ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་བདམས་ཐོན་བྱུང་བ།

སྤེལ་དུས 2022-04-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་21དང་22ཉིན། ཀྲུང་གོ་གུང་ཁྲན་ཏང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུ་ནན་ཉིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་བདམས་ཐོན་བྱུང་བ་རེད། ཀོང་ཤིས་ཀྱི་འདེམས་བསྐོའི་ནང་ཞུགས་པའི་ཏང་ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་འོས་མི་བློ་མཐུན་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་རེད།
         ཚེས་22ཉིན་གྱི་སྔ་དྲོ། ཚོགས་ཆེན་ཐོག་དངོས་སུ་འདེམས་བསྐོ་བྱས་པ་དང་། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་འདེམས་བསྐོ་བྱེད་རིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
         འཐུས་མི་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་དེ་ནི་ཀོང་ཤིས་ཀྱི་ཏང་ཡོན་ཁྲི་250ལྷག་ཙམ་དང་གཞི་རིམ་ཏང་རྩ་འཛུགས་ཁྲི་15ལྷག་ཙམ་གྱི་ཐུན་མོང་གི་འདོད་འདུན་ཡིན་པ་དེ་ཐོག་ནས་ཀོང་ཤིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་5700ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་གུས་བཀུར་ཞུ་ལུགས་གང་ལེགས་མཚོན་ཡོད་ལ་མི་དམངས་དུང་ཕྱུར་མང་པོས་བསྐྱར་དར་རླབས་པོ་ཆེའི་རྗེས་སུ་དམ་པོར་བསྙེགས་ཏེ་འབད་འབུངས་ལྷོད་མེད་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཐུན་མོང་གི་བསམ་འདུན་དང་རེ་འདུན་ཆེན་པོ་ཡང་མཚོན་ཡོད་པ་རེད།
         “སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་ཀྲོང་ཡུལ་གྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ངས་རྒྱ་ཆེའི་གཞི་རིམ་ཏང་ཡོན་གྱི་ཚབ་ཞུས་ནས་བླ་ན་མེད་པའི་འདེམས་ཤོག་འཕེན་རྒྱུ་བྱུང་བ་ནི་ཧ་ཅང་གཟི་བརྗིད་དང་སྤོབས་པ་ལྡན་པ་ཞིག་རེད་སྙམ་གྱི་འདུག སྤྱི་ཁྱབ་ཧྲུའུ་ཅི་འདེམས་ཤོག་ཆ་ཚང་གི་ཐོག་ནས་བདམས་ཐོན་བྱུང་བ་ཐོས་སྐབས་ང་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་ལ་སྐུལ་ལྕག་ཟབ་མོ་ཐེབས་བྱུང་བ་མ་ཟད་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དེར་དཔང་པོ་བྱ་རྒྱུ་བྱུང་བར་ཡང་ཧ་ཅང་དགའ་པོ་བྱུང་། ངས་མུ་མཐུད་གྲོང་མིའི་སྣེ་ཁྲིད་དེ་ཁྱད་ལྡན་འདེབས་གསོ་ལས་རིགས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་གཡུལ་ས་གཙོ་བོའི་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་གི་འཐུས་མིའི་ཚོགས་འདུའི་འཐུས་མི་དང་། ལིང་ཡུན་རྫོང་ཡུས་ཧུང་ཤང་ཅང་ཀེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཡ་ཧན་ཝུན་གྱིས་བཤད།
         རང་སྐྱོང་ལྗོངས་ཏང་གི་འཐུས་མིའི་ཚོགས་འདུའི་འཐུས་མི། ལིའུ་ཀྲོའུ་ལྕགས་དང་ངར་ལྕགས་མ་རྐང་ཚད་ཡོད་ཀུང་སིའི་སྲེག་བསྒྲིགས་བཟོ་གྲྭའི་རང་འགུལ་ཅན་གཞུང་ལས་ཁང་གི་ཀྲུའུ་རེན་ཝུའེ་ལིའུ་ཁྲན་གྱིས། མི་སེར་གྱི་འཚོ་བར་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་འགྱུར་མེད་ཀྱི་ཐུགས་རེ་ཞིག་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུ་སོགས་ཕྱོགས་གང་ས་ཅི་ཐད་ནས་མི་དམངས་མང་ཚོགས་ལ་གཟིགས་སྐྱོང་སྲིད་ཇུས་ཏན་ཏིག་ངང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་འོག་ཚང་མས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་སྔར་བས་སྤྲོ་སྣང་ལྡན་པ་ཞིག་སྐྱེལ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཚེ་གཞི་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཐུབ”ཅེས་བཤད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ན་ནིང་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅིས་ཀོང་ཤིས་ལ་སླར་ཡང་རྟོག་ཞིབ་གནང་སྐབས་ཀོང་ཤིས་ཀྱིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི“མངོན་གསལ་དོད་པའི་ཁྱད་ཆོས་བཞི”གནད་ལ་འཕིགས་པའི་སྒོ་ནས་སྙིང་བསྡུས་གནང་བ་དང་། “གསར་པ་བཞིའི”སྤྱིའི་བླང་བྱ་གཞིར་བཟུང་ཕྱོགས་བཞིའི་ཐད་ཀྱི་ལས་དོན་གལ་ཆེན་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཛེས་སྡུག་ལྡན་པའི་ཀོང་ཤིས་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་ཡོད།“དུས་རབས་གསར་པར་སླེབས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གྱི་དེད་དཔོན་གནང་ན་དེ་བས་བརྗིད་རྔམ་ལྡན་པའི་དུས་རབས་ཀྱི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་གྲུ་གཟིངས་ཆེན་པོའི་སྣེ་ཁྲིད་དེ་འོད་ཟེར་སྟོང་ལྡན་གྱི་ཕ་རོལ་དུ་སྐྱོད་ཐུབ་ངེས་རེད”ཅེས་འཐུས་མི་ཚོས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
         “སྤྱི་ཁྱབ་ཧྲུའུ་ཅི་འདེམས་ཤོག་ཆ་ཚང་གི་ཐོག་ནས་བདམས་ཐོན་བྱུང་བ་དེ་ནི་དམངས་སེམས་ཕྱོགས་ས་དང་ཀུན་གྱི་རེ་བ་བཅོལ་ས་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀོང་ཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད”རང་སྐྱོང་ལྗོངས་ཏང་གི་འཐུས་མིའི་ཚོགས་འདུའི་འཐུས་མི་ནན་ཉིང་གྲོང་ཁྱེར་སློབ་འབྲིང་གཉིས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཞུས་ཧྭ་ཡིས། སླད་ཕྱིན་ངས་མུ་མཐུད་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
         འཐུས་མི་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ལྕག་སྐུལ་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་པ་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།