ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

སྒྲུང་པ་གྲགས་ཅན་བསམ་གྲུབ།

སྤེལ་དུས 2010-10-22 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། རྡེའུ་དཀར་ནག་གིས་བསྒྲིགས།

          རྩོམ་རིག་ལོ་རྒྱུས་སྨྲ་བ་པོའི་ལྟ་བ་ལྟར་ན།   བྱུང་བརྗོད་སྙན་ངག་ནི་དངོས་གནས་བྱས་ན་ཧ་ལམ་མིའི་རིགས་ཀྱི་འདུ་ཤེས་དམན་པའི་དུས་སྐབས་སུ་བྱུང་བར་ངོས་འཛིན་པ་སྟེ།   ལྷ་དང་མིའི་དབྱེ་བ་ཆེར་མེད་པའི་སྐབས་དཔའ་བོའི་མཛད་རྗེས་དང་རྒྱལ་ཕྲན་གྱི་དམག་འཐབ་གཙོ་པོར་བྱས་པ་ལས་གྲུབ་པ་དང་ཡུལ་སྐོར་སྙན་ངག་སྨྲ་བ་པོ་ནི་གནའ་བོའི་སྙན་ངག་གི་དཔལ་འབར་དེ་ཉིད་བརྒྱུད་སྤྲོད་བྱེད་པོ་ཞིག་ཏུ་གྱུར་ཡོད།   གནའ་བོའི་ཧིན་རྡུའི«ར་མ་ཎའི་རྟོགས་བརྗོད»དང་ཀེ་རི་སེའི«ཧོ་མའི་ལོ་རྒྱུས་སྙན་ངག»ད་ལྟའང་བོད་ཁུལ་དམངས་ཁྲོད་དུ་ཁྱབ་བཞིན་པའི«གེ་སར་སྒྲུང»བཅས་ད་བར་ཆུ་བོའི་རྒྱུན་བཞིན་ཆད་མེད་བརྒྱུད་སྤྲོད་བྱེད་བཞིན་ཡོད། ད་ལྟ་ཁོ་བོའི་མདུན་དུ་བཞུགས་པའི་སྒྲུང་བ་བསམ་གྲུབ་ལགས་ཀྱང་དེའི་གྲས་ཤིག་སྟེ།  ཁོང་གི་འགྲམ་དུ་བསྡད་ནས་གླིང་སྒྲུང་ལ་ཉན་ན་ད་གཟོད་ཁྱེད་རང་གིས་གཞི་ནས་ལོ་རྒྱུས་སྙན་ངག་སྨྲ་བ་པོ་ཞེས་པ་དེ་གང་འདྲ་ཞིག་ཡིན་མིན་ཤེས་ངེས་རེད།  མ་གཞི་ཁོང་དགུང་ལོ་བརྒྱད་ཅུ་སྒྲོལ་ཟིན་ནའང་ཁོང་གི་ལུས་ཐོག་ཏུ་ཧུར་སེམས་ཆེན་པོས་གླིང་སྒྲུང་ཤོད་འདོད་པའི་རྣམ་པ་ཞིག་མངོན་གྱི་ཡོད་ལ་ཁོང་གིས་སྒྲུང་ཤོད་པའི་སྐད་ཆ་ཚིག་གཅིག་ཤོད་པའི་གོ་སྐབས་ཀྱང་ཐོབ་ཀྱི་མེད།  བློ་གྲོས་ཟབ་ཅིང་བསྟན་བཤིག་ཚ་བའི་རྒས་པོ་དེས་རང་ཉིད་ཆུང་དུས་ཧ་ཅང་འཚུབ་པས་གྲོང་པ་ཁྱིམ་མཚེས་ལ་བསུན་པོ་བཟོ་གི་ཡོད་ནའང་གེ་སར་སྒྲུང་བབས་པ་ནས་བཟུང་ཁོ་རང་གཞུ་ལྷོད་དུ་སོང་བ་དང་སྦྲགས་གནས་སྐོར་ལ་བསྐྱོད་འགོ་ཚུགས་ཚུལ་གསུངས་བྱུང་།  གནས་སྐོར་གྱི་འཚོ་བའི་ཁྲོད་སྐྱིད་སྡུག་སྣ་ཚོགས་འཕྲད་མྱོང་བ་དང་།    ཁོང་ས་ཁུལ་གཅིག་རང་དུ་སྡོད་དུས་ཧ་ལམ་ཐུང་ཐུང་ཡིན་ནའང་ལྷོ་ཁ་རྒྱ་རིའི་གཟིམ་ཤག་ཏུ་བསྟུད་མར་ལོ་ལྔ་བསྡད་མྱོང་།  གང་ཡིན་ཞེ་ན།  ལྷ་རྒྱ་རིས་ངས་ཁྱེད་རང་གིས་བཤད་པའི་གླིང་སྒྲུང་ཡི་གེར་ཕབ་རྒྱུ་ཡིན་ཞེས་ཁས་བླངས་པ་དང་། ཁོང་རང་ཉིད་ཀྱང་སོ་སོས་བཤད་པའི་གླིང་སྒྲུང་ཡིག་ཐོག་ཏུ་ཕབ་པ་རྣམས་མཐོང་འདོད་ཀྱི་འདུན་པ་ཆེན་པོ་བཅངས་ནས། ཉིན་མཚན་ཀུན་ཏུ་ཐག་རིང་གི་དགའ་གྲོགས་སྒུག་པ་ལྟ་བུས་སྡུག་རུས་ཀྱིས་བདེ་སྐྱིད་ཀྱི་ཉིན་མ་དེ་རེ་སྒུག་བྱས་ནས་བསྡད་ཀྱང་བློ་ཕམ་པ་ཞིག་ལ་རེ་འདུན་དེ་མ་འགྲུབ་པར་ཁོ་རང་གིས་བཤད་པའི་གླིང་སྒྲུང་སྔར་བཞིན་རླུང་བུས་དེད་པའི་སྤྲིན་པ་བཞིན་བརྟེན་གཞི་མེད་པར་གྱུར་པ་རེད།  1959ལོར་བསམ་གྲུབ་ཁྱིམ་ཚང་མལ་གྲོ་གུང་དཀར་དུ་གཞིས་ཆགས།  1985ལོར་མལ་གྲོ་གུང་དཀར་རྫོང་དང་ལྷ་ས་གྲོང་ཁྱེར་གྱི་ཆབ་གྲོས་ཨུ་ཡོན་ལ་འདེམས་ཐོན་བྱུང་བ་དང་།   དེ་དུས་ཁོང་གི་ཕྲུ་གུ་ཚོའང་ཆེན་པོ་ཆགས་ནས་ཁ་ཤས་ཆངས་བརྒྱབ་ནས་ཕྲུ་གུའང་བྱུང་ཡོད། ཁྱིམ་ཚང་གི་ལས་ཀའང་དེ་ཙམ་བྱེད་དགོས་ཀྱི་མེད་སྟབས་གླིང་སྒྲུང་མྱུར་སྐྱོབ་ཀྱི་སྒྲ་ཕབ་ལས་ཀའི་ཐོག་ནུས་ཤུགས་འདོན་ཐུབ་པ་བྱུང་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཁོང་ལ་སྒྲ་ཕབ་འཕྲུལ་འཁོར་དང་སྒྲ་ཐག་སྤྲད་དེ་གླིང་སྒྲུང་ཕབ་རྒྱུའི་རེ་འདུན་བཏོན་པ་ལྟར་ཁོང་གིས་དང་ལེན་ཞུས་ཏེ་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་ཀྱིས་གླིང་སྒྲུང་སྒྲ་ཕབ་བྱས་པ་རེད།   སྒྲུང་པ་ཚོའི་ལུགས་སྲོལ་ལྟར་ན་གླིང་སྒྲུང་ཤོད་པའི་སྐབས་སྒོ་ཕྱུགས་སེམས་ཅན་གྱི་སྐད་སྒྲ་གོ་མི་རུང་སྟབས་ཁོང་རྟག་པར་སྒྲ་ཕབ་འཕྲུལ་འཁོར་དང་ཇ་དམ་འཁྱེར་ཏེ་གྲོང་ཚོའི་རྒྱབ་རིའི་སྒྲ་ཕུག་ནང་སྒྲ་ཕབ་བྱེད་པར་འགྲོ་གི་ཡོད་པ་རེད།   སྒྲུང་ཕབ་རྒྱུར་རྦད་དེ་དབྱིངས་བཞུགས་ནས་དུས་ཚོད་ཇི་སོང་ཧ་མ་གོ་བར་ས་རབ་སྟེ་སྒྲ་ཕབ་ཀྱི་ལས་ཀ་མཚགས་འཇོག་སྐབས་རྐང་པ་འཁྱགས་རེངས་ཐེབས་ཡོད་པ་གཞི་ནས་ཚོར་གྱི་ཡོད།  ཕྱོགས་གང་ཅིའི་ཐུགས་ཁུར་དང་མཐོང་ཆེན་འོག་ཁོང་རང་གིས་ཕབ་པའི«གེ་སར་སྒྲུང»དེབ16དཔེ་སྐྲུན་བྱས་ཟིན་པས་ཁོང་སྔོན་མ་ནང་བཞིན་གླིང་སྒྲུང་ཡིག་ཐོག་ཏུ་བབས་མཁན་མེད་པའི་སེམས་ཁྲལ་བྱེད་དགོས་དོན་མེད།   ང་ཚོ་ཁོང་གི་སར་མཚམས་འདྲིར་བཅར་སྐབས་ཁོང་རང་ལ་འབྱོར་མ་ཐག་པའི་དེབ་བཅུ་དྲུག་པ«ཀོང་དུད་ཨ་ཆུང་དམུ་ཊ»ལག་ཏུ་བཟུང་སྟེ་འབྲོག་ཁུལ་གྱི་བྱིས་པ་ཞིག་ལ་ཀུ་ཤུ་རྙེད་པ་ལྟ་བུའི་དགའ་བས་མྱོས་ནས་འདུག   དེབ་མཐུག་པ་དེ་ལྟ་སྐབས་ཁོང་གིས་དཀའ་སྡུག་གི་རྔུལ་ཆུ་ཇི་ཙམ་བཏོན་མིན་དངོས་སུ་ཤེལ་རྟོགས་བྱུང་།  གོ་ཐོས་ལ་སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱུལ་པོའི་སྒྲུང་དེབ40འདོན་རྒྱུའི་འཆར་གཞི་ཡོད་པ་ལས་ད་ལོ་དེབ་མདུན་མ20དངོས་སུ་བཏོན་ཚར་བ་བྱ་རྩིས་ཡོད་སྐད་འདུག   སྒྲུང་མཁན་བསམ་གྲུབ་ཀྱིས་སོ་སོས་ཕབ་པའི་གླིང་སྒྲུང་དེ་བས་མང་བ་ཞིག་ཡིག་ཐོག་ཏུ་ཕབ་པ་མཐོང་ཐུབ་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད།