དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ཞིང་ལས་དང་གྲོང་གསེབ་པུས་བྱ་ཐབས་ཆེན་པོ་དྲུག་ལག་བསྟར་བྱས་ནས་འབྲི་ཆུའི་ཆུ་ནང་སྐྱེ་དངོས་ལ་སྲུང་སྐྱོབ་བྱས་པ།

སྤེལ་དུས 2018-10-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལུས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉིན་ཤས་གོང་འབྲི་ཆུའི་ཆུ་ནང་སྐྱེ་དངོས་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་པར་འགྲེམས་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་༡༧ཉིན་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ་བསམ་འཆར་གྱི་ནང་དོན་ལ་འགྲེལ་བཤད་བྱས་ཡོད།
          བསམ་འཆར་ནང་། སྤྱི་ལོ་༢༠༢༠ལོར་སླེབས་དུས་འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་ཁོངས་གཙོ་བོར་ཉ་འཛིན་མི་ཆོག་པའི་བཀའ་བཏང་ཡོད། གསར་འགོད་པས་བཏོན་པའི་ཉ་པའི་ཁེ་ཕན་འགན་ལེན་གང་འདྲ་བྱེད་དགོས་པའི་དྲི་བར་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས། ཕྱོགས་གཅིག་ནས་འབྲི་ཆུ་རྒྱུག་ཁུལ་གྱི་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་མི་ཆོག་པར་ཁ་གསབ་ལམ་ལུགས་འཛུགས་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ཆུ་ནང་ཐོན་རྫས་ཀྱི་བདེ་ཐང་གསོ་ཚགས་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་མི་དམངས་ཀྱི་ཆུ་ནང་ཐོན་རྫས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་རྒྱུ་རེད་ཅེས་བསྟན་ཡོད།
          བསམ་འཆར་ནང་། སྐྱེ་འཕེལ་གློད་གཏོང་བྱེད་སྒོའི་ཐད་གཏན་འབེབས་ཞིབ་ཕྲ་བཟོས་ཡོད། གྲོང་གསེབ་དང་ཞིང་ལས་པུའི་འབྲི་ཆུ་རྒྱུག་ཁུལ་ཉ་ལས་སྲིད་འཛིན་ལྟ་སྐུལ་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་མ་དབྱིས་ནས་ངོ་སྤྲོད་གནང་བར། གློད་གཏོང་ནི་ཆེད་ལས་རང་བཞིན་དང་ལག་རྩལ་རང་བཞིན་ཆེ་བའི་ལས་དོན་ཞིག་ཡིན་པས་ཚན་རིག་དང་མཐུན་པའི་གློད་གཏོང་བྱེད་དགོས། སྤྱི་ལོ་༢༠༡༥ལོ་ནས་༢༠༡༧ལོ་བར། འབྲི་ཆུ་རྒྱུག་ཁུལ་དུ་རིམ་རྩིས་བྱས་ན་སྐྱེ་དངོས་རིགས་དུང་ཕྱུར་༡༢༩དང་བྱེ་བ་གསུམ་ཟིན་པ་དང་། རྩ་ཆེའི་དམིགས་བསལ་གྱི་སྐྱེ་དངོས་རིགས་༣༤༡༤ཟིན་པ་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན་སྐྱེ་འཕེལ་གྱི་མ་རྒྱུ་དང་སྐྱེ་དངོས་ཐོན་ཁུངས་ཁ་གསབ་ཐུབ་པ་དང་། སྟོངས་ལ་ཉེ་བའི་སྐྱེ་དངོས་ཀྱི་གྲངས་འབོར་ཉུང་དུ་འགྲོ་ཚུལ་བཀག་འགོག་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད།