ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་དང་བཙུན་མོ་སུའུ་ཐི་ཏ་དང་མཇལ་འཛོམས་གནང་བ།

སྤེལ་དུས 2022-11-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པང་ཁོག་གི་རྒྱལ་པོའི་ཕོ་བྲང་དུ་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་དང་བཙུན་མོ་སུའུ་ཐི་ཏ་དང་མཇལ་འཛོམས་གནང་བ་རེད།
  ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པང་ཁོག་གི་རྒྱལ་པོའི་ཕོ་བྲང་དུ་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་དང་བཙུན་མོ་སུའུ་ཐི་ཏ་དང་མཇལ་འཛོམས་གནང་བ་རེད།
  ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཝ་ཅི་ལ་ལུང་ཀུང་དང་། སུའུ་ཐི་ཏ། སྲས་མོ་ཤིས་ལི་ཝན་ཝ་ལི་བཅས་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ནས་མཛའ་བརྩེའི་ངང་གླེང་མོལ་གནང་བ་རེད།
  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐེ་ལན་ནི་ཁྱིམ་མཚེས་རྒྱལ་ཁབ་བཟང་པོ་དང་། གྲོགས་པོ་བཟང་པོ། གཉེན་ཉེ་བཟང་པོ། རོགས་ཟླ་བཟང་པོ་བཅས་རེད། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དཀའ་ཉེན་གྱི་ཉམས་སད་ཐེག་ཐུབ་ནས་དུས་རབས་གསར་པར་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད། འདི་ལོ་ནི་ཀྲུང་གོ་དང་ཐེ་ལན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ“ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”དམིགས་བསལ་གྱི་མཛའ་མཐུན་མུ་མཐུད་དར་སྤེལ་བཏང་སྟེ་མཉམ་དུ་ཀྲུང་གོ་དང་ཐེ་ལན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་གསུངས།
  ཞི་ཅིན་ཕིང་གིས་རྒྱལ་པོ་མཆོག་དང་ཐེ་ལན་གྱི་གོང་མ་ཚང་གིས་ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་འཛིན་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དམིགས་བསལ་དང་གལ་ཆེན་བཏོན་གནང་བར་ངས་བསྔགས་བརྗོད་ཞུ་ཡི་ཡིན། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་པོ་མཆོག་དང་གོང་མ་ཚང་གི་ཁོངས་མི་མང་པོ་ཀྲུང་གོར་གཟིགས་པར་ཕེབས་རྒྱུར་དགའ་བསུ་ཞུ་ཡི་ཡིན། ཀྲུང་གོ་ཕྱོགས་ཀྱིས“གོང་མ་ཚང་གི་དང་བླངས་པ”སོགས་ཐེ་ལན་གོང་མ་ཚང་གི་སྤྱི་ཕན་རྣམ་གྲངས་ལ་མུ་མཐུད་རྒྱབ་སྐྱོར་ཞུས་ནས་ཀྲུང་གོ་དང་ཐེ་ལན་གྱི་རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་མི་ཆོས་ཀྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཐེ་ལན་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུཌ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོཌ་འདུ་གྲུབ་འབྲས་ལྡན་པའི་ངང་གཉེར་བར་རྟེན་འབྲེལ་ཡང་ཞུ་ཡི་ཡིན་ཞེས་གསུངས།
  ཝ་ཅི་ལ་ལུང་ཀུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་རྣམ་གཉིས་ཐེ་ལན་དུ་འཚམས་འདྲིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོ་ཉིན་བཞིན་སྟོབས་འབྱོར་མངའ་ཐང་རྒྱས་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་དང་ལྷག་པར་དུ་དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་ཐད་གྲུབ་འབྲས་གཟེངས་སུ་ཐོབ་པར་ངས་གུས་བཀུར་ཡི་རངས་ཞུ་བཞིན་ཡོད། ང་ཀྲུང་གོར་འཚམས་འདྲིར་ཐེངས་མང་འགྲོ་མྱོང་ལ་ཀྲུང་གོའི་མཛེས་སྡུག་ལྡན་པའི་རི་ཀླུང་དང་། གསོན་ཤུགས་འཕེལ་ཞིང་འཕེལ་རྒྱས་དང་ཡར་རྒྱས་ལ་དངོས་སུ་མྱོང་ཚོར་བྱུང་། གོ་སྐབས་བྱུང་ཚེ་ངས་སླར་ཡང་ཀྲུང་གོར་འཚམས་འདྲིར་འགྲོ་བའི་རེ་སྒུག་བྱེད་བཞིན་ཡོད་ལ། “ཐེ་ལན་དང་ཀྲུང་གོ་ཁྱིམ་ཚང་གཅིག་ལྟར་བརྩེ་བས”ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་ཐག་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།
རྩོམ་སྒྲིག་པ། སངས་སྐྱབས།