གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་གནས་ཚུལ་གསར་ཤོས།

སྤེལ་དུས 2018-07-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
         
          པེ་ཅིང་དུས་ཚོད་ཀྱི་སྤྱི་ཟླ་༧པའི་ཚེས་༡ཉིན་ཐོ་རེངས་སུ་མཇུག་སྒྲིལ་བའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བརྒྱད་ཆ་གཅིག་གི་འགྲན་བསྡུར་ནང་། ཨུ་རུ་སུའི་རུ་ཁག་གིས་སི་ཕན་རུ་ཁག་དང་སྐར་མ་༩༠ནང་༡བསྡུར་༡གྱི་ཐོག་ནས་ཐོབ་ཤོར་མཉམ་པ་བྱུང་བ་དང་། དུས་སྣོན་འགྲན་བསྡུར་ལ་ཡང་ཐོབ་ཤོར་མཉམ་པ་བྱུང་ཡོད་པ་རེད། མཐའ་མཇུག་ཏུ་བཙུགས་སྤོར་བརྒྱུད་ནས། ཨུ་རུ་སུས་སྤྱིའི་བསྡུར་གྲངས་༥བསྡུར་༤ཐོག་ནས་སི་ཕན་ཕམ་ཉེས་སུ་བཏང་ཡོད་པ་དང་། མགྲོན་བདག་ཡིན་པའི་ཨུ་རུ་སུ་ཡང་ཨང་བརྒྱད་ཀྱི་གྲས་ནང་ཚུད་ཡོད་ཅིང་། སི་ཕན་རུ་ཁག་ཕྱིར་འབུད་བཏང་ཡོད་པ་རེད།

          དེ་མིན་ཡོ་རོབ་ནས་ཡོང་བའི་སྤོ་ལོའི་རུ་ཁག་ཁེ་རུ་ཏི་ཡ་དང་ཏེན་མག་རུ་ཁག་བར་དུས་ཚོད་སྣོན་པའི་སྐབས་སུ་བཙུགས་སྤོར་ཞུ་བའི་འགྲན་རྩོད་བྱས་ནས། མཐའ་མཇུག་ཏུ་ཁེ་རོ་ཏི་ཡ་སྤྱིའི་བསྡུར་གྲངས་༤བསྡུར་༣ཐོག་ནས་ཏེན་མག་ལས་རྣམ་པར་རྒྱལ་ཏེ་རུ་ཁག་བརྒྱད་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་ཡོད་པ་རེད།