དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ཡུས་ཧྲུའུ་གྲོང་ཁྱེར་དང་། རྫ་སྟོད་རྫོང་། རྨ་ཆེན་རྫོང་བཅས་ལ་དབུལ་ཐར་མཁྲེགས་གཏོར་བྱ་བ་རྗེས་སུ་ལུས་པར་དུས་བཅད་ཁ་བརྡ་བྱས།

སྤེལ་དུས 2018-10-16 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་མཱ་ཧྥིན་ཧྲིན་གྱིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཚབ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ཕྱོགས་བསྡུས་བྱ་བ་རྗེས་སུ་ལུས་པ་དང་གནད་དོན་འབུར་ཐོན་གནས་པའི་ཕྱོགས་ནས་ཡུས་ཧྲུའུ་གྲོང་ཁྱེར་དང་། རྫ་སྟོད་རྫོང་། རྨ་ཆེན་རྫོང་བཅས་དང་དུས་བཅད་ཁ་བརྡ་བྱས་ནས། ཁུལ་དང་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་འཐབ་ཇུས་བཀོད་སྒྲིག་གི་རེ་བ་ལྟར། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་བཏང་ནས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། མཁྲེགས་གཏོར་གྱི་འགན་འཁུར་དངོས་འབེབས་བྱེད་པ། གནད་དོན་གྱི་རྩ་བ་རྙེད་པར་བྱས་ནས། ཕྱོགས་བསྡུས་བཅོས་སྒྱུར་གྱི་བྱེད་ཕྱོགས་གཏན་འབེབས་བཟོ་བ་དང་། ཤུགས་ཚད་ཆེ་རུ་གཏོང་བ། དུས་ཚོད་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁུར་དུས་ལྟར་ཡོང་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་ཁག་བགོས་འགན་འཁུར་བློ་མཐུན་དང་ཁུལ་དང་རྫོང་གི་གཙོ་འགན་འཁུར་བའི་བློ་མཐུན་རྣམས་ཀྱིས་གླེང་མོལ་དང་ལེན་བྱས།
          དུས་བཅད་ཁ་བརྡ་བྱ་ཡུལ་གྱི་ཁུལ་དང་རྫོང་གི་འགན་འཁུར་བློ་མཐུན་རྣམས་ཀྱིས་བསྟན་དོན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་འགོ་ཁྲིད་ཚན་ཆུང་གི་བསམ་ཚུལ་དང་གྲོས་གཞི་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། བསླབ་བྱ་གཏིང་ཟབ་སྒོས་བསྡུ་ལེན་བྱེད་པ་དང་། དུས་རིམ་རྗེས་མའི་དབུལ་སྐྱོར་མཁྲེགས་གཏོར་གྱི་འཁོར་ཚིགས་གཉོམ་ས་དང་གནས་པའི་གནད་དོན་ལ་ཁ་གཏད་ནས། ངོས་ཟིན་ཇེ་མཐོར་གཏོང་བ་དང་། འགན་འཁུར་དངོས་འབེབས་བྱེད་པ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སྟོབས་ཤུགས་འདང་བར་བྱེད་པ་དང་། རང་འགུལ་སྒོས་སྒྲུབ་པ་དང་། གནོན་ཤུགས་སྒུལ་ཤུགས་སུ་སྒྱུར་བ། ཕྱོགས་བསྡུས་གནད་དོན་བཅོས་སྒྱུར་མཐའ་འཁྱོལ་བྱེད་པ་སོགས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱ་རྒྱུ་ཡིན་ཟེར། །