ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

སྒྲུང་པ་གྲགས་ཅན་ཟླ་བ་གྲགས་པ།

སྤེལ་དུས 2010-10-25 ཡོང་ཁུངས། «ཀྲུང་གོའི་བོད་ཀྱི་དྲ་བ»ལས་བཤུས། རྩོམ་པ་པོ། རིན་ཆེན་འཚོས།

          དེ་ཡང་ཕོ་ལོ་ཉེར་ལྔ་ཡིན་པའི་ན་གཞོན་སྒྲུང་པ་ཟླ་བ་གྲགས་པ་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་མི་ཡིན།   ཁོ་རང་བྱིས་ལོ་བདུན་བརྒྱད་ཀྱི་སྟེང་ནས་བཟུང་དབྱར་དགུན་སྟོན་དཔྱིད་མེད་པར་རྟ་ནོར་ལུག་གསུམ་གྱི་རྗེས་དེད་ནས་ཉི་མ་ཕུད་པ་ལས།   རིན་ཆེན་རིག་གནས་སྦྱང་སའི་སློབ་གྲྭའི་སྒོ་མོ་རུ་ཐེངས་གཅིག་ཀྱང་འཛུལ་མ་མྱོང་ལ།   ཁྱིམ་རྒྱུད་དུའང་མི་རབས་ནས་མི་རབས་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་ཤེས་མཁན་གྱི་སྒྲུང་པ་གཅིག་ཀྱང་བྱུང་མ་མྱོང་།   ཁོ་རང་ཕོ་ལོ་བཅུ་བཞི་ལ་སོན་པའི་ལོ་དེའི་ཉིན་ཞིག་རི་མགོ་རུ་ཕྱུགས་འཚོ་སྐབས།   ཅི་ཡིན་འདི་ཡིན་མ་ཤེས་པར་བདེ་མོ་གཉིད་ཀྱི་འཇིག་རྟེན་དུ་ཤོར་སོང་།   སྐབས་དེར་སྒྲ་འཛིན་རྣ་བས་རྟ་ཕོ་མང་པོའི་འཚེར་རྒྱང་དང་ཁྲབ་རྨོག་དང་མདའ་མདུང་གྲི་གསུམ་གྱི་སིང་སྒྲ་ཐོས་པར་མ་ཟད།   འདྲེན་བྱེད་མིག་གིས་ཀྱང་སྤང་ལྗོངས་ཡངས་ཤིང་ཆེ་བ་ཞིག་གི་དཀྱིལ་དུ་ཁྲབ་རྨོག་འཁོར་གསུམ་བསྐོར་བའི་དམག་མི་སྟོང་ཕྲག་མང་པོ་ཞིག་གིས་མདའ་གྲི་མདུང་གསུམ་བཟུང་ནས་ཡར་རྒྱུག་བྱེད་བཞིན་ཡོད་པ་མཐོང་ཞིང་།དེ་དག་ལས་གྱོན་པ་དང་སྨ་ར་སོགས་དུང་ལྟར་དཀར་བའི་རྒན་པོ་ཞིག་ཁོ་བོའི་གམ་དུ་ཕེབས་ཡོང་ནས་འདི་སྐད་དུ།   ཨ་རོགས་བྱིས་པ་ཉོན་དང་བདག་ལ་ཐུན་མོང་མ་ཡིན་པའི་ཤེས་བྱའི་ནུས་པ་ཁྱད་པར་ཅན་གསུམ་ཡོད་དེ།   གཅིག་ནི་དགུང་སྔོན་ནམ་མཁའི་བྱ་དང་བྱེའུའི་སྐད་སྣ་ཚོགས་གོ་ཐུབ་ཅིང་།   གཉིས་ནི་དོག་མོ་ས་ཡི་རི་དྭགས་དང་འབའ་འབུའི་སྐད་ཅི་རིགས་གོ་ཐུབ་ལ། གསུམ་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཐོགས་པ་མེད་པར་བཤད་ཐུབ་པ་བཅས་ཀྱི་ནུས་པ་ཡོད་པ་དང་། དེ་དག་ལས་གཅིག་གི་གདམས་ངག་ལས་དང་བསོད་ནམས་ཅན་གྱི་སྐྱེས་བུ་ཞིག་ལ་གནང་ཆོག་པས་དེ་རིང་ཁྱོད་ལ་གནང་ཆོག་ཅེས་ཟེར་བར།   ཟླ་བ་གྲགས་པས་ཀྱང་བདག་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་ཤེས་པའི་གདམས་ངག་དེ་གནང་རོགས་ཞེས་བྱུང་པ་ན། རྒན་པོ་དེས་ནས་སྤར་མོ་གང་ཁོའི་ལུས་སྟེང་དུ་གཏོར་བཞིན་ལག་པས་ཕྱག་རྒྱ་ལན་འགའ་བྱས་པ་དང་མཉམ་དུ་གར་སོང་ཆ་མེད་དུ་མི་སྣང་བར་གྱུར།   ཟླ་བ་གྲགས་པ་གཉིད་ལས་སད་པ་ན།   ཁོ་ལ་ནད་ལྕི་མོ་ཞིག་ཕོག་འདུག་ལ། རྗེས་སུ་རིམ་བཞིན་སེམས་ཁམས་ཇེ་དྭགས་དང་ལུས་ཁམས་ཇེ་བདེར་སོང་བ་དང་བསྟུན་ནས།   སེམས་ལ་ཡང་ཕྱི་རོལ་རི་ལུང་དུ་འགྲོ་འདོད་པའི་སྣང་བ་ཞིག་ཉིན་རྒྱུན་དུ་ཤར་བས།  ཟླ་བ་གྲགས་པ་ནམ་ཡང་རི་མགོར་སོང་སྟེ་རྟ་ནོར་ལུག་གསུམ་འཚོས།   སྐབས་དེ་ནས་བཟུང་གླིང་གི་དཔའ་རྟུལ་ཡིན་ཟེར་བའི་འཇིམ་པའི་མི་ཆུང་མང་པོ་བཟོ་བར་དགའ་བ་དང་།  རིམ་བཞིན་མ་བསླབ་རང་ཤུགས་སུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་ཤེས་པ་ཞིག་ཏུ་གྱུར། 1995ལོར་ཁོ་རང་ཁྱིམ་མི་ཚོ་དང་མཉམ་དུ་སྟོད་ཉི་མ་ལྷ་སར་མཇལ་སྐོར་ལ་འགྲོ་བའི་ལམ་དུ།   དགའ་སྟོན་གྱི་ཚོགས་ཆེན་ཞིག་ཚོགས་ཡོད་པའི་སྟེང་དུ་རྒན་པོ་ཞིག་གིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་བཞིན་ཡོད་པ་དང་འཕྲད་པར།   ཟླ་བ་གྲགས་པས་ཀྱང་རང་དབང་མེད་པར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཚན་པ་ཐུང་ཐུང་ཞིག་ཁ་ནས་ཤོར།  སྐབས་དེར་གླིང་སྒྲུང་ལ་ཉན་མཁན་གྱི་མང་ཚོགས་ཧ་ཅང་མང་པོ་ཞིག་འཚང་ཁ་ཤིག་ཤིག་ངང་ཟླ་བ་གྲགས་པས་བཤད་པའི་གླིང་སྒྲུང་ལ་ཉན་པར་འོངས་པ་དང་།  ལ་ལས་སྒྲ་ཕབ་འཕྲུལ་འཁོར་གྱི་ཁ་ཕྱེས་ཏེ་ཁོས་བཤད་པའི་གླིང་སྒྲུང་སྒྲར་ཕབ་པས་ན།  རྗེས་སུ་ས་ཆ་དེ་རུ་ཁོས་བཤད་པའི་གླིང་སྒྲུང་ཚན་པ་ཐུང་ཐུང་དེ་ཁྱབ་གདལ་ཤིན་ཏུ་ཆེ་བར་གྱུར།   སྐབས་དེ་ནས་བཟུང་ཁོ་ཡང་སྒྲུང་པའི་ལམ་དུ་འགྲོ་མགོ་བརྩམས་པ་རེད།   ཟླ་བ་གྲགས་པས་བཤད་ཤེས་པའི་སྒྲུང་དཔེ་ནི།  «གནམ་ལྕགས་གོ་རྫོང» «ངང་རི་ཁྲབ་རྫོང» «ར་ཁྲ་དཔོན་གྱི་གཏེར་རྫོང»«མུ་སྟེགས་གཏེར་དཀར» «མུ་སྟེགས་གཏེར་ནག» «མུ་སྟེགས་གཏེར་དམར»ལ་སོགས་སྒྲུང་དཔེ129ལྷག་ཡོད།