ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་ཨར་མེ་ཉི་ཡའི་ཙུང་ཐུང་ཧ་ཆ་ཐུའུ་ལེང་གིས་ཀྲུང་ཨར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

སྤེལ་དུས 2022-04-08 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཟླ་4ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨར་མེ་ཉི་ཡའི་ཙུང་ཐུང་ཧ་ཆ་ཐུའུ་ལེང་གིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨར་རྒྱལ་ཁབ་གཉིས་པོ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་མཉམ་ལས་རོགས་ཟླ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་30སོང་རིང་། ཀྲུང་ཨར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བ། མི་ཆོས་རིག་གནས་སྤེལ་རེས་ཇེ་ཟབ་ཏུ་ཕྱིན་པ་བཅས་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་རྒྱལ་ཁབ་གཉིས་པོས་ཕན་ཚུན་ལྟ་སྐྱོང་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་སེམས་ཟབ་ཏུ་ཕྱིན་པ་མངོན་གྱི་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ངས་ཀྲུང་ཨར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཧ་ཆ་ཐུའུ་ལེང་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་ཨར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཧ་ཆ་ཐུའུ་ལེང་གིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30སོང་རིང་། ཨར་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཨར་མེ་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཡར་ཐོན་དང་རྒྱལ་སྤྱིར་ཐོན་པའི་ཀྲུང་གོའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབད་འཐབ་བྱས་ནས། ཨར་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་བརྟན་པོ་ཡོང་བ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།