པའི་ཚེས་29ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་།)
        ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་སྤྱི་ལོ་2020ལོའི་ཟླ་10པའི་ཚེས་26ཉིན་ནས་29ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད།
        ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན་198དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་166ཞུགས་ཡོད་པ་རེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་དང་རིགས་གཅིག་མཁས་པ་དང་རིག་གནས་པ་འགའ་ཤས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་མངག་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུར་གསན་འཇོག་དང་གྲོས་བསྡུར་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱས་པའི་སྐོར་གྱི་གྲོས་འགོར་གྲོས་བསྡུར་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས་གྲོས་འགོའི་གྲོས་བསྡུར་མ་ཟིན་ཐད་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད། ལོ་གཅིག་ནང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་མཐོན་པོར་བསྒྲེངས་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ལག་ལེན་བསྟར་བ། འདུ་ཤེས་བཞི་ཆེ་རུ་བཏང་བ། བློ་སྤོབས་བཞི་བརྟན་དུ་བཏང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱས་པ། གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་ལ་གཅིག་གྱུར་སྐུལ་དེད་བཏང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། རིགས་ཁག་གི་ཉེན་ཁ་ཆེ་བའི་འགྲན་རྩོད་ལ་བབ་བརླིང་ནུས་ལྡན་གྱི་སྒོ་ནས་ཁ་གཏད་བཅག་པ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་ཀར་གཅིག་གྱུར་འཆར་འགོད་བྱས་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་པ། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་རྟེན་གཞི་འདི་ཁོང་དུ་ཆུད་པ་བྱས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། སྤྱི་ཁོག་སྲིད་ཇུས་ཀྱིས་ཁ་གཏད་གཅོག་ཤུགས་ཆེ་རུ་བཏང་བ། བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་ངང་ལེགས་པོ་བསྒྲུབས་པ། ཁྱོན་ཡོངས་ནས་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱས་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཐོབ་པ། འགག་གཏོར་ཆེན་པོ་གསུམ་ལ་སྐུལ་འདེད་ཏན་ཏིག་བཏང་བ། དཔལ་འབྱོར་འཕར་གནས་དེ་སྔོན་དཔག་ལས་ཡག་པ་བྱུང་བ། མི་དམངས་ཀྱི་འཚོ་བར་འགན་ལེན་ནུས་ལྡན་ཐུབ་པ། སྤྱི་ཚོགས་ཧྲིལ་པོའི་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གང་ལེགས་བཏང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་བཅས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
        ཚང་འཛོམས་གྲོས་ཚོགས་ཐོག རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་དང་། ལྷག་དོན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་བརྡབ་གསིག་ཆེན་པོ་ཕོག་པའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ཚེགས་ཆེན་པོས་མདུན་དུ་བསྐྱོད་པ་དང་། གསར་གཏོད་གསར་སྐྲུན་བྱས་པ། དཔའ་ངར་ཆེར་བསྐྱེད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་བཏང་བ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་མུ་མཐུད་དེ་རླུང་བརྟེན་རླབས་གཤག་དང་འགྱུར་མེད་བརྟན་བགྲོད་བྱེད་བཞིན་པ། བློ་མཐུན་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཕྱོགས་སྟོན་དང་སྣེ་ཁྲིད་གནང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་བྱས་ཚེ། ང་ཚོ་མདུན་བསྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་བས་ནུས་ལྡན་གྱི་སྒོ་ནས་མདུན་དུ་སྐྱོད་ཐུབ་ངེས་ཡིན་པ་ལག་ལེན་གྱིས་སླར་ཡང་ར་སྤྲོད་བྱས་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་མཐོ་པོ་གནང་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བར་གལ་ཆེའི་འགག་གཏོར་ཐུབ་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འཕེལ་རིམ་གལ་ཆེན་ཐོན་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་གལ་ཆེན་ཐོབ་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་ཆེན་པོ་གསར་པ་ཞིག་གི་ཐོག་སླེབས་པ་དང་། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། དཔལ་འབྱོར་གྲུབ་གཞི་རྒྱུན་མཐུད་ལེགས་སྒྱུར་བྱུང་བ། སྔོན་དཔག་བྱས་ན་སྤྱི་ལོ་2020ལོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་བརྒྱ་ལས་བརྒལ་རྒྱུ་ཡིན་པ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བ། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་ལྔ་དང་ས་ཡ་ལྔ་དང་བདུན་འབུམ་ལྔ་ཁྲི་དབུལ་སྒྲོལ་ཐུབ་པ། འབྲུ་རིགས་ཀྱི་ལོ་རེའི་ཐོན་འབབ་ལོ་ལྔ་བསྟུད་མར་རྒྱ་མ་དུང་ཕྱུར་ཆིག་ཁྲི་སུམ་སྟོང་ལས་བརྒལ་བ། སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་བ། འབྱུང་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་གཡུར་ཟའི་འབྲས་བཟང་སྨིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། མཐོ་རིམ་སློབ་གསོ་ཡོངས་ཁྱབ་ཁྱབ་གདལ་གཏོང་བའི་དུས་མཚམས་སུ་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཀར་ཞུགས་པའི་མི་གྲངས་མི་བྱེ་བ་དྲུག་ལས་བརྒལ་བ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཟིན་པ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཚད་མི་དུང་ཕྱུར་བཅུ་གསུམ་ལས་བརྒལ་བ། གཞི་རྩའི་རྒན་གསོ་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར་བཅུ་ཙམ་ཟིན་པ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ། རིག་གནས་བྱ་གཞག་དང་། རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཆུ་ཚད་ཆེས་ཆེར་མཐོ་རུ་སོང་བ། དམག་དཔུང་གི་རྩ་འཛུགས་ཀྱི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་ལས་འགན་ལེགས་གྲུབ་ཟིན་གྲབས་ཡོད་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཐོབ་གྲབས་ཡོད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མདུན་ཕྱོགས་སུ་གོམ་སྟབས་གསར་པ་ཆེན་པོ་ཞིག་སྤོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འདི་ཉིད་སྔར་བས་རྔམ་བརྗིད་ལྡན་པའི་ཉམས་འགྱུར་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད།
        ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་ཡང་འབད་བསྐྱར་འབད་དང་། ངར་ཤུགས་གཅིག་ཏུ་སྒྲིལ་ནས་དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་འགན་ལེན་ཏན་ཏིག་བྱེད་པ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཚར་བ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པ་གཏོད་པར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་ཞེས་ནན་སྟོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག རང་རྒྱལ་གོང་འཕེལ་གྱི་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་བར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་རང་རྒྱལ་གྱི་གོང་འཕེལ་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཐོབ་པའི་དུས་སུ་གནས་རྒྱུ་ཡིན་མོད། འོན་ཀྱང་གོ་སྐབས་དང་འགྲན་རྩོད་གཉིས་ཀར་གོང་འཕེལ་གྱི་འགྱུར་བ་གསར་པ་འཕྲད་ཡོད་པའི་ངོས་འཛིན་བྱས་ཡོད། དེང་གི་འཛམ་གླིང་ལ་ལོ་བརྒྱར་མཐོང་དཀོན་པའི་འཕོ་འགྱུར་འབྱུང་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་། ཐོན་ལས་འཕོ་འགྱུར་གོང་འཕེལ་གཏིང་ཟབ་འགྲོ་བཞིན་ཡོད་པ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བ་ལེགས་སྒྲིག་གཏིང་ཟབ་བྱེད་པ། ཞི་བདེ་དང་གོང་འཕེལ་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་ཆབས་ཅིག རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བ་དང་། བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་མངོན་གསལ་དོད་པོས་མང་དུ་སོང་ཡོད། རང་རྒྱལ་འདི་ཉིད་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དུས་མཚམས་ལ་བསྐྱོད་ཟིན་པ་དང་། ལམ་ལུགས་ཀྱི་བཟང་ཆ་མངོན་གསལ་ཆེ་བ། བཅོས་སྐྱོང་གི་ཕན་ནུས་ཆེ་བ། དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ། དངོས་པོའི་རྨང་གཞི་བརྟན་པ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁྲོམ་རའི་བར་ཁམས་རྒྱ་ཆེ་བ། གོང་འཕེལ་གྱི་ལྡེམ་ཤུགས་ཆེ་བ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡིན་པ། མུ་མཐུད་གོང་འཕེལ་གཏོང་བར་ཕྱོགས་མང་པོའི་བཟང་ཆ་དང་ཆ་རྐྱེན་ལྡན་པ་དང་ཆབས་ཅིག རང་རྒྱལ་གྱི་གོང་འཕེལ་དོ་སྙོམས་མིན་པ་དང་འཐུས་ཚང་མིན་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ། གསར་སྐྲུན་ནུས་པས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རེ་བ་སྐོང་མི་ཐུབ་པ། ཞིང་ལས་ཀྱི་རྨང་གཞི་་ད་དུང་བརྟན་པོ་མེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་འགྲེམ་གྱི་ཧེ་བག་ཅུང་ཆེ་བ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ། དམངས་གཙོ་འགན་སྲུང་ཐད་མི་འདང་ས་གནས་པ། སྤྱི་ཚོགས་བཅོས་སྐྱོང་ལ་ད་དུང་ཞན་ཆ་ཡོད། ཏང་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་། འཛམ་གླིང་ཐོག་ལོ་བརྒྱར་མཐོང་དཀོན་པའི་འགྱུར་བ་ཆེན་པོར་གཅིག་གྱུར་འཆར་འགོད་བྱེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ལས་ཐོན་པའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་ཟླ་གསར་པ་དང་འགྲན་རྩོད་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཤུགས་ཆེར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཀྱི་གཞི་རྩའི་རྒྱལ་ཚུལ་ལ་གཞིགས་ཏེ། འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་དང་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། གོང་འཕེལ་གྱི་ཆོས་ཉིད་ལ་ངོས་འཛིན་དང་དམ་འཛིན་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མ་མཐའི་རིག་ལམ་འཛུགས་པ། འགྱུར་བར་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་འགྱུར་བ་གཏོང་བ། རང་འགུལ་སྒོ་ནས་འགྱུར་བ་གཏོང་བ་བཅས་བྱས་ཏེ། ཉེན་ཁའི་ཁྲོད་གོ་སྐབས་ཐོབ་པ་དང་། འགྱུར་བའི་ཁྲོད་འགོ་གསར་པ་འཛུགས་པ། གོ་སྐབས་དམ་འཛིན་བྱེད་པ། འགྲན་རྩོད་ལ་ཁ་གཏད་གཅོག་པ། དགེ་སྤེལ་སྐྱོན་སྤངས་བཅས་བྱས་ཏེ། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ལོ་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་རིང་དམིགས་འབེན་བཏོན་ཡོད། དེ་ཡང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྔར་ལས་ཇེ་ཆེར་འགྲོ་བ་དང་། དཔལ་འབྱོར་སྤྱི་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་ཐད་འགག་སྒྲོལ་ཆེན་པོ་བྱུང་ནས་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དང་གཅིག རྣམ་པ་གསར་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་ཚར་བ་བྱ་རྒྱུ་དང་གཉིས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པ་དང་། འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་གོང་འཕེལ་གཏོང་བའི་མི་དམངས་ཀྱི་ཁེ་དབང་འགན་ལེན་གང་ལེགས་བྱས་ཏེ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་སྐྲུན་ཚར་བ་བྱ་རྒྱུ་དང་གསུམ། རིག་གནས་སྟོབས་ཆེའི་རྒྱལ་ཁབ་དང་། སློབ་གསོ་སྟོབས་ཆེན་རྒྱལ་ཁབ། ཤེས་ལྡན་མི་སྣ་སྟོབས་ཆེའི་རྒྱལ་ཁབ། ལུས་རྩལ་སྟོབས་ཆེན་རྒྱལ་ཁབ། བདེ་ཐང་གི་ཀྲུང་གོ་བཅས་སྐྲུན་ཚར་བ་བྱེད་པ་དང་། རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་དེ་མཐོ་ཚད་གསར་པར་སླེབས་པ་བྱས་ཏེ། རྒྱལ་ཁབ་ཀྱི་རིག་གནས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་དང་བཞི། སྦགས་མེད་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ངང་ཆགས་པ་བྱེད་པ་དང་། ཐན་རྒྱུ་འབུད་བཤངས་བྱེད་ཚད་མཐོ་ཤོས་ལ་སླེབས་རྗེས་བརྟན་པོའི་ངང་ཆག་པ་བྱེད་པ། འབྱུང་ཁམས་ཁོར་ཡུག་གཞི་རྩ་ནས་ལེགས་སུ་འགྲོ་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་ལྔ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཆགས་པ་བྱས་ནས། རྒྱལ་སྤྱིའི་དཔལ་འབྱོར་གྱི་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་བཟང་ཆ་གསར་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱ་རྒྱུ་དང་དྲུག མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དེ་དར་རྒྱས་འབྲིང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པ་དང་། ཡོང་འབབ་འབྲིང་གྲས་མི་ཚོགས་མངོན་གསལ་དོད་པོས་མང་དུ་འགྲོ་བ་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་ཀྱི་ཧེ་བག་དང་གྲོང་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་མངོན་གསལ་གྱིས་ཇེ་ཆུང་དུ་འགྲོ་བ་བྱ་རྒྱུ་དང་བདུན། དུས་བདེའི་ཀྲུང་གོའི་འཛུགས་སྐྲུན་དེ་ཆུ་ཚད་དེ་བས་མཐོ་བར་སླེབས་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་བརྒྱད། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་དང་། མིའི་ཁྱོན་ཡོངས་གོང་འཕེལ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་བྱ་རྒྱུར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་པ་བྱ་རྒྱུ་དང་དགུ་བཅས་ཡིན་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་མཛུབ་ཁྲིད་དགོངས་པ་དང་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་བཏོན་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གསར་གཏོད་དང་། མཐུན་སྦྱོར། སྦགས་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་རྨང་གཞི་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུས་བརྗོད་བྱ་གཙོ་བོ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། སྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བཟུང་ནས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་ཀྱི་གནས་སྟངས་གསར་པ་གང་མགྱོགས་ཆགས་པ་བྱེད་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྤྱི་ཚོགས་ལྷིང་འཇགས་འཆམ་མཐུན་ཡོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་དགོས། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ནང་རྐྱེན་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པར་གཞི་རྩའི་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས། ཆ་ལག་ཚང་བའི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱ་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་གཙོ་བོ་བཏོན་ཡོད་པ་སྟེ། དེ་ཡང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ་པ་དང་། སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པའི་རྨང་གཞིའི་ཐོག་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བ་དང་། འཕར་སྣོན་གྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་ཐུབ་པ། རྒྱལ་ནང་གི་ཁྲོམ་ར་སྔར་བས་སྟོབས་ཆེར་འགྱུར་བ། དཔལ་འབྱོར་གྲུབ་གཞི་སྔར་བས་ལེགས་འགྱུར། གསར་གཏོད་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། ཞིང་ལས་ཀྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ལ་འཕེལ་རིམ་གལ་ཆེན་ཐོན་པ་བཅས་བྱ་རྒྱུ་དང་། བསྒྱུར་བཅོས་སྒོ་དབྱེའི་ཐད་གོམ་སྟབས་གསར་པ་སྤོ་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སྔར་བས་འཐུས་ཚང་དུ་འགྲོ་བ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ། ཁྲོམ་རའི་བྱེད་པོར་གསོན་ཤུགས་སྔར་བས་རྒྱས་པ། ཐོན་དབང་ལམ་ལུགས་བསྒྱུར་བཅོས་དང་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བགོ་སྒྲིག་བྱེད་པའི་བསྒྱུར་བཅོས་ལ་འཕེལ་རིམ་གལ་ཆེན་ཐོན་པ། འགྲན་རྩོད་དྲང་གཞག་གི་ལམ་ལུགས་སྔར་བས་འཐུས་ཚང་དུ་འགྱུར་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་གཞི་རྩའི་ཆ་ནས་གྲུབ་པ་བཅས་བྱ་རྒྱུ། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོར་འདེགས་གསར་པ་ཡོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་སུ་གཏིང་ཟབ་ཟུག་པ། མི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་རིག་གནས་ཐོན་ལས་མ་ལག་སྔར་ལས་འཐུས་ཚང་དུ་འགྲོ་བ། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་བ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་འགྲོ་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་འགྲོ་བཅས་བྱ་རྒྱུ། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་ཡོང་བ་དང་། རྒྱལ་ཁོངས་ས་ཆ་གསར་སྤེལ་དང་སྲུང་སྐྱོང་གི་རྣམ་པ་ལེགས་འགྱུར་ཡོང་བ། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གནོད་མེད་བརྗེ་འགྱུར་ཐད་གྲུབ་འབྲས་མངོན་གསལ་དོད་པ་ཐོབ་པ། ནུས་ཁུངས་དང་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལུགས་མཐུན་དང་། བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ། སྦགས་བཙོག་དངོས་པོ་གཙོ་བོ་འབུད་བཤངས་བྱེད་ཚད་རྒྱུན་མཐུད་ངང་ཉུང་དུ་འགྲོ་བ། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་ཐུབ་པ། འབྱུང་ཁམས་བདེ་འཇགས་སྲུང་ར་སྔར་བས་བརྟན་དུ་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གནས་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བཅས་བྱ་རྒྱུ། དམངས་འཚོའི་ཕན་བདེ་ཆུ་ཚད་གསར་པར་སླེབས་པ་དང་། དེ་བས་འཐུས་ཚང་དང་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ཐུབ་པ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཉིས་ཀ་གཞི་རྩའི་ཆ་ནས་གཅིག་མཚུངས་ལ་སླེབས་པ། བགོ་འགྲེམ་གྲུབ་གཞི་ལེགས་འགྱུར་མངོན་གསལ་འགྲོ་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། དམངས་ཡོངས་ལ་སློབ་གསོ་ཐོབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ། བང་རིམ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་བ། འཕྲོད་བསྟེན་བདེ་ཐང་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་བ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་འགྲོ་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་་གཏོང་བ་བཅས་བྱ་རྒྱུ། རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་འགྲོ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་སྔར་བས་འཐུས་ཚང་དུ་འགྲོ་བ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་སྔར་བས་མངོན་གསལ་དོད་དུ་འགྲོ་བ། རྒྱལ་ཁབ་ཀྱི་སྲིད་འཛིན་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་འགྱུར་བ། སྲིད་འཛིན་གྱི་ལས་ཆོད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། སྤྱི་ཚོགས་བཅོས་སྐྱོང་དང་ལྷག་པར་དུ་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། ཚབས་ཆེའི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་བབ་བསྟུན་ཐག་གཅོད་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། རང་བྱུང་གནོད་འཚེའི་འགོག་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། གོང་འཕེལ་ལ་བདེ་འཇགས་འགན་ལེན་སྔར་བས་ནུས་ལྡན་ཡོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་ཐད་གོམ་སྟབས་གལ་ཆེན་སྤོ་ཐུབ་པ་བཅས་བྱ་རྒྱུ་ཡིན་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག གསར་གཏོད་ཀྱིས་རང་རྒྱལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་ཁྲོད་བཟུང་བའི་སྲོག་ཤིང་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་རང་ཚུགས་རང་འབད་བྱ་རྒྱུ་དེ་རྒྱལ་ཁབ་གོང་འཕེལ་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བྱས་ནས། འཛམ་གླིང་གི་སྔོན་ཐོན་ཚན་རྩལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་གལ་ཆེའི་དགོས་མཁོར་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་བྱེད་པ་དང་། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་ཐེབས་པ་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་ཡོད།
        ཚང་འཛོམས་གྲོས་ཚོགས་ཐོག དེང་རབས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་གཏོང་རྒྱུ་མགྱོགས་སུ་བཏང་ནས་དཔལ་འབྱོར་མ་ལག་ལེགས་འགྱུར་རིམ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་དང་། སྤུས་ཚད་སྟོབས་ཆེའི་རྒྱལ་ཁབ། དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ། གྲངས་འཛིན་ཀྲུང་གོ་བཅས་བློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་། ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། དཔལ་འབྱོར་སྤུས་ཚད་ཀྱི་ཕན་འབྲས་དང་། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏོང་བ། གྲངས་གཞི་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ཆགས་པ་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཏན་གནས་རྒྱུན་འཁྱོངས་བྱེད་པ་དང་། ནང་མཁོའི་མ་ལག་ཧྲིལ་པོ་སྐྱེད་སྲིང་གང་མགྱོགས་བྱེད་པ། ནང་མཁོ་རྒྱ་བསྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་མཁོ་སྤྲོད་ལ་བརྟེན་ནས་དགོས་མཁོ་གསར་པར་སྣེ་ཁྲིད་དང་གསར་གཏོད་བྱེད་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་ཤར་བགྲོད་ཐུབ་པ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ། མ་འཇོག་གི་བར་ཁམས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་བྱེད་པ། ཕན་འབྲས་ལྡན་པའི་ཁྲོམ་ར་དང་ནུས་པ་འདོན་སྤེལ་ཐུབ་པའི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་བས་ལེགས་པ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རིགས་ཁག་གི་ཁྲོམ་རའི་གྲུབ་ཆ་གཙོ་བོ་དག་གི་གསོན་ཤུགས་འཕེལ་བ་བྱེད་པ་དང་། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་འཛུགས་པ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་པ། སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་ཇེ་མགྱོགས་སུ་གཏོང་བཅས་བྱ་དགོས་ཞེས་བསྟན་ཡོད།
        ཚང་འཛོམས་གྲོས་ཚོགས་ཐོག ཞིང་ལས་དང་གྲོས་གསེབ་གཉིས་སྔོན་ལ་གོང་འཕེལ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཞིང་གསུམ་གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་གལ་ཆེན་ལ་བརྩིས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བཟོ་ལས་ལ་བརྟེན་ནས་ཞིང་ལས་ལ་ཁ་གསབ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད། བཟོ་ལས་དང་ཞིང་ལས་ཕན་ཚུན་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས་བྱེད་པ། མཐུན་སྦྱོར་ངང་གོང་འཕེལ་གཏོང་བ། ཐུན་མོང་ཐོག་དར་རྒྱས་འགྲོ་བ་བཅས་ཀྱི་རྣམ་པ་གསར་པའི་བཟོ་ལས་དང་ཞིང་ལས་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་གྲུབ་རྒྱུར་སྐུལ་འདེད་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཞིང་ལས་སྤུས་ཚད་ཀྱི་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ། གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱ་དགོས་ཞེས་བསྟན་ཡོད།
        ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ཁོངས་ས་ཆའི་བར་ཁམས་བཀོད་པ་ལེགས་སུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་གལ་ཆེའི་འཐབ་ཇུས་དང་ས་ཁོངས་མཐུན་སྦྱོར་གོང་འཕེལ་འཐབ་ཇུས། གཙོ་གཟུགས་འཇོན་ནུས་ཁུལ་གྱི་འཐབ་ཇུས་བཅས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་རྡལ་ཅན་གསར་པའི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བཅས་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྒྱལ་ཁོངས་ས་ཆའི་བར་ཁམས་བཀོད་པ་དང་འདེགས་སྐྱོར་མ་ལག་ཅིག་བསྐྲུན་དགོས། རྒྱལ་ཁོངས་ས་ཆའི་བར་ཁམས་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་རྣམ་པ་གསར་པ་སྐྲུན་པ་དང་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མི་ལྟེ་བར་འཛིན་པའི་གྲོང་རྡལ་ཅན་གསར་པ་གྲུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་རིག་གནས་ལྡེམ་ཤུགས་ཆེ་རུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་འཁྱོངས་དང་། རིག་གནས་ཀྱི་བློ་སྤོབས་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དར་ཆ་མཐོ་བསྒྲེང་དང་དམངས་སེམས་གཅིག་སྡུད། མི་སྣ་གསར་པ་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བྱ་རྒྱུ་བཅས་ཀྱི་འགན་འཁྲིའི་ལས་འགན་ལ་གཞིགས་ནས་མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཉིས་གཅིག་འགྱུར་ཡོང་བ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དེང་རབས་རིག་གནས་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག སྦགས་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ། གྲོན་ཆུང་སྔོན་འཇོག་དང་སྲུང་སྐྱོབ་སྔོན་འཇོག རང་བྱུང་ཁམས་སླར་གསོ་གཙོ་བོར་འཛིན་རྒྱུ་བཅས་རྒྱུན་འཁྱོངས་བཅས་བྱས་ནས་རང་བྱུང་ཁམས་ཀྱི་འབྱུང་ཁམས་བདེ་འཇགས་བརྟན་པོ་སྲུང་དགོས། རྒྱུན་མཐུད་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབྱུང་ཁམས་ཤེས་དཔལ་ཁྱབ་ཁོངས་ཀྱི་གཅིག་འགྱུར་མཐུན་སྦྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། འབྱུང་ཁམས་ཤེས་དཔལ་མ་ལག་སྐྲུན་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་ཁྱོན་ཡོངས་ནས་སྦགས་མེད་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་གཉིས་ཞི་མཐུན་མཉམ་གནས་ཐུབ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། སྦགས་མེད་ཐན་ཉུང་གོང་འཕེལ་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། འབྱུང་ཁམས་མ་ལག་གི་སྤུས་ཚད་དང་བརྟན་ལྷིང་རང་བཞིན་མཐོ་རུ་བཏང་ནས་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་བྱེད་པ་དང་།མཉམ་ལས་གཉིས་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོས། ཁྱབ་ཁོངས་སྔར་བས་ཆེ་བ་དང་། ཁྱབ་རྒྱ་སྔར་བས་ཡངས་བ། བང་རིམ་སྔར་བས་གཏིང་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་ཁྲོམ་ར་ཆེན་པོའི་བཟང་ཆར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་དགོས། ཆུ་ཚད་སྔར་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་སྐྲུན་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཉོ་ཚོང་དང་མ་འཇོག་རང་མོས་ཅན། སྟབས་བདེ་ཅན་བཅས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཉོ་ཚོང་གསར་སྐྲུན་གོང་འཕེལ་ལ་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གོ་ལའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་བསྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་དང་། སྤྱི་ཚོགས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཡོང་བ་བྱེད་པའི་ཐོག་མའི་ཀུན་སློང་དང་མཐར་ཐུག་གི་དམིགས་འབེན་རྒྱུན་འཁྱོངས་ཀྱིས། ནུས་པར་དཔག་ཚོད་ཀྱིས་བྱ་བ་སྒྲུབ་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མིའི་ཁྱོན་ཡོངས་གོང་འཕེལ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཡར་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་ཞུགས་སྔོན་འཇོག་གི་སྲིད་ཇུས་ཤུགས་ཆེར་གཏོང་བ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ། བང་རིམ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་ཀྲུང་གོའི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མི་འབོར་རྒན་རྒོན་ཅན་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བཅས་བྱ་དགོས་ཞེས་བཏོན་འདུག
        ཚང་འཛོམས་གྲོས་ཚོགས་ཐོག གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཆུ་ཚད་དེ་བས་མཐོ་བའི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་ཀྱིས། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དང་འཛུགས་སྐྱོང་བྱ་དགོས་པ། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་གཅིག་གྱུར་བཀོད་འདོམས་བྱས་ནས། བདེ་འཇགས་གོང་འཕེལ་དེ་རྒྱལ་ཁབ་གོང་འཕེལ་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། རང་རྒྱལ་གྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་སྣ་ཚོགས་འགོག་པ་དང་སེལ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ར་བརྟན་པོ་བསྐྲུན་དགོས་པ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་། སྤྱི་ཚོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་ལ་སྲུང་སྐྱོབ་བཅས་བྱ་དགོས་ཞེས་བསྟན་འདུག
        ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་སྟོབས་འབྱོར་རྒྱས་པ་དང་དམག་དཔུང་སྟོབས་ཆེར་གཏོང་རྒྱུ་གཉིས་ཀྱི་གཅིག་གྱུར་མངོན་གྱུར་ཡོང་བ་བྱ་དགོས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། ཏང་གིས་མི་དམངས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱ་རྒྱུ་བཅས་རྒྱུན་འཁྱོངས། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་རིག་ནུས་ཅན་བཅས་མཉམ་འདྲེས་གོང་འཕེལ་མགྱོགས་སུ་གཏོང་བ། དམག་སྦྱོང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ནུས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤྱི་ལོ་ཉིས་སྟོང་ཉེར་བདུན་ལོར་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་གྱུར་ཡོང་རྒྱུར་འགན་སྲུང་བྱ་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་སྤུས་ཚད་ཕན་འབྲས་མཐོ་རུ་གཏོང་བ་དང་། རྒྱལ་སྲུང་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་ཆབས་ཅིག་ཏུ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་པ། གཙོ་གནད་ས་ཁོངས་དང་། གཙོ་གནད་ཁྱབ་ཁོངས། གསར་དར་ཁྱབ་ཁོངས་བཅས་མཐུན་སྦྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས་ཞེས་བཏོན་འདུག
        ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་ཉིས་སྟོང་བརྒྱ་མེད་སུམ་ཅུ་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་མངོན་གྱུར་ཡོང་བ་བྱེད་པར། ངེས་པར་དུ་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། སྐུལ་སློང་བྱས་ཆོག་པའི་མཐུན་རྐྱེན་ཡོད་དོ་ཅོག་སྐུལ་སློང་གང་ལེགས་བྱེད་པ། མཐུན་སྒྲིལ་བྱེད་རུང་བའི་སྟོབས་ཤུགས་མཐའ་དག་ལ་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱས་ཐོག གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པ་བྱ་དགོས་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་འགོ་ཁྲིད་ལ་ཤུགས་སྣོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། འཆར་འགོད་སྒྲིག་བཟོ་དང་དོན་འཁྱོལ་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཞང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བས་གོང་འཕེལ་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས་པ། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཕྱི་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཧུར་བརྩོན་ཆེན་པོས་གཏོད་པ་དང་། རྒྱལ་སྤྱིའི་འབྲེལ་བའི་རྣམ་པ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག
ཚང་འཛོམས་གྲོས་ཚོགས་ཀྱིས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག ཀུན་སེམས་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ་ཀྱིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་རྒྱུའི་ཐད་རྒྱལ་ཁ་གསར་པ་ལེན་དགོས་པའི་འབོད་སྐུལ་གནང་འདུག
རྩོམ་སྒྲིག་པ། སངས་སྐྱབས།