2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

སྤེལ་དུས 2019-12-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཚེས་6ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་བྱས་པ་དང་འབྲེལ་འདི་ལོ་ཚུན་གྱི་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་གནས་ཚུལ་གསན་པ་དང་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
            ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
            ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གྲོས་ཞིབ་གནང་བའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གཞུང་ཁོངས་ཁེ་ལས་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལས་ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཐིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས《སྲོལ་ཡིག》གཉིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཏུ་བརྩི་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ལ་བརྩིས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
            ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁ་ཚ་དགོས་གཏུགས་དང་ཡུན་རིང་གི་ལས་འགན་ཞིག་ལ་བརྩི་དགོས་པ་དང་། བོད་དུ་རང་བྱུང་གནོད་འཚེ་ཐོན་མང་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་སྤྱི་ཡོངས་ལ་བསམ་བློ་བཏང་ནས་བོད་ཀྱི་འཕྲལ་སྡོམ་དོ་དམ་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་། ཁ་ཚ་དགོས་གཏུགས་ཀྱི་སེམས་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
            ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་སྒྱུར་བཅོས་ཁག་དང་ལེན་དང་དོན་འཁྱོལ་ཡག་པོ་བྱས་ཏེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རང་ལྗོངས་ཀྱི་སྒྱུར་བཅོས་ཀྱི་ལས་དོན་གལ་ཆེན་གསེད་བཀྲོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གིས་རྒྱབ་སྐྱོར་བྱེད་དགོས་རིགས་ལ་སྙན་སེང་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་རྒྱབ་སྐྱོར་ཐོབ་པའི་བརྩོན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་གཏན་འཁེལ་བྱེད་པ་དང་རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བསྟན་གནང་བ་རེད།
            ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བསྒྲུབས་ནས་མ་དངུལ་དང་རྣམ་གྲངས་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་ལ་གཟིགས་སྐྱོང་བྱེད་དགོས་པ་དང་། མི་སེར་གྱིས་དོ་ཁུར་བྱེད་པའི་དོན་དག་ཐག་གཅོད་མང་ཙམ་བྱེད་པ། བྱ་བཟང་ཡག་པོ་སྒྲུབ་པ་དང་། བྱ་བ་དངོས་ལེགས་པར་སྒྲུབ་པ་བཅས་བྱས་ཏེ“བྱས་རྗེས་ཀྱི་འདུ་འགོད”དང“ངོ་སོའི་འདུ་འགོད”གཏན་འགོག་བྱེད་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། འདང་ངེས་སྤྱོད་པ་དང་། སྤྱོད་གོ་ཆོད་པ། སྤྱོད་ཤེད་ཆེ་བ་བཅས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། གང་ཐུབ་ཅི་ཐུབ་དང་། འཁོས་དཔག་ལས་སྒྲུབ། གྲོན་ཆུང་སྔོན་དུ་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ། དགོས་པའི་དུས་སུ་སྨིན་པའི་ལས་ཀ་མང་ཙམ་སྒྲུབ་པ་དང་གཡང་རྩེའི་སྟེང་ལ་ཡས་སྒྲོན་གྱི་བྱ་བ་ཉུང་ཙམ་སྒྲུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་ཡོད་དོ་ཅོག་མཁོ་ཆེ་སར་བཏང་ནས་ཕན་འབྲས་ཐོན་པ་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཟུར་བསྟན་ལེབ་མཐོང་ཡོང་བ་བྱེད་པ། ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། གནད་དོན་དག་ཐེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་བ་རེད།
            ཚོགས་འདུའི་ཐོག་འདི་ལོ་ཚུན་གྱི་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དུག་འགོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དུག་འགོག་ཤེས་བྱ་ཁྱབ་གདལ་དང་སློབ་གསོ་གཏིང་ཟབ་བཏང་ནས་དུག་འགོག་ལས་དོན་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྲིག་རྡུང་རྡེག་དང་འགོག་བཅོས་རོགས་སྐྱོར་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས་དུག་འགོག་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
            ཚོགས་འདུའི་ཐོག་ད་དུང་ཉེ་དུས་ཀྱི་ལས་དོན་ལ་བཀོད་སྒྲིག་གནང་བ་དང་། མཐའ་ཚད་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མ་བྱུང་སྔོན་འགོག་བྱ་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཆེན་པོ་མི་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་འཛིན་ནས་ལས་བྱེད་པར་ལྟ་བ་བཅས་ཀྱི་ཐོག་ནས་གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཁྲིད་སྟོན་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ་དད་ལྡན་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།