2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་དང་འཇོན་ཐང་ལ་རིགས་དབྱེ་རིམ་དབྱེའི་ཚད་ལེན་དཔྱད་བསྡུར་གྱི་ཚོད་ལྟའི་ལས་དོན་སྤེལ་བ།

སྤེལ་དུས 2019-12-20 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉེ་ཆར། འཕྲལ་སྡོམ་དོ་དམ་པུས་སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་དང་འཇོན་ཐང་ལ་རིགས་དབྱེ་རིམ་དབྱེའི་ཚད་ལེན་དཔྱད་བསྡུར་གྱི་ཚོད་ལྟའི་ལས་དོན་སྤེལ་ཞིང་། ཚད་ལེན་དཔྱད་བསྡུར་དེ་གྲོང་ཁྱེར་གྱི་འཚོལ་སྐྱོབ་དང་། མཁའ་དབྱིངས་ཐག་འཐེན་རོགས་སྐྱོབ། རི་ཁུལ་རོཌ་སྐྱོབ། འཕྲལ་སྡོམ་སྨན་བཅོས་རོགས་སྐྱོབ། ཆུ་ཐོག་འཚོལ་སྐྱོབ། ཆུ་འོག་རོགས་སྐྱོབ་བཅས་ཆེད་ལས་དྲུག་ལ་དབྱེ་བ་དང་། ཆེད་ལས་ཚང་མ་མཐོ་བ་ནས་དམའ་བའི་བར་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་རིམ་པ་གསུམ་དུ་དབྱེ་ཡོད་པ་རེད།
          ད་ཐེངས་ཚད་ལེན་དཔྱད་བསྡུར་བྱེད་རིང་ཧྲེན་ཀྲེན་གྲོང་ཁྱེར་སྤྱི་ཕན་རོགས་སྐྱོབ་དང་བླངས་པའི་མཉམ་འབྲེལ་ལྷན་ཚོགས་དང་ཀྲེ་ཅང་ཞིང་ཆེན་ཀུང་དབྱང་ཚོགས་པའི་སྤྱི་ཕན་རོགས་སྐྱོབ་ཡར་སྐུལ་ཚོགས་པ་ཚད་ལེན་རུ་ཁག་ཏུ་བྱས་ཏེ་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་20ལྷག་ཙམ་གདན་དྲངས་ནས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་པ་དང་། དཔྱད་གཞིར་ལྟ་ཞིབ་དང་། སྙན་སེང་ཉན་པ། ལས་ཡུལ་དུ་རྟོག་ཞིབ་བཅས་བྱས་པ་དང་འབྲེལ་རྒྱུན་མཐུད་མཚམས་མི་ཆད་པའི་ས་ཡོམ་གྱི་ལད་མོའི་རོགས་སྐྱོབ་བྱ་སྤྱོད་ནང་སྦྱོང་དང་ཟུང་འབྲེལ་བྱས་ཏེ་གནོད་འཚེའི་གནས་ཚུལ་བརྟག་ཞིབ་དང་། འཕྲལ་སྡོམ་དང་ལེན། བྱ་སྤྱོད་བཀོད་འདོམས། རུ་ཁག་སྐོང་བསྡུ། སྒྲིག་ཆས་སྐྱེལ་འདྲེན། རྟེན་གཞི་སྐྲུན་པ་དང་དོ་དམ། འཚོལ་བཤེར་དང་སྐྱོབ་པ། སྨན་བཅོས་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། རུ་ཁག་ཕྱིར་འཐེན་སོགས་ཐད་ནས་རུ་ཁག་གཉིས་ལ་ཕྱོགས་ཡོངས་ནས་ཚད་ལེན་དཔྱད་བསྡུར་བྱས་པ་རེད།
          ཚད་ལེན་དཔྱད་བསྡུར་བྱས་པ་བརྒྱུད། ཧྲེན་ཀྲེན་གྲོང་ཁྱེར་སྤྱི་ཕན་རོགས་སྐྱོབ་དང་བླངས་པའི་མཉམ་འབྲེལ་ལྷན་ཚོགས་དང་ཀྲེ་ཅང་ཞིང་ཆེན་ཀུང་དབྱང་ཚོགས་པའི་སྤྱི་ཕན་རོགས་སྐྱོབ་ཡར་སྐུལ་ཚོགས་པར་སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་དང་འཇོན་ཐང་གི་གྲོང་ཁྱེར་གྱི་འཚོལ་སྐྱོབ་འཇོན་ཐང་གི་རིམ་པ་2པ་དང་3པའི་ཚད་ལེན་དཔྱད་བསྡུར་ཐོབ་པ་རེད།
          སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་དང་འཇོན་ཐང་ལ་རིགས་དབྱེ་རིམ་དབྱེའི་ཚད་ལེན་དཔྱད་བསྡུར་གྱི་ཚོད་ལྟ་བྱེད་པ་ནི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་དང་འཇོན་ཐང་གི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་བྱས་རྗེས་ཀྱི་འཕྲལ་སྡོམ་དོ་དམ་པུས་སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་གཞན་ཞིག་རེད། སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་སྤྱོད་རྒྱུ་སྐུལ་སློང་བྱ་ཆེད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཡོངས་སུ་སྤྱི་ཚོགས་འཕྲལ་སྡོམ་སྟོབས་ཤུགས་དང་འཇོན་ཐང་ལ་རིགས་དབྱེ་རིམ་དབྱེའི་ཚད་ལེན་དཔྱད་བསྡུར་གྱི་ཚོད་ལྟའི་ལས་དོན་ཁྱབ་གདལ་གཏོང་ཆེད་འཚོལ་ཞིབ་བྱས་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།