ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

རྒྱལ་བ་ཡང་དགོན་པ་རྒྱལ་མཚན་དཔལ་གྱི་རྣམ་ཐར་མདོར་བསྡུས།

སྤེལ་དུས 2017-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མི་ཉག་མགོན་པོ།
           བཀའ་བརྒྱུད་པའི་མཁས་གྲུབ་ཆེན་པོ་རྒྱལ་བ་ཡང་དགོན་པ་ནི་རབ་བྱུང་བཞི་པའི་ཆུ་བྱ(༡༢༡༣)ལོར་གཙང་ལྷ་གདོང་དགོན་པར་འཁྲུངས།  དགུང་ལོ་བཅུ་གསུམ་གྱི་བར་ལྷ་གདོང་དུ་སློབ་གཉེར་ལ་འབད་དེ་བཞུགས།  དེ་ནས་རབ་ཏུ་བྱུང་སྟེ་ཡང་དགོན་གྱི་གྲྭ་པར་ཞུགས།  རྩ་བའི་བླ་མ་རྒོད་ཚང་པ་དང་།  ཀོ་བྲག་པ་སོགས་བསྟེན་ནས་ཟབ་ཆོས་མ་ལུས་བུམ་པ་གང་བྱོའི་ཚུལ་གྱིས་ཞུས་ནས།  རིག་གནས་སྤྱི་དང་།  ཁྱད་པར་མདོ་སྔགས་ཀུན་གྱི་བཅུད་འདུས་བཀའ་བརྒྱུད་པའི་ཕྱག་ཆེན་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ཚང་ལ་མ་ནོར་བ་ལག་བསྟར་མཛད་ཅིང་།  སྐུ་ཚེ་ཧྲིལ་པོར་མཚམས་བསྙེན་སྒྲུབ་ཁོ་ནས་དུས་འདའ་བར་མ་ཚད།  སྐབས་འགར་དཀྱིལ་དཀྲུང་མ་བཤིག་པར་ལོ་རེ་ཙམ་བཞུགས་པ་དང་འདག་སྦྱར་སྤྱིལ་པོར་ཡང་ཐེངས་མང་བཞུགས་པ་སོགས་དཀའ་སྤྱད་ཚད་མེད་མཛད།  སྐབས་དེར་དབུས་གཙང་དུ་སོག་པོ་དོར་རྟ་ནག་པོའི་དགྲ་དམག་གིས་རྭ་སྒྲེང་དང་རྒྱལ་གྱི་དགོན་སོགས་བཅོམ་ཞིང་།  བླ་མ་སོ་སྟོན་སོགས་སྐྱ་སེར་ལྔ་བརྒྱ་ལྷག་དུས་གཅིག་ལ་དམར་བསད་བཏང་།  ས་འབྲི་སོགས་ནང་པའི་གྲུབ་མཐའ་རྣམས་ཀྱིས་རང་ཉིད་མུ་མཐུད་གནས་ཐུབ་པའི་ཆེད་དུ་སོག་པོའི་དམག་ངན་རེ་ལ་སྐྱབས་བཅོལ་ནས་བོད་མི་རིགས་ནང་ཁུལ་དུ་འཁྲུག་རྩོད་རྒྱུན་མར་བསླངས།  རྟག་པར་བོད་ཀྱི་སྐྱ་སེར་ཚང་མ་སོག་པོའི་བཙན་འཛུལ་དམག་གིས་དྲག་ནོན་འོག་འཇིགས་སྐྲག་གིས་མནར།  དེ་འདྲའི་དུས་ངན་ཞིག་ལ་ཁེལ་སྟབས།  ཁོང་ས་སྟོང་རི་རྒོད་རྣམས་སུ་གནས་ངེས་མེད་དུ་བྲོས་ནས་ཉམས་ལེན་སྙིང་པོར་མཛད།  རི་ཁྲོད་པ་དང་རང་གི་སློབ་མ་རྣམས་ལ།  འཁོར་བའི་ཉེས་དམིགས་དང་།  ཞི་བའི་ཡོན་ཏན།  ཞི་བར་བགྲོད་པའི་ལམ་གྱི་རིམ་པ་སོགས་རྟག་པར་གོ་སླའི་ངག་གིས་ཡང་ཡང་གསུངས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད།  བཀའ་བརྒྱུད་གོང་མའི་གྲུབ་ཆེན་མི་ལ་རས་པ་ལྟར་ཚེ་གཅིག་སྒྲུབ་པ་ཉམས་ལེན་ཁོ་ནས་སྐུ་ཚེ་འདའ་བར་མཛད། 
 
           གསུང་མགུར་རྣམས་ཀྱང་མདོ་སྔགས་རྒྱུད་སྡེ་ཀུན་གྱི་བཅུད་མ་ལུས་པ་འདུས་ཤིང་།  ཉེར་ལམ་ཕྱག་རྒྱ་ཆེན་པོའི་ཟབ་གནད་ཐད་ཀར་མཚོན་པ།  འཚོ་བ་དངོས་དང་སྦྲེལ་ཏེ་རང་གི་མྱོང་བ་རྗེན་པར་བསྟན་ནས་གདུལ་བྱར་བསླབ་བྱ་མཛད་པ།  ཕལ་པས་གོ་སླ་བའི་ཚིག་ཁོ་ནས་བཤད་པ་སོགས་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཡོན་ཏན་ལྡན་པའི་གསུང་མགུར་ཆིག་བརྒྱ་བརྒྱ་ཅུ་གྱ་གཅིག་ཏུ་བསྡུས་པའི་པོད་ཅིག་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ནས་མཇལ་ཞིང་།  གསུང་མགུར་འདི་དག་གཅིག་སྡུད་མཛད་མཁན་ནི།  སྤྱན་སྔ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས་ཡིན་ནོ།  །