བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

བོད་རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་པ།

སྤེལ་དུས 2020-01-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་བ། རྩོམ་པ་པོ།
ཝུའུ་དབྱིང་ཅེ་ཕེབས་ནས་གསུང་བཤད་གནང་བ་དང་། ཀྲང་པའེ་རུའུ་ཡིས་གསུང་བཤད་གནང་བ། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཀྲོང་ཡན་བཅས་ཕེབས་པ། ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་བ།
       ཟླ་1ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ།
       ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།
       ཀྲུང་དབྱང་གི་སྐོར་གཟིགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
       ཝུའུ་དབྱིང་ཅེས་གསུངས་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་སུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་བ་དང་ཏང་ཡོངས་ཀྱི་གོང་ནས་འོག་བར་ཁག་གཉིས་ལ་དབྱེ་སྟེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་བཀོད་སྒྲིག་གནང་བ་ནི་དུས་ལ་བབས་པ་ཞིག་རེད། ན་ནིང་ཟླ་6པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་གི་མཛུབ་ཁྲིད་ཞིབ་ཚགས་དང་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གཟིགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་མཛུབ་ཁྲིད་ནུས་ལྡན་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱེད་པོའི་འགན་འཁྲི་ནན་ཏན་ངང་ལག་བསྟར་བྱས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་བྱ་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་བྱ་སྤྱོད་ངོ་མར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་རྐང་ལ་དམ་པོར་གཞིགས་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོར་དམིགས་པ། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ལག་ལེན་བསྟར་བ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་ངང་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་ལ་གཞིགས་པ། གྲ་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཚགས་ཚུད་བཅས་བྱས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོ་བའི་ངང་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་རེ་སྒུག་ཟབ་མོ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་སྔོན་ཚུད་ཀྱི་དམིགས་ཚད་ལ་སླེབས་པ་དང་གྲུབ་འབྲས་ཆེན་པོའང་ཐོབ་ཡོད། 
       ཝུའུ་དབྱིང་ཅེས་གསོན་ཉམས་དོད་པའི་དཔེ་མཚོན་འབོར་ཆེན་ཞིག་དྲངས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ནས་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཐོས་བསམ་མྱོང་རྟོགས་བྱས་པས་དངོས་འབྲེལ་ཡིད་ཆེས་དང་ལག་བསྟར་དང་བསམ་སྦྱོར་གཅིག་མཐུན་གྱི་འདུ་ཤེས་དང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། བསམ་བློ་ཆབ་སྲིད་དང་ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་གང་ལེགས་ཐེབས་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་རང་རྟོགས་སྔར་བས་བརྟན་དུ་སོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་ཕྱིན་ནས་སྤྲོ་སེམས་འཕེལ་ཏེ་འབད་འབུངས་ཡར་བརྩོན་གྱི་ངར་ཤུགས་དང་དཀའ་སེལ་ཡར་བརྩོན་བྱེད་པའི་བློ་སྟོབས་ཇེ་ཆེར་འཕེལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་སྔར་བས་བརྟན་དུ་སོང་ནས་འཕྲལ་མཁོ་དང་། སེམས་ཁྲལ། རེ་སྒུག་བཅས་ཆེ་ཤོས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ནུས་ལྡན་ཐུབ་པ། དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་ཆབ་སྲིད་རང་གཤིས་ཟབ་ཏུ་ཕྱིན་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྲུན་པའི་གཟུགས་བརྙན་གསར་པ་མངོན་པ། ཆེད་དོན་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།
       ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ་བཅས་ཀྱི་འགག་རྩའི་དུས་སུ་སླེབས་ཤིང་། ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་དབར་གྱི་འགལ་བ་འཕྲད་བཞིན་པ་དང་། མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ལ་འགན་ལེན་བྱེད་པའི་ལས་འགན་ལྕི་པོ་འཕྲད་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་དུ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བློ་ངོར་བཅངས་ཏེ་ད་རེས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་འཛུགས་ས་གསར་པར་བརྩིས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་དེ་བཞིན་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་གསར་བརྗེ་བྱེད་ཟབ་ཏུ་གཏོང་བ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།
       གཅིག་ནས་རྒྱུན་འཁྱོངས་ལྷོད་མེད་ངང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཐོག་མའི་བསམ་འདུན་ལ་ཞུན་བརྡར་བྱེད་དགོས་ཤིང་། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། རིག་པ་བསྒྲིམས་ནས་སྦྱོང་བ་དང་། བརྩེ་སེམས་ཆེན་པོས་ཤོད་པ། ནུས་ཤུགས་ཡོད་རྒུས་སྒྲུབ་པ་བཅས་བྱས་ཏེ་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། འགན་འཁྲི་འཁུར་ཐུབ་པ། འཇོན་ཐང་རྒྱས་ཐུབ་པ། རྩོལ་ཤུགས་འཕེལ་ཐུབ་པ། ཧུར་སེམས་འཕེལ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་ཤིང་། “སྲུང་སྐྱོང་གཉིས”དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་དབར་གྱི་ནང་གནས་ཀྱི་འབྲེལ་བར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་ཕྱོགས་དེ་ཁ་ཕྱོགས་སུ་འཛིན་པ་དང་། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་མིག་ལྟོས། “ཡོད་པ་བདུན”ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཐའ་མའི་གྲོས་ཀྱི་རྡོག་ཁ་དང་དབུ་འཛིན་སྲོག་ཤིང་དུ་འཛིན་པའི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། གསུམ་ནས་རྒྱུན་འཁྱོངས་ལྷོད་མེད་ངང་འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ་བྱས་ཏེ་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་མཐའ་གཅིག་ཏུ་འཁུར་དགོས་ཤིང་། འཐབ་རྩོད་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་གཙོ་གནད་ལས་དོན་གསུམ་ལ་དམིགས་ནས་འགན་འཁྲི་ཏན་ཏིག་འཁུར་བ་དང་རང་འགན་གཙང་སྒྲུབ་ནན་ཏན་བྱེད་དགོས་པ། བཞི་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་དམིགས་ཡུལ་ལག་ལེན་བསྟར་ཏེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། མི་སེར་གྱི་བསམ་པ་དང་བསྟུན་ནས་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་ཏེ། རིག་པ་སྒྲིམ་པ་དང་། བརྩེ་སེམས་འཆང་བ། ནུས་ཤུགས་ཡོད་རྒུས་མི་དམངས་ལ་ཞབས་འདེགས་ཞུས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས་པ། ལྔ་ནས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་ནང་ཁུལ་གྱི་ལམ་ལུགས་ལག་ལེན་བསྟར་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། ལམ་ལུགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ལམ་ལུགས་ལ་རང་རྟོགས་ངང་སྲུང་བརྩི་ཞུ་བ། ལམ་ལུགས་ལག་ལེན་ནན་པོ་བསྟར་བ། ལམ་ལུགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འདིང་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཐད་རང་རྟོགས་ངང་ལམ་ལུགས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་ནས་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་དང་ལམ་ལུགས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་དགོས་པ། དྲུག་ནས་རྒྱུན་འཁྱོངས་ལྷོད་མེད་ངང་རང་ངོས་གསར་བརྗེར་སྐུལ་འདེད་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་དགོས་ཤིང་། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་དང་བླ་ན་མེད་པའི་གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་ངར་ཤུགས་ཆེན་པོ་རྒྱུན་འཁྱོངས་ཀྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་རྣོན་པོ་ཡག་པོ་སྤྱད་དེ་རང་ངོས་གཞུང་དྲང་དང་། རང་ངོས་སྤྱོད་གཙང་། རང་ངོས་ཉམས་སད་ཐེག་ཐུབ་པ་བཅས་ཡོང་བ་བྱེད་དགོས།
       ཀྲང་པའེ་རུའུ་ཡིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སློབ་སྦྱོང་དང་ལག་ལེན་བསྟར་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་རང་རྟོགས་ངང་མཐོ་རུ་བཏང་སྟེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ། བློ་བརྟན་འགྱུར་མེད་ངང་ས་ཁུལ་འདི་ག་དང་ཁྱབ་ཁོངས་འདི་གའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ། ཏང་གི་རང་ངོས་གསར་བརྗེའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་གང་ལེགས་སྤྱད་དེ་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་འགལ་བའི་གནད་དོན་ལ་རྒྱུན་དུ་ཞིབ་ལྟ་དང་ཐག་གཅོད་བྱེད་དགོས་པ། དག་ཐེར་དོན་འཁྱོལ་ལ་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྐབས་གཏན་འཁེལ་བྱས་པའི་དག་ཐེར་ལས་འགན་དང་ལྷག་དོན་དུ་ཆེད་དོན་བཅོས་སྒྲིག་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
རྩོམ་སྒྲིག་པ།སྣང་རྡོར།