ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པའི་ཐད་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུ་སར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

སྤེལ་དུས 2022-04-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུ་སར་གློག་འཕྲིན་བཏང་གནང་ནས་ལྷོ་ཨ་ཧྥེ་རི་ཁར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པའི་ཐད་སེམས་གསོ་འཚམས་འདྲི་ཞུས་པ་རེད།
          ཞི་ཅིན་ཕིང་གིས། ལྷོ་ཨ་ཧྥེ་རི་ཁའི་ཁོ་ནཱ་ཞིང་ཆེན་ལ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་ཏེ་མི་སྣ་ཤི་རྨས་དང་རྒྱུ་ནོར་ཐད་གྱོང་གུན་ཚབས་ཆེན་ཕོག་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་བ་དང་འབྲེལ། ང་རང་མི་སྒེར་གྱི་མིང་ཐོག་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་། རྨས་སྐྱོན་ཕོག་མཁན། གེགས་ཁུལ་གྱི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུ་རྒྱུ་ཡིན། ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གེགས་ཁུལ་གྱི་མི་དམངས་རྣམས་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་གང་མགྱོཌ་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།