2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལུས་རྩལ་འཕྲིན་ལམ་ཨའོ་མོན་དུ་སྟོན་འགོ་ཚུགས་པ།

སྤེལ་དུས 2019-12-20 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལུས་རྩལ་འཕྲིན་ལམ་ཟླ་12ཚེས་17ཉིན་ཨའོ་མོན་དུ་སྟོན་འགོ་ཚུགས་པ་དང་། འདི་ནི་ཨའོ་མོན་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་20འཁོར་མཚམས་སུ་ཨའོ་མོན་གྱི་སྤུན་ཟླར་སྤྲད་པའི་ལག་རྟགས་ཆེན་པོ་ཞིག་རེད།
          ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་གྱིས་སྟོན་འགོ་ཚུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལུས་རྩལ་འཕྲིན་ལམ་ཨའོ་མོན་དུ་སྟོན་འགོ་ཚུགས་པ་དེ་ཐོག་ནས་ཀྲུང་དབྱང་གིས་ཨའོ་མོན་གྱི་རྒྱ་ཆེའི་སྤུན་ཟླར་ཐུགས་ཁུར་དང་བྱམས་བརྩེ་གནང་ལུགས་མཚོན་ལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་2016ལོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ཨའོ་མོན་དུ་བསྟན་རྗེས་ཨའོ་མོན་སྤུན་ཟླའི་ཡུན་རིང་གི་རེ་འདུན་དང་རེ་འབོད་དང་ལེན་ཧུར་ཐག་བྱེད་པའི་བྱེད་ཐབས་གལ་ཆེན་གཞན་ཞིག་ཀྱང་ཡིན། དེས་ཨའོ་མོན་དང་ནང་སའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཨའོ་མོན་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལུས་རྩལ་འཕྲིན་ལམ་དེ་1995ལོར་སྟོན་འགོ་ཚུགས་པ་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་ལ་ཤུགས་རྐྱེན་ཅུང་ཆེ་ཙམ་ལྡན་པའི་ལུས་རྩལ་གྱི་ཆེད་ལས་འཕྲིན་ལམ་ཞིག་ཡིན་ལ་རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་ཆེ་ཁག་གི་མཉམ་ལས་རོགས་ཟླ་ཡང་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།