ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ཞུས་ཧའེ་ཐའོ་ཡི་ལས་གཏོད་ཐབས་ལམ། ནས་ཀྱི་སྦི་རག་བྲོ་བ་ཞིམ། ཐོན་ལས་ལ་བརྟེན་དབུལ་སྒྲོལ་བྱེད།

སྤེལ་དུས 2018-10-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          2018ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་གྱི་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་རའི་འགྲེམས་སྟོན་ཚོམས་ཆེན་དུ་ཚོགས་ཞུགས་མགྲོན་པོ་ཚོས་ཁུན་ལུན་ནས་ཀྱི་སྦི་རག་གི་འགན་འཁུར་བ་ཞུས་ཧའེ་ཐའོ་ལ“ནས་ཀྱི་སྦི་རག་ཞིམ་པོ་བཟོ་ཐུབ་བམ”ཞེས་དྲིས།
          མཚོ་སྔོན་གྱི་ནས་རྒྱུ་ཆར་བྱས་ཏེ་སྦི་རག་བཟོ་མཁན་གྱི་ལས་གཏོད་པ་ཐོག་མ་ཡིན་པའི་ཞུས་ཧའེ་ཐའོ་ལོ་27ལ་སླེབས་པ་དང་། སྐྲ་ཐུང་ཞིང་། བབ་ཆགས་པ། འཇོན་ཐང་ཆེ་བ་ཞིག་ཡོད།
          “ལག་རྩལ་དང་ཉམས་མྱོང་གང་ཡང་མེད་པར་ལས་གཏོད་བྱེད་ཕོད་པའི་བསམ་པ་ཞིག་བཅངས་ནས་ཕ་ཡུལ་དུ་ཕྱིར་ལོག” 2012ལོར་ཞུས་ཧའེ་ཐའོ་ཡིས་པེ་ཅིང་གི་ལས་ཀ་ཡག་པོ་བློས་བཏང་ནས་ཕ་ཡུལ་དུ་ལས་གཏོད་བྱེད་པར་སླེབས།
          ལས་གཏོད་ཀྱི་ཐོག་མའི་བསམ་ཚུལ་གླེང་སྐབས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་ཁྲེ་ཙེ་གྲོང་ཚོའི་ཕོ་གཞོན་དེས་གད་མོ་དགོད་བཞིན་དུ་དེ་ནི་ནས་ལ་དགའ་བས་ཡིན་ཞེས་བཤད།
          “ལོ་ལྟར་གྱི་ཟླ་9པའི་ལོ་ལེགས་དུས་ཚིགས་ཤར་སྐབས་མཐའ་ཡས་ཀྱི་ནས་ཞིང་གསེར་མདོག་གི་རྒྱ་མཚོ་དང་འདྲ་པོ་ཡོད། ང་ནི་རྩམ་པ་བཟས་ནས་འཚར་ལོངས་བྱུང་བ་ཞིག་ཡིན། དེའི་བྲོ་ཞིམ་ངས་ཚེ་གང་བརྗེད་མི་སྲིད”ཅེས་ཞུས་ཧའེ་ཐའོ་ཡིས་བཤད།
          ཞུས་ཧའེ་ཐའོ་ཡི་དྲན་ཤེས་སུ། ནས་རྡོག་ཚང་མར་ཕ་མའི་དཀའ་སྤྱད་ཀྱི་རྔུལ་ཆུ་སིམས་ཡོད་པ་དང་ཁྱིམ་ཚང་གི་རེ་བ་དང་བདེ་སྐྱིད་ཀྱི་འབྱུང་རྩ་རེད། “ས་མཐོར་ནས་གང་སར་མཐོང་རྒྱུ་ཡོད་ལ་ཤིན་ཏུ་རྩ་ཆེ་བ་ཞིག་ཀྱང་རེད། ནས་ཀྱི་སྦི་རག་ཞིམ་པོ་ཞིག་གསར་བཟོ་བྱེད་བསམས་བྱུང”ཞེས་ཆང་རག་རིག་གནས་ལ་དགའ་བའི་ཞུས་ཧའེ་ཐའོ་ཡིས་ནས་ཀྱི་སྦི་རག་ཞིམ་པོ་ཞིག་བཟོ་ཐུབ་པའི་ཡིད་ཆེས་ཆེན་པོ་བྱེད།
          ཐོག་མར་ལས་གཏོད་བྱེད་སྐབས། ཞུས་ཧའེ་ཐའོ་ཡིས་ནས་ཀྱི་ཨ་རག་དཀར་པོ་བཟོས་ཏེ་རང་ཉིད་ཀྱི་ཨ་རག་གི་སྤུས་རྟགས་རིམ་གྱིས་བཏོད་པ་དང་ཁྲོམ་རར་ཡང་བྲིན་ཁ་རྒྱུག་ཀྱང་ཁོང་བློ་ཡིད་མི་ཚིམ་པར་2016ལོའི་ཟླ་9པར་ནས་ཀྱི་སྦི་རག་བཟོ་རྒྱུའི་བསམ་བློ་འཁོར།
          ལོ་དེའི་ཟླ་བ་11པར་ཞུས་ཧའེ་ཐའོ་ཡིས་ནས་ཀྱི་སྦི་རག་སྙོལ་སྟངས་སྦྱོང་འགོ་ཚུགས་ཤིང་། དེབ་ཉོ་བ་དང་རིགས་གཅིག་མཁས་ཅན་གྱི་ས་ནས་ཉམས་མྱོང་གསོག་པ་སོགས་བྱས་པས་2017ལོའི་ཟླ་10པའི་ཟླ་མཇུག་ཏུ་སྦི་རག་སྙོལ་སྟངས་ཤེས་པ་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱིས་སྤུས་ཚད་དང་ཐོབ་ཐང་ཁས་ལེན་བྱས་པ་རེད།
          ཚོད་ལྟ་བྱེད་ཐེངས་རེར་ཟླ་བ་2ཙམ་འགོར་བ་དང་ཚོད་ལྟ་ལེགས་གྲུབ་མ་བྱུང་ཚེ་སེམས་ཤུགས་རྦད་དེ་ཆག་གི་ཡོད། བག་ཆགས་ཟབ་ཤོས་ཤིག་ལ་2017ལོའི་ཟླ་7པར་ཚོད་ལྟ་ཐེངས་ལྔ་པ་བྱེད་སྐབས་སྙོལ་ཆས་ཀྱི་མཁའ་རླུང་འགྲོ་ཁ་འགོག་རྒྱུ་བརྗེད་པས་སྙོལ་ཆས་ནང་མཁའ་རླུང་འཚངས་ནས་འབར་བ་རེད། “དཀའ་ལས་ཆེན་པོ་བརྒྱབ་ནས་བསྙལ་བའི་སྦི་རག་ས་སྟེང་དུ་འབོ་སྐབས་བློ་ཕམ་ཆེན་པོ་སྐྱེ་གི་འདུག”ཅེས་ཞུས་ཧའེ་ཐའོ་ཡིས་བཤད།
          ཚོད་ལྟ་ཐེངས་མང་དང་སློབ་སྦྱོང་ཧུར་ཐག་བྱས་རྗེས་ལོ་དེར་ནང་ཁོང་གིས་སྦི་རག་སྙོལ་སྟངས་ཀྱི་དེབ་50ཙམ་བཀླགས་ནས་ཤོག་ལྷེ་500ཙམ་གྱི་ཟིན་བྲིས་བརྒྱབ་ཡོད། ཉིན་མཚན་མང་པོའི་རིང་ཞུས་ཧའེ་ཐའོ་ལ་སྦི་རག་སྙོལ་སྟངས་ཀྱི་བསམ་བློ་གསར་པ་འཁོར་ནས་དེ་དག་ཟིན་བྲིས་བརྒྱབ་སྟེ་རང་ཉིད་ཀྱི་ཕུགས་འདུན་དང་ཉེ་བཅར་ཡོང་བར་བྱེད་ཀྱི་ཡོད།
          “དཀའ་བ་དུ་མ་སྤྱད་གྱུར་ན། གྲུབ་འབྲས་ཐོབ་པར་ཐེ་ཚོམ་མེད། རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱུང་ཚེ་ཉིན་ལྟར་གསོན་ཤུགས་ཀྱིས་ཁེངས་ཀྱི་འདུག”ཅེས་ཞུས་ཧའེ་ཐའོ་ཡིས་བཤད།
          ད་ཆ་ཞུས་ཧའེ་ཐའོ་ཡིས་མི་6གི་ལས་གཏོད་ཚོགས་པ་ཞིག་གི་སྣེ་ཁྲིད་ནས་རང་ཉིད་ཀྱི་ཀུང་སི་ཐོ་འགོད་བྱས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས“ཁུན་ལུན་གྱི་སྤུས་རྟགས་ཆང”ཞེས་པའི་ནས་ཀྱི་སྦི་རག་སྤུས་རྟགས་བཏོད་པ་དང་སྦྲགས་ཀྲེ་ཅང་གི་སྦི་རག་ཐོན་སྐྱེད་ཚོང་པ་དང་མཉམ་ལས་བྱས་ནས་ནས་ཀྱི་སྦི་རག་སྤུས་ལེགས་འབོར་ཆེན་ཐོན་སྐྱེད་བྱེད་ཀྱི་ཡོད། ནས་ཀྱི་རྒྱུ་ཆ་ནི་ཉེ་འཁོར་གྱི་གྲོང་ཚོ་དབུལ་པོ་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད། མིག་སྔར་ཀུང་སིས་དུད་ཚང་དབུལ་པོ་བརྒྱ་ལྷག་ཙམ་དང་ནས་ཉོ་སྒྲུབ་ཀྱི་ཡུན་རིང་གན་རྒྱ་བཞག་པ་དང་ཁྲོམ་ར་ལས་མཐོ་བའི་རིན་གོང་སྤྲད་ནས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་ཀྱི་ཡོད། མཉམ་ལས་བྱེད་མཁན་བཟོ་གྲྭ་འཚོལ་རིང་ཞུས་ཧའེ་ཐའོ་ཡིས་ཞིང་ཆེན་10ལྷག་ཙམ་ལ་བསྐྱོད་པ་དང་སྦི་རག་བཟོ་གྲྭ་10ཙམ་ལ་སྤུས་རྟགས་སྦི་རག་འོས་སྦྱོར་དང་ངོ་སྤྲོད་བྱས་པ་རེད། ཞུས་ཧའེ་ཐའོ་ཡིས་མཉམ་ལས་བཟོ་གྲྭ་འཚོལ་རིང་སྦི་རག་གི་རྒྱུ་ཆ་ནས་ལ་ནང་སའི་ལས་རིགས་གཅིག་པའི་ཁྲོད་ཁས་ལེན་བྱེད་ཚད་ཀྱང་མཐོ་རུ་ཕྱིན་སོང་། ཕྱིར་ལོག་རྗེས་རང་ཉིད་ཀྱིས་ཁོམ་པ་བཙལ་ནས་ས་གནས་དེ་གའི་དུད་ཚང་དབུལ་པོའི་ས་ནས་ནས་ཉོས་ཏེ་ནས་ཀྱི་སྦི་རག་བཟོ་འདོད་པའི་བཟོ་གྲྭར་རྒྱུ་ཆ་མཁོ་འདོན་བྱས་པ་ཡིན། ང་ཚོའི་ནས་ད་ལྟ་ཕྱིར་གཏོང་བྱེད་བཞིན་ཡོད་ཅེས་བཤད།
          “ལས་གཏོད་ཀྱི་ལམ་དུ་ངས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱིས་དོན་སྙིང་ཆེན་པོ་ལྡན་པའི་བྱ་བ་ཞིག་སྒྲུབ་བཞིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། རང་ཉིད་ལ་གྲུབ་འབྲས་ཐོབ་རྒྱུའི་ཡིད་ཆེས་ཀྱང་ཡོད”རང་ཉིད་ཀྱི་ཕུགས་བསམ་ཕ་ཡུལ་དུ་གཞི་ཚུགས་པ་དང་ཕ་ཡུལ་གྱི་འཛུགས་སྐྲུན་བྱེད་རིང་མངོན་འགྱུར་བྱ་རྒྱུ་ནི་ངོ་གནོང་མི་དགོས་པའི་བྱ་བ་ཞིག་རེད”ཅེས་བཤད།